分享按钮

གྲོང་ཁྱེར་དམངས་སྲིད་ཅུས་ཀྱིས་བྱ་ཐབས་སྣ་མང་སྤྱད་དེ་དམངས་སྲིད་ལས་དོན་སྤུས་ཚད་མཐོན་པོའི་སྒོ་ནས་ འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། 2023ལོ་ནས་བཟུང་། གྲོང་ཁྱེར་དམངས་སྲིད་ཅུས་ཀྱིས་མི་དམངས་ཀྱི་ཆེད་དུ་དམངས་སྲིད་ཀྱི་ལས་དོན་སྒྲུབ་པའི་ལས་ཀའི་འདུ་ཤེས་མཐའ་འཁྱོངས་བྱས་ནས་གཞི་རྩའི་དམངས་འཚོ་འགན་ལེན་གྱི་འགན་འཁྲི་ཏན་ཏིག་བསྒྲུབས་ཏེ། སྤྱི་ཚོཊ་ཀྱི་བྱ་གཞག་ཁག་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་དམངས་སྲིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད།

མཐའ་སྐྱོང་འགན་ལེན་ལ་དམིཊ་ཏེ་རོགས་སྐྱོབ་ཀྱི་ཁྱབ་ཁོངས་སྲ་བརྟན་དུ་བཏང་བ།

ཆེད་དོན་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ། རོགས་སྐྱོབ་ཁ་གསབ་སྲིད་ཇུས་དོན་འཁྱོལ་དང་ཞིབ་བཤེར་བྱས་ནས་འགན་ལེན་བྱ་ཡུལ་དང་མི་འཚམ་པའི་དུད་ཚང་289ཡི་མི་895གཙང་བཤེར་བྱས་ཤིང་། དཀའ་ངལ་ཡོད་པའི་བྱིས་པར་གཅེས་སྐྱོང་དང་སྲུང་སྐྱོང་བྱེད་པའི་རྣམ་གྲངས་ལག་བསྟར་བྱས་ནས་ཕན་པ་ཐོབ་པའི་བྱིས་པ་9000ལྷག་ཙམ་ལ་གཅེས་སེམས་དང་དྲོ་སྐྱིད་ཚོར་ཐུབ་པར་བྱས་ཡོད། “12349”སྤྱི་ཚོགས་རོགས་སྐྱོབ་ཞབས་ཞུའི་ཐད་སྦྲེལ་ཁ་པར་སྤྱད་དེ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་གསེབ་ཏུ་སྐོར་སྐྱོད་སྒྲོག་འགྲེལ་ཐེངས་10ལྷག་ཙམ་བྱས་པར་མང་ཚོགས་མི་ཐེངས་3000ལྷག་ཙམ་ལ་ཕན་པ་ཐོབ་ཡོད། གྲོང་ཁྱེར་ཡོངས་སུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་དུད་ཚང་7109དང་མི་11331དང་། དམིགས་བསལ་དཀའ་ངལ་ཡོད་པའི་མི་1245ཡོད་པ་དང་ལོ་ཧྲིལ་པོར་དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོབ་ཁ་གསབ་མ་དངུལ་སྒོར་ཁྲི་8633.29དོན་འཁྱོལ་བྱས་པས་དཀའ་ངལ་ཡོད་པའི་མང་ཚོགས་མི་ཐེངས་13652ལ་ཕན་པ་ཐོབ་ཡོད་པ་རེད།

(པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-02-23 6 6 拉萨日报藏文 c176302.html 1 གྲོང་ཁྱེར་དམངས་སྲིད་ཅུས་ཀྱིས་བྱ་ཐབས་སྣ་མང་སྤྱད་དེ་དམངས་སྲིད་ལས་དོན་སྤུས་ཚད་མཐོན་པོའི་སྒོ་ནས་ འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ། /enpproperty-->