ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་2ཚེས་21ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱི་ཝང་ཆང་གིས་གྲོང་ཁྱེར་སྲིད་གཞུང་ཏང་ཙུའུ་ཡི་ཚོགས་འདུ་དང་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་སྐབས་ཉི་ཤུ་པའི་མཉམ་སྡེབ་སློབ་སྦྱོང་ཐེངས་བཅུ་གཅིག་པའི་ཐོག་དང་། ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་དངུལ་རྩའི་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཆེད་དོན་བགྲོ་གླེང་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་ལ་སློབ་སྦྱོང་བྱས་པ་དང་། 《སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་འགན་འཁྲིའི་ལམ་ལུགས་གཏན་འབེབས》དང《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་གྱི་དྲ་རྒྱའི་བྱ་སྤྱོད་གཏན་འབེབས》ལ་སློབ་སྦྱོང་བྱས་པ་རེད།
གྲོང་ཨུད་ཀྱི་རྒྱུན་ཨུ་དང་རྒྱུན་ལས་གྲོང་སྤྱི་གཞོན་པ་དགྲ་འདུལ་ཚོགས་འདུར་ཞུགས་པ་རེད།
ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་སྐབས་ཉི་ཤུ་པའི་མཉམ་སྡེབ་སློབ་སྦྱོང་ཐེངས་བཅུ་གཅིག་པའི་ཐོག་གནང་བའི་གསུང་བཤད་ཀྱིས་ང་ཚོས་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུཊ་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་རྒྱུར་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་གནང་ཡོད། སློབ་སྦྱོང་ཐད་གཏིང་ཟབ་ཡོང་བར་བྱས་ཏེ་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་ཀྱི་དུས་རབས་ཀྱི་ནང་དོན་དང་། དོན་སྙིང་གཙོ་བོ། ངོ་བོའི་ནང་དོན་བཅས་ལ་སྟངས་འཛིན་གཏིང་ཟབ་བྱེད་དགོས་པ་དང་། དོན་གཉེར་ཐད་བདེན་འཚོལ་བྱས་ཏེ། ལྷ་ས་འཕེལ་རྒྱས་ཀྱི་དོན་དངོས་དང་ཞིབ་བསྡུར་བྱས་ནས“ས་ཁོངས་ལྔའི”འཛུགས་སྐྲུན་གཏིང་ཟབ་ཏུ་གཏོང་བ། “ཐོན་ལས་སྦྲེལ་ཐག་ཆེན་པོ་དགུའི”སྦྲེལ་ཐག་གི་ལམ་སྲོལ་སོགས་ཀྱི་ལས་དོན་དོན་འཁྱོལ་བྱེད་དགོས་པ། ལས་ཀ་སྒྲུབ་པའི་ཐད་གསར་པ་དོན་གཉེར་བྱས་ཏེ་གསར་གཏོད་ཀྱི་བསམ་ཕྱོགས་དང་གསར་གཏོད་ཀྱི་བྱ་སྤྱོད་ཐོག་ནས་ལས་ཀར་སྐུལ་འདེད་བཏང་སྟེ་འགན་འཁྲི་འཁུར་ཕོད་པ་དང་། ནུས་པ་མངོན་གསལ་དོད་པ། མཐོང་རྒྱ་ཆེ་བ། སྤྱང་གྲུང་དོད་པ་བཅས་ཀྱི་ཤེས་ལྡན་པ་བདམས་ནས་མི་སྣ་བཀོལ་སྤྱོད་ཐད་གསར་གཏོད་ཐུབ་པར་བྱེད་དགོས་ཞེས་བསྟན་ཡོད།
ཚོཊ་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་དངུལ་རྩའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆེད་དོན་བགྲོ་གླེང་ཚོཊ་འདུའི་ཐོག་གནང་བའི་གསུང་བཤད་ལ་དམིགས་སའི་རང་བཞིན་དང་མཛུབ་ཁྲིད་རང་བཞིན་ཆེན་པོ་ལྡན་ཡོད། སྲོག་ཤིང་ལ་དམ་འཛིན་བྱས་ཏེ་གོ་རིམ་ལྡན་པའི་ངང་མ་རྩའི་ཁྲོམ་ར་བཙུཊ་ནས་དངུལ་རྩའི་ཚོང་དོན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་པ་དང་། གོམ་སྟབས་ལ་སྟངས་འཛིན་བྱས་ནས་དངུལ་རྩས་དངོས་ཚན་དཔལ་འབྱོར་ལ་ཞབས་འདེཊ་ཞུ་རྒྱུར་སྐུལ་འདེད་བཏང་སྟེ་ན་ནིང་གི་རྨང་གཞིའི་ཐོག་དམིགས་ས་ཡོད་པའི་སྒོ་ནས“སྐལ་བཟང་མེ་ཏོག་བྱ་སྤྱོད”དང་། སྲིང་གཞུང་དང་དངུལ་ཁང་།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社