分享按钮

དུས་ཆེན་རྗེས་ཀྱི་ལས་འགོ་ཚུགས་པའི་གཟའ་འཁོར་དང་པོ།

ལྷ་སའི་སྲིད་དོན་ཞབས་ཞུས་ལས་དོན་ཁག་ལེགས་པར་བསྒྲུབས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།དུས་ཆེན་རྗེས་ཀྱི་ལས་ཀ་ཚུགས་པའི་གཟའ་འཁོར་དང་པོ་དེའི་ནང་ལྷ་ས་རིམ་གསུམ་སྲིད་དོན་ཞབས་ཞུའི་ཚོམས་ཆེན་གྱི་ཚན་པ་90ཡི་ཞབས་ཞུའི་སྐར་ཁུང་172ཚང་མ་སྒོ་ཕྱེ་ཡོད་ཅིང་།ལས་གནས་ཁག་གི་ལས་དོན་མི་སྣས“དུས་ཆེན་གཏོང་བའི་རྣམ་པ”དེ“ལས་ཀའི་རྣམ་པར”བསྒྱུར་ཏེ་རྣམ་པ་གསར་རྐྱང་དང་ལས་ཀའི་སྤྲོ་སེམས་ཀྱིས་ཁེངས་ནས་ལོ་གསར་པའི་དམངས་ལ་ཞབས་འདེགས་ཞུ་བའི་ལས་དོན་ནང་ཞུགས་ཏེ་མང་ཚོགས་ལ་སྔར་བས་མྱུར་བའི་སྲིད་དོན་ཞབས་ཞུ་སྒྲུབ་བཞིན་ཡོད་པ་རེད།

སྲིད་དོན་ཞབས་ཞུའི་ཚོམས་ཆེན་དུ་ལོ་གསར་གྱི་རྣམ་པ་ཟབ་མོ་ལྡན་ཡོད་ཅིང་། ཚོམས་ཆེན་ནང་LEDཡི་བརྙན་ཤེལ་ཐོག་ནས་སྐར་ཁུང་ཁག་གིས་ལས་སྒོ་སྒྲུབ་པའི་ཆ་འཕྲིན་སྟོན་གྱི་ཡོད། རིགས་ཁག་གི་གསལ་བརྡའི་ཤོག་བྱང་དང་ལས་སྒྲུབ་ཕྱོཊ་སྟོན་གྲལ་འགྲིག་པོས་བཞག་ཡོད་པ་དང་། བློ་འདྲི་དང་འགྲོ་ལུགས་གཉེར་བར་ཡོང་མཁན་གྲོང་མི་མང་ཚོགས་རྒྱུན་ཆད་རྒྱུ་མེད། སྐར་ཁུང་ཁག་གི་ལས་དོན་མི་སྣས་སེམས་རྩ་འཁོལ་ཞིང་ངང་རྒྱུད་རིང་པོས་ལས་སྒོ་གཉེར་བར་ཡོང་མཁན་གྲོང་མི་མང་ཚོགས་ལ་སྣེ་ལེན་ཞུ་བཞིན་ཡོད། སྤྱི་གསོག་མ་དངུལ་སྐར་ཁུང་གི་ལས་དོན་མི་སྣ་རྣམ་རྒྱལ་སྒྲོལ་མས་ལོ་གསར་པའི་ནང་ལས་འགོ་ཚུགས་པ་ནས་བཟུང་སྤྱི་གསོག་མ་དངུལ་གྱིས་དྲ་ཐོག་ལས་སྒོའི་ལས་སྒྲུབ་ཚོམས་ཆེན་ལ་སྐུལ་འདེད་ཧུར་ཐག་བཏང་བས་མི་སྒེར་དང་ཁེ་ལས་ཚང་མས་དྲ་ཐོག་ནས་ལས་སྒོ་གཉེར་ཆོག་གི་ཡོད། ད་ཆ་ང་ཚོས་ཉིན་ལྟར་སྒྲུབ་པའི་ཡིག་ཆ་ཁག་600ལྷག་ཙམ་ཟིན་གྱི་ཡོད། ལོ་གསར་པའི་ནང་ང་ཚོས་སྔར་རྒྱུན་བཞིན་མང་ཚོཊ་ལ་ཞབས་འདེཊ་ཞུ་རྒྱུ་དམིཊ་ཡུལ་དུ་བྱས་ནས་ཁེ་ལས་དང་མང་ཚོགས་ལ་དེ་བས་ལེགས་པའི་ཞབས་འདེཊ་ཞུ་རྒྱུ་ཡིན་ཞེས་བཤད།

མང་ཚོགས་ལ་དུས་ཐོག་དང་ལས་ཕྱོད་ཆེ་བའི་ཞབས་ཞུ་མཁོ་འདོན་བྱ་རྒྱུར་འགན་ལེན་བྱ་ཆེད། ལྷ་ས་རིམ་གསུམ་སྲིད་དོན་ཞབས་ཞུའི་ཚོམས་ཆེན་གྱི་ཞབས་ཞུའི་སྐར་ཁུང་ཁག་གི་ལས་དོན་མི་སྣ་སྔ་སྣུར་དུ་ལས་གནས་སུ་བསྐྱོད་དེ་གཙང་སྦྲ་འཕྲོད་བསྟེན་དང་། སྒྲིག་ཆས་ཚོད་སྒྲིག རྒྱུ་ཆ་གྲ་སྒྲིག་སོགས་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་ཡོད། གཙང་སྦྲ་དོད་པའི་ཚོམས་ཆེན་གྱི་ཁོར་ཡུག་དང་། སྤྲོ་སེམས་འཁོལ་བའི་ཞབས་ཞུའི་རྣམ་འགྱུར། སྟབས་བདེ་ལ་ཕན་འབྲས་ཆེ་བའི་ལས་སྒྲུབ་ལས་ཕྱོད་བཅས་ལ་གྲོང་མི་མང་ཚོགས་ཀྱི་བསྔགས་བརྗོད་ཐོབ་ཡོད་པ་རེད། གྲོང་མི་ཐང་ཧུང་ཝུན་གྱིས་འདི་ལོ་ཐེངས་དང་པོར་རྒྱུ་དངོས་གཏའ་འཇོག་ལས་སྒོ་གཉེར་བར་ཡོང་བ་ཡིན་པས་ལས་དོན་མི་སྣའི་ལས་ཕྱོད་སྔར་བཞིན་མཐོན་པོ་འདུག སྐར་མ་བཅུའི་ནང་ལས་སྒོ་ཚང་མ་གཉེར་ཚར་སོང་ཞེས་བཤད།

ཁེ་ལས་དང་མང་ཚོགས་ཀྱིས་ལས་དོན་སྒྲུབ་པར་མང་ཤོས་ལའང་ཐེངས་གཅིག་ལས་འགྲོ་མི་དགོས་པར་སྐུལ་འདེད་ཧུར་ཐག་གཏོང་བ་དང་སྲིད་དོན་ཞབས་ཞུའི་མཐའ་མའི་འགག་གནད་སེལ་ཆེད། 2023ལོའི་ཟླ་9པར་ལྷ་ས་གྲོང་ཁྱེར་སྲིད་འཛིན་ཞིབ་མཆན་དང་དམངས་ཕན་ཞབས་ཞུ་ཅུས་ཀྱིས་ཀྲུང་གོ་སྦྲག་སྲིད་ལྷ་ས་གྲོང་ཁྱེར་ཡན་ལག་ཀུང་སི་དང་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཞག་ནས་སྲིད་དོན་ཞབས་ཞུའི་ཚོམས་ཆེན་ནང་གཅིག་འཐུས་རྣམ་པའི་སྦྲག་སྲིད་སྐར་ཁུང་བཙུགས་པ་དང་སྦྲགས།ལྷ་ས་གྲོང་ཁྱེར་གྱི་གཞི་གཅིག་ཅན་གྱི་སྲིད་དོན་ཞབས་ཞུའི་ལས་སྟེགས(ལྷ་སས་ཀུན་སྒྲུབ)ལ་བརྟེན་ནས་རྒྱལ་ཡོངས་སུ་རིན་མེད་ངང་སྦྲག་ཐོག་ནས་བསྐུར་ཏེ་མང་ཚོགས་ལ་སྲིད་དོན་མྱུར་སྐྱེལ་གྱི་ཞབས་ཞུ་ལོངས་སྤྱོད་ཐུབ་པར་བྱས་ཡོད། སྦྲག་སྲིད་སྐར་ཁུང་གི་ལས་དོན་མི་སྣ་ཚེ་ལྷས་སྲིད་དོན་ཞབས་ཞུའི་ཚོམས་ཆེན་གྱི་གཅིག་འཐུས་རྣམ་པའི་སྦྲག་སྲིད་སྐར་ཁུང་གི་རིན་མེད་སྦྲག་བསྐུར་ནང་སྨན་བཅོས་འགན་བཅོལ་དང་། སྤྱི་བདེའི་སྐར་ཁུང་། རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། ཁྲེང་ཀོན་ཆུས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སོགས་ཚུད་ཡོད་པས་རྒྱ་ཆེའི་མང་ཚོགས་ཀྱིས་གཉེར་བར་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བཤད།

དུས་ཆེན་རྗེས་ཀྱི་ལས་ཀ་ཚུགས་པའི་གཟའ་འཁོར་དང་པོའི་ནང་ལྷ་ས་རིམ་གསུམ་སྲིད་དོན་ཞབས་ཞུའི་ཚོམས་ཆེན་གྱིས་ཉིན་རེར་ཆ་སྙོམས་མང་ཚོགས་མི་ཐེངས་2000ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་། ཉིན་རེར་ཆ་སྙོམས་ཆོག་མཆན་སྤྲད་པའི་ཞབས་ཞུའི་དོན་ཚན་ཁག་800ལྷག་ཙམ་བདག་སྤྲོད་བྱས་ཤིང་། བདག་སྤྲོད་བྱས་པའི་དོན་ཚན་ཚང་མ་དུས་བཀག་ནང་ཐག་གཅོད་བྱས་ཡོད།གྲོང་ཁྱེར་སྲིད་འཛིན་ཞིབ་མཆན་དང་དམངས་ཕན་ཞབས་ཞུ་ཅུས་སྲིད་དོན་ཞབས་ཞུ་ལྟ་སྐུལ་ཁོའོ་ཡི་འགན་འཁུར་བ་དབྱང་ཞའོ་ཧུའེ་ཡིས་ལས་འགོ་ཚུགས་རྗེས།ང་ཚོས་དུས་ཐོག་ཏུ་ལྷ་ས་རིམ་གསུམ་སྲིད་དོན་ཞབས་ཞུའི་ཚོམས་ཆེན་གྱི་དུས་ཆེན་རྗེས་ཀྱི་སེམས་བསྡུའི་ཚོགས་འདུ་འཚོགས་པ་དང་སྐར་ཁུང་ཁག་གི་ལས་དོན་མི་སྣས་ཀྱང་ལས་ཀའི་སྤྲོ་སེམས་འཕེལ་བ་དང་ཕན་འབྲས་ཆེ་ལ་སྟབས་བདེ་བའི་ཞབས་ཞུའི་ཐོག་ནས་ལས་དོན་སྒྲུབ་མཁན་ཁེ་ལས་དང་མང་ཚོཊ་ལ་ཉམས་སྣང་དང་ཐོབ་སྣང་སྔར་བས་ཡག་པོ་ཡོང་བར་བྱས་ཏེ་ཚོམས་ཆེན་གྱི་ལས་དོན་ཁག་ལ་སྐུལ་འདེད་ཟམ་མི་ཆད་པར་བཏང་ཡོད་ཅེས་བཤད།

(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-02-23 དུས་ཆེན་རྗེས་ཀྱི་ལས་འགོ་ཚུགས་པའི་གཟའ་འཁོར་དང་པོ། 6 6 拉萨日报藏文 c176305.html 1 ལྷ་སའི་སྲིད་དོན་ཞབས་ཞུས་ལས་དོན་ཁག་ལེགས་པར་བསྒྲུབས་པ། /enpproperty-->