ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ལྷ་ས་གྲོང་ཁྱེར་གྱི་2024ལོའི་གཙོ་གནད་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུའི་དགོངས་དོན་ལག་བསྟར་དང་དོན་འཁྱོལ་བྱ་ཆེད།ཟླ་2ཚེས་21ཉིན་གྱི་ཕྱི་དྲོ། གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་ཧོ་ཕུང་འགན་འཁྲི་གཙང་ལེན་བྱས་པའི་སྟག་རྩེ་ཆུས་སུ་ཕེབས་ནས་ལས་དོན་ལ་བརྟག་ཞིབ་གནང་ཞིང་། ཡུལ་དངོས་སུ་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭའི་ཕྱུགས་བཀག་རྩྭ་གསོའི་ལས་དོན་དང་།གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་གནང་བ་དང་སྦྲགས། བཞུགས་མོལ་ཚོགས་འདུ་འཚོགས་ནས་སྟག་རྩེ་ཆུས་ཀྱི་ལས་དོན་སྤེལ་ཚུལ་ཐད་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།
ཧོ་ཕུང་གིས་སྟག་རྩེ་ཆུས་ཀྱི་ཕྱུགས་བཀག་རྩྭ་གསོའི་ལས་དོན་གྱི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་ཕྱུགས་བཀག་རྩྭ་གསོའི་དོ་དམ་ལ་དམ་འཛིན་ཤུགས་ཆེན་བྱས་ཏེ། སྔོ་འགྱུར་ནགས་བཟོའི་ས་ཚིགས་ཁག་ཏུ་ཕྱུགས་རིགས་མེད་པ་དང་ཤིང་སོན་ལ་གཏོར་སྐྱོན་མི་ཕོག་པའི་འགན་ལེན་བྱས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་ལ་མུ་མཐུད་སྐུལ་འདེད་བཏང་བས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་གསར་རྐྱང་དུ་གྱུར་བ་དང་།དུས་མཚུངས་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་བདེ་འཇགས་དང་བརྟན་ལྷིང་ཐད་འགན་ལེན་ཐུབ་ནས་ལས་དོན་ཁག་ལ་ཁས་ལེན་བྱེད་འོས་པ་ཞིག་ཡོད་ཅེས་གསུངས་པ་རེད།
བཞུགས་མོལ་སྤེལ་རེས་ཚོགས་འདུའི་ཐོག ཧོ་ཕུང་གིས་སྟག་རྩེ་ཆུས་ཀྱི་ལས་དོན་ཁག་སྤེལ་ཚུལ་དང་ཕྱིས་འབྱུང་གི་ལས་ཀའི་བསམ་ཕྱོགས་ཐད་མཁྱེན་རྟོགས་གཏིང་ཟབ་གནང་བ་རེད། ཁོང་གིས་2022ལོ་ནས་བཟུང་རྣམ་པ་གསར་པའི་སྟག་རྩེ་ཆུས་ཨུད་ཀྱིས་དཀའ་ངལ་སྣ་ཚོགས་ཁྱད་བསད་བྱས་ཏེ། ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་ལས་འགན་ཁག་ཡག་པོ་བསྒྲུབས་པ་དང་། ལྷག་པར་དུ་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་རྫོང(ཆུས)གྲུབ་འབྲས་ཐོབ་པའི་ངང་བཏོད་ཐུབ་པ་ནི་ལས་སླ་པོ་ཞིག་མིན་ཞེས་གསུངས་པ་རེད།
ཧོ་ཕུང་གིས་འཕེལ་རྒྱས་ཀྱི་བསམ་ཕྱོགས་གསལ་པོ་བཟོ་བ་དང་།འཕེལ་རྒྱས་ཀྱི་ཁ་ཕྱོཊ་གསལ་པོ་བཟོས་ནས་སྟག་རྩེའི་དོན་དངོས་དང་འཚམ་པ་དང་སྟག་རྩེའི་ཁྱད་ཆོས་མཚོན་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་ཧུར་ཐག་སྐྱོད་དགོས་པ་དང་། རྣམ་གྲངས་འཛུཊ་སྐྲུན་ལ་དམ་འཛིན་ཏན་ཏིག་བྱས་ནས་རྣམ་གྲངས་དང་རྣམ་གྲངས་ཆེ་གྲས་ཁག་གཅིག་ཚན་རིག་དང་མཐུན་པའི་སྒོ་ནས་འཆར་འགོད་དང་། ལག་བསྟར་ཡག་པོ་བྱེད་དགོས་པ། ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭ་དེ་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་ཕྱུགས་བཀག་རྩྭ་གསོའི་ལས་དོན་མུ་མཐུད་ཡག་པོ་སྒྲུབ་དགོས་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་གཏིང་ཟབ་སྤེལ་ནས“ཉམས་སྣང་བཞི་གཅིག་སྒྲིལ་གྱིས་ཕྱོགས་བདུན་ལ་དམ་འཛིན་བྱེད་པའི”བསམ་ཕྱོགས་གཞིར་བཟུང་། “བྱ་སྤྱོད་ཆེན་པོ་བརྒྱད”དོན་འཁྱོལ་ཡག་པོ་བྱས་ནས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་གྱི་རྨང་གཞི་བརྟན་དུ་གཏོང་དགོས་པ།སྟག་རྩེའི་ས་ཁོངས་ཀྱི་ལེགས་ཆ་གང་ལེགས་སྤྱད་དེ་གླིང་ཁའི་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་ནས་སྟག་རྩེའི་གླིང་ཁ་སྐད་གྲགས་ཆོད་པ་བྱེད་དགོས་པ།
(པར་ངོས་གཉིས་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社