分享按钮

གྲོང་ཁྱེར་དམངས་སྲིད་ཅུས་ཀྱིས་བྱ་ཐབས་སྣ་མང་སྤྱད་དེ་དམངས་སྲིད་ལས་དོན་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ།

(པར་ངོས་དང་པོར་མཐུད)སྒྱུར་བཅོས་གསར་གཏོད་ལ་དམིགས་ཏེ་རང་འགན་གཙང་སྒྲུབ་ཀྱི་ནུས་པ་ཆེ་རུ་བཏང་བ།

པེ་ཅིང་དང་། ནན་ཅིང་། ཁྲེང་ཏུའུ། ཧྲེན་ཀྲེན་སོགས་ཀྱི་དམངས་སྲིད་སྡེ་ཚན་དང་སློབ་སྦྱོང་སྤེལ་རེས་བྱས་ཏེ། སྔོན་ཐོན་གྱི་ཉམས་མྱོང་དང་བྱེད་སྟངས་བསྡུ་ལེན་བྱས་ཡོད། རྒན་གསོའི་ལས་དོན་གཉེར་བའི་ཚོགས་འདུ་དང་གྲོང་ཁྱེར་ཡོངས་ཀྱི་རྒན་གསོའི་ལས་དོན་གྱི་ཆེད་དོན་མཉམ་འབྲེལ་གྲོས་ཚོགས་ཐེངས་དང་པོ་འཚོགས་ཤིང་། དྲ་སྦྲེལ་དང་རིག་ལྡན་རྒན་གསོ་ཟུང་དུ་འབྲེལ་བའི་རྣམ་པ་གསར་པ་འཚོལ་ཞིབ་བྱས་ནས་བཙུགས་ཏེ། ལྗོངས་ཡོངས་ཀྱི་རྒན་གསོའི་ཞབས་ཞུའི་སྤུས་ཚད་མཛུབ་ཁྲིད་ལྟེ་གནས་ཐོག་མ་དེ་བཏོད་ནས་སྔོན་ལ་སྡོད་ས་མེད་པའི་རྒན་རྒོན་1597ལ་རྩ་གཉིས་ཨང་རྟགས་བཟོ་བའི་ཞབས་འདེགས་ཞུས་ཡོད་པ་དང་།གྲོང་ཁྱེར་གྱི་སྤྱི་ཚོགས་ཕན་བདེའི་གཞུང་བཙུགས་དམངས་གཉེར་དང་སྨན་བཅོས་ཁང་ཟུང་དུ་འབྲེལ་བའི་ཚོད་ལྟའི་ལས་དོན་འཚོལ་ཞིབ་བྱས་ནས་བཙུགས་ཏེ། སྨན་བཅོས་དང་། གསོ་སྐྱོང། ཁམས་གསོ། འཚོ་སྐྱོང་བཅས་ཟུང་དུ་འབྲེལ་བའི་བདེ་ཐང་རྒན་གསོའི་ཞབས་ཞུའི་འདེགས་སྐྱོར་མ་ལག་བཙུགས་ཡོད། སྡེ་ཁུལ་གྱི་རྒན་གསོའི་ཉིན་མོའི་ལྟ་རྟོག་ལྟེ་གནས་འཛུགས་རྒྱུ་འཚོལ་ཞིབ་བྱེད་པ་དང་ལྷག་པར་དུ་ཁྲེང་ཀོན་ཆུས་དང་སྟོད་ལུང་བདེ་ཆེན་ཆུས་ཀྱིས་ཕྱོགས་གསུམ་པའི་གཉེར་སྐྱོང་བྱ་ཐབས་བརྒྱུད་ཁོངས་གཏོགས་ཀྱི་རྒན་རྒོན་ལ་འཚོ་བ་དང་བདེ་ཐང་སླར་གསོའི་ནད་གཡོག་སོགས་ཆེད་ལས་ཞབས་ཞུ་མཁོ་འདོན་བྱས་པར་མི་ཐེངས་ཁྲི་1.9ལ་ཕན་པ་ཐོབ་ཡོད།

ཁོར་ཡུག་བཅོས་སྒྲིག་ལ་དམིགས་ཏེ་དམངས་སྲིད་ཀྱི་དམངས་ཕན་ཞབས་ཞུའི་ནུས་པ་ཆེ་རུ་བཏང་བ།

ཐོན་སྐྱེད་བདེ་འཇགས་ཐད་ཀྱི་བཅོས་སྒྲིག་བྱ་སྤྱོད་ལ་དམིགས་ནས་བརྟན་ལྷིང་སྲུང་སྐྱོང་དང་ཐོན་སྐྱེད་བདེ་འཇགས་ཀྱི་ཆེད་དོན་ཚོགས་འདུ་ཐེངས་9འཚོགས་ཏེ། ལོ་ཧྲིལ་པོར་ཕན་བདེའི་སྒྲིག་གཞིའི་བདེ་འཇགས་དོ་དམ་ཐད་ལས་འཛོལ་མ་ཐོན་པར་བྱས་ཡོད། གྲོང་ཁྱེར་གྱི་སྒྲིག་བཀོད་བཅོས་སྒྲིག་གི་བྱ་སྤྱོད་ལ་དམིགས་ཏེ། སྲིད་འཛིན་ས་ཁོངས་ཀྱི་དབྱེ་མཚམས་དང་ས་མིང་གསབ་སྤྲོད་ཀྱི་བྱ་བ་བརྟན་པོའི་ངང་བསྒྲུབས་ཡོད་ཅིང་། གནད་དོན་ཡོད་པའི་ལམ་བྱང་ཁག་163གྲལ་བཤེར་དང་དག་ཐེར་ཡོ་བསྲང་བྱས་ཡོད་པ་དང་།“ཆེད་དམིགས་བཞིའི”བྱ་སྤྱོད་སྤེལ་ནས་བེད་མེད་སྤྱི་ཚོགས་རྩ་འཛུགས་12གཙང་བཤེར་དང་བཅོས་སྒྲིག་བྱས་ཡོད། གྲོང་ཁྱེར་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་དམིགས་ནས་གྲོང་ཁྱེར་གྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་དུ་སྒྱུར་བའི་ཚོད་ལྟའི་ལས་དོན་རང་སྐྱོང་ལྗོངས་རིམ་པའི་ཞིབ་བཤེར་རྩིས་ལེན་བདེ་བླག་བྱུང་ཡོད། ཁྲེང་ཀོན་ཆུས་དང་མཉམ་འབྲེལ་བྱས་ནས་ཁྲོམ་གཞུང་གི་ཡུལ་གྱར་སྤྲང་པོའི་བཞུགས་མོལ་ཚོགས་འདུ་འཚོགས་ཏེ། ལོ་ཧྲིལ་པོར་མི་575ལ་རོགས་སྐྱོབ་བྱས་པ་དང་འགྲོ་གྲོན་སྒོར་ཁྲི་59.9ལྷག་ཙམ་བཏང་ཡོད།

སྤྱོད་ཚུལ་འཛུགས་སྐྱོང་ལ་དམིགས་ཏེ་དཔུང་ཁག་གི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་བཏང་བ།

ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་སྣེ་ཁྲིད་དུ་བྱེད་པའི་ལས་ཀའི་ཆེད་དོན་ཚན་ཁག་8བཙུགས་པ་སྟེ། ལམ་ལུགས་འཛུགས་སྐྱོང་ལ་དམ་འཛིན་ནན་པོ་བྱས་ནས《ལྷ་ས་གྲོང་ཁྱེར་དམངས་སྲིད་ཅུས་ལས་ཁུངས་ཀྱི་སྤྱོད་ཚུལ་འཛུགས་སྐྱོང་གི་བྱ་སྤྱོད་ཚད་གཞི》བཟོས་ནས་དམངས་སྲིད་ལས་དོན་ལ་ཀུན་གྱིས་ཡིད་ཆེས་བྱེད་ཚད་དང་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ཡོད། ཆབ་སྲིད་ཀྱི་ཁྲིད་སྟོན་ལ་དམ་འཛིན་ནན་པོ་བྱས་ནས་དགེ་སྒྲུབ་བྱ་གཞག་དང་། ཕན་བདེའི་རྒྱན་ཤོག ཞལ་འདེབས་ཅ་དངོས་སོགས་ཅུས་ཏང་ཙུའུ་ཡི་འགོ་ཁྲིད་ལྟ་སྐུལ་དོ་དམ་ནང་བཅུག་པ་དང་། དཔེ་སྟོན་སྣེ་ཁྲིད་ལ་དམ་འཛིན་ནན་པོ་བྱས་ནས་ཅུས་ཀྲང་བཞུགས་སའི་ཁོའོ་དང་ཁང་གི་ལམ་སྲོལ་གསར་གཏོད་དང་ལག་བསྟར་བྱས་ཏེ། དུས་མཚམས་དབྱེ་ནས་ཁོའོ་དང་ཁང་ཁག་གི་འགན་འཁུར་བ་དམངས་སྲིད་ཐིང་དུ་ལས་དོན་སྙན་ཞུ་དང་འབྲེལ་མཐུད་ཀྱི་ལས་དོན་སྒྲུབ་པར་སྒྲིག་འཛུགས་བྱས་ཡོད། བྱེད་སྒོའི་གཞི་རྟེན་ལ་དམ་འཛིན་ནན་པོ་བྱས་ནས“ང་ཡི་ལས་སྒོ་ང་ཡིས་གླེང”ཞེས་པ་སོགས་རིམ་སྤེལ་བྱེད་སྒོ་སྤེལ་ཏེ“དམངས་སྲིད་ཀྱི་ལས་དོན་དང་། རྫོང་ཆུས་ཀྱི་ལག་བསྟར་བྱ་སྤྱོད”ཅེས་པའི་ཆེད་སྒྲིག་ལེ་ཚན་བཟོས་ཡོད། ལྟ་ཞིབ་དང་ཕན་འབྲས་འདྲི་རྩད་ལ་དམ་འཛིན་ནན་པོ་བྱས་ནས“ཟླ་རེའི་བཀོད་གཏོང་དང་དུས་ཚིགས་རེའི་ལྟ་སྐུལ”ལམ་སྲོལ་བརྒྱུད་སྤྱོད་ཚུལ་སྐུལ་སྤེལ་ཚོགས་འདུ་ཐེངས་8འཚོགས་ཤིང་།“གཞི་རིམ་དུ་སྐྱོད་པ་བཞིའི”འཚམས་འདྲི་ཐེངས་27བྱས་ཏེ་རིམ་ཁག་ཐབས་ཇུས་བཀོད་སྒྲིག་དམངས་སྲིད་ཁྱབ་ཁོངས་སུ་དོན་འཁྱོལ་ནུས་ལྡན་ཐུབ་པར་འགན་ལེན་ཏན་ཏིག་བྱས་ཡོད།

(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-02-23 6 6 拉萨日报藏文 c176307.html 1 གྲོང་ཁྱེར་དམངས་སྲིད་ཅུས་ཀྱིས་བྱ་ཐབས་སྣ་མང་སྤྱད་དེ་དམངས་སྲིད་ལས་དོན་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ། /enpproperty-->