分享按钮

གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱིས་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་འཚམས་འདྲིའི་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱིས་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་འཚམས་འདྲིའི་བྱེད་སྒོ་སྤེལ་བ་རེད།

ཉིན་དེའི་སྔ་དྲོར་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བ་ལྷ་ས་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་དང་། སྟོད་ལུང་བདེ་ཆེན་ཆུས། སྣེའུ་ཁུལ་གསར། བོད་ལྗོངས་གངས་རིའི་ནུས་རྒྱུ་འཕེལ་རྒྱས་ཚོགས་པ་ཚད་ཡོད་ཀུང་སིའི་ཁྲེང་ཀོན་ཡན་ལག་ཀུང་སི་བཅས་སུ་བསྐྱོད་ནས་འཐབ་ས་མདུན་མ་བརྟན་པོར་སྲུང་མཁན་ལས་བྱེད་པ་དང་ལས་བཟོ་བ།དེ་བཞིན་ཁོར་ཡུག་གཙང་སྦྲའི་ལས་མི་སོགས་ལ་དུས་ཆེན་གྱི་འཚམས་འདྲི་དང་སྨོན་འདུན་ཞུས་པ་རེད།

སྟོད་ལུང་བདེ་ཆེན་ཆུས་སྤྱི་ཁྱབ་བཟོ་ཚོགས་སུ་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བས་སྟོད་ལུང་བདེ་ཆེན་ཆུས་ཀྱི་ཁོར་ཡུག་གཙང་སྦྲའི་ལས་མི་15དང་བྱམས་བརྩེའི་ངང་གླེང་མོལ་བྱས་ཏེ།ཁོང་ཚོའི་ཐོན་སྐྱེད་འཚོ་བའི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་དང་འབྲེལ་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཞུས་པ་རེད། ལྷ་ས་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བ་སྨྱན་སྦྱོར་གསར་པའི་ལྟེ་གནས་དང་འཁོར་ཁང་དུ་བསྐྱོད་ནས་ལས་གནས་བརྟན་སྲུང་བྱེད་མཁན་གྱི་གསར་འགྱུར་ལས་དོན་མི་སྣ་དང་བྱམས་བརྩེའི་ངང་གླེང་མོལ་བྱས་ནས་ཚང་མས་སྔ་བར་ཕྱི་གསུམ་དུ་བཟོ་ཚོགས་ཀྱི་ལས་དོན་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་པ་རེད། ཚང་མས་དཀའ་ངལ་ཁྱད་བསད་ཀྱིས་བསམ་བློ་ཡོད་པ་དང་། བརྩེ་སེམས་ཡོད་པ། སྤུས་ཚད་ཡོད་པ་བཅས་ཀྱི་གསར་འགྱུར་བརྩམས་ཆོས་ཁག་གཅིག་གསར་རྩོམ་བྱས་པར་ཁས་ལེན་གང་ལེགས་བྱས་ཡོད།

གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཏང་ཙུའི་ཁོངས་མི་དང་རིམ་པ་དང་པོའི་བརྟག་ཞིབ་པ་ཉི་མ་ཕན་ཐོགས་ཀྱིས་ང་ཚོས་མེ་འཁོར་འབབ་ཚུགས་ཀྱི་ས་ཚིགས་ཁག་དང་དེ་བཞིན་ལས་གནས་བརྟན་སྲུང་བྱེད་མཁན་གྱི་ལས་བྱེད་པ་དང་ལས་བཟོ་བར་འཚམས་འདྲི་བྱས་པ་དང་སྦྲགས་ཁོང་ཚོར་ཏང་དང་སྲིད་གཞུང་གི་ཐུགས་ཁུར་ཚོར་ཐུབ་པར་བྱས་ཡོད། ང་ཚོས་སྔར་རྒྱུན་བཞིན་མི་ཚོགས་དེ་དག་ལ་སེམས་ཁུར་དང་དོ་ཁུར་བྱས་ནས་རང་འཁྲིའི་ལས་ཀ་མུ་མཐུད་ཡག་པོ་བསྒྲུབ་རྒྱུ་ཡིན་ཞེས་བཤད།

(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-02-18 6 6 拉萨日报藏文 c175950.html 1 གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་ཀྱིས་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་འཚམས་འདྲིའི་བྱེད་སྒོ་སྤེལ་བ། /enpproperty-->