ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ད་ཆ་འཛད་སྤྱོད་པའི་ཉོ་སྒྲུབ་གོམས་གཤིས་ལ་འགྱུར་ལྡོག་འགྲོ་བཞིན་ཡོད་པས་མི་མང་པོ་ཞིག་གིས་དྲ་ཐོག་ནས་ཅ་དངོས་ཉོ་རྒྱུར་དགའ་པོ་བྱེད་ཀྱི་ཡོད། དེ་ནི་སྟབས་བདེ་ལ་མགྱོགས་པོ་ཡོད་པ་མ་ཟད། ད་དུང་གཟིགས་སྐྱོང་དང་ཁྱད་ལྡན་ཞབས་ཞུ་དེ་བས་མང་བ་ལོངས་སྤྱོད་ཐུབ་ཀྱི་ཡོད། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་སྐབས་ལྷ་སའི་ཁྲོམ་གཞུང་གང་སར་ལོ་གསར་གྱི་རྣམ་པ་ཟབ་མོ་ཡོད་པ་དང་དུས་ཆེན་གྱི་རྣམ་པ་ཡང་གྲོང་མིར་འབྱོར་བའི་མྱུར་སྐྱེལ་ཐུམ་སྒྲིལ་ཆེ་ཆུང་སྣ་ཚོགས་ལས་མངོན་གྱི་ཡོད།
ཉིན་ཤས་གོང་གསར་འགོད་པ་ཅིང་ཏུང་ཟོག་འགྲེམས་ལྷ་སའི་རིག་ནུས་མཛོད་དུ་འབྱོར་སྐབས།ལས་དོན་མི་སྣས་མི་ཐབས་དང་རིག་ནུས་དབྱེ་འབྱེད་ཁུལ་དུ་ཐུམ་སྒྲིལ་ཆེ་ཆུང་སྣ་ཚོགས་དབྱེ་འབྱེད་ལེགས་པར་བྱས་ཏེ་སྐྱེལ་འདྲེན་གྱི་ལས་ལ་བྲེལ་བཞིན་ཡོད།ཅིང་ཏུང་ཟོག་འགྲེམས་ལྷ་སའི་རིག་ནུས་དབྱེ་འབྱེད་ལྟེ་གནས་ཀྱི་ལས་དོན་མི་སྣ་ཀྲའོ་ཐེན་པོ་ཡིས་ལོ་གསར་གྱི་མཁོ་ཆས་ཉོ་བའི་རིང་ང་ཚོའི་མངགས་ཐོ་མང་དུ་ཕྱིན་པ་དང་། དངོས་ཟོག་དབྱེ་འབྱེད་བྱེད་ཚད་ཀྱང་མང་དུ་ཕྱིན་ཡོད།དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་།ང་ཚོས་དབྱེ་འབྱེད་ལས་དོན་རྒྱུན་གཏན་བཞིན་སྤེལ་ནས་གྲོང་མིའི་ཉོ་སྒྲུབ་ཀྱི་དགོས་མཁོར་བསྐངས་ཡོད་ཅེས་བཤད།
མིག་སྔར་ཅིང་ཏུང་ཟོག་འགྲེམས་ལྷ་སའི་རིག་ནུས་མཛོད་ནང་རིགས་ཁག་གི་ཚོང་ཟོག་ཁྱོན་ཁྲི་30གསོག་འཇོག་བྱས་ཡོད་ཅིང་། གཙོ་བོ་འབྲས་དང་།གྲོ་ཞིབ།སྣུམ། སྟབས་བདེའི་ཟས་རིགས། འོ་མ། རྒྱུན་སྤྱོད་མཁོ་ཆས་སོགས་ཡིན་པ་དང་སྡེབ་སྐྱེལ་མྱུར་ཚད་མགྱོགས་སུ་བཏང་ཡོད། ཚོང་ཟོག་བརྒྱ་ཆ་80ཙམ་ས་གནས་འདི་གའི་མཛོད་ཁང་ནས་མཁོ་འདོན་ཐུབ་ཀྱི་ཡོད། གཞན་ཡང་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་ཅིང་ཏུང་ཟོག་འགྲེམས་ལྷ་སའི་རིག་ནུས་མཛོད་ཀྱི་ལས་མིས་ལས་གནས་བརྟན་སྲུང་བྱས་ནས་དུས་ཆེན་རིང་འཛད་སྤྱོད་པའི་དངོས་ཟོག་ཉོ་སྒྲུབ་ལ་འགན་ལེན་བྱ་རྒྱུ་རེད། ཅིང་ཏུང་ཟོག་འགྲེམས་ལྷ་སའི་རིག་ནུས་མཛོད་ཀྱི་ལས་མི་བསྟན་འཛིན་ནོར་འཕེལ་གྱིས་ངའི་ཕ་ཡུལ་སྟོད་ལུང་བདེ་ཆེན་ཆུས་ནས་ཡིན། (པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社