རང་ལྗོངས་ཀྱི་ཁྱབ་ཁོངས་ནང་གི་ཆུ་བྱའི་ཁྱུ་ཚོགས་ཀྱི་དགུན་སྒྲོལ་གྱི་གྲངས་འབོར་དང་། ཁྱབ་ཚུལ། སྲུང་སྐྱོབ་བཅས་ཀྱི་ད་ཡོད་གནས་ཚུལ་སོགས་དུས་ཐོག་ཏུ་ཁོང་དུ་ཡང་དག་ཆུད་པ་དང་།རང་ལྗོངས་ཀྱི་བྱ་རིགས་སྲུང་སྐྱོབ་ཀྱི་ཕན་འབྲས་དང་ལྷག་པའི་གནད་དོན་ལ་ཚན་རིག་དང་མཐུན་པའི་སྒོ་ནས་ཚོད་སྐོར་བྱ་ཆེད། རང་སྐྱོང་ལྗོངས་ནགས་ལས་བརྟག་དཔྱད་འཆར་འགོད་ཞིབ་འཇུག་ཁང་གིས་སྣེ་ཁྲིད་དེ་ལྟ་ཞིབ་ཚད་ལེན་དཔུང་ཁག་བཙུགས་ནས་སྔོན་ལ་བརྟག་དཔྱད་བྱེད་པ་དང་སྦྲགས།ཆུ་བྱའི་དགུན་སྒྲོལ་ཐད་དུས་གཅིག་ཏུ་ལྟ་ཞིབ་ཚད་ལེན་བྱེད་པའི་ལས་དོན་སྤེལ་བ་རེད། ཐེངས་འདིར་དུས་གཅིག་ཏུ་ལྟ་ཞིབ་ཚད་ལེན་བྱེད་སྐབས་ལྗོངས་ཡོངས་སུ་ཆུ་བྱའི་དགུན་སྒྲོལ་གྱི་རྗེས་ཤུལ་ཁྱོན་ཁག་407ཐོར་བཀོད་པ་དང་།ཆུ་བྱའི་རིགས་45ལྟ་ཞིབ་ཚད་ལེན་ཐུབ་པ། སྐྱེ་དངོས་རིཊ་ཀྱི་ཐོ་འགོད་གྲངས་འབོར་2569ཟིན་ཡོད་པ་རེད། པར་འདི་ནི་ལྷུན་གྲུབ་རྫོང་མཁར་རྩེ་ཆུ་མཛོད་དུ་དགུན་སྒྲོལ་བྱེད་བཞིན་པའི་ཆུ་བྱའི་རྣམ་པ་ཡིན། (ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)