分享按钮

ཝང་ཆང་གིས་རྒྱལ་ཁབ་ཀྱི་བཟའ་བཅའི་བདེ་འཇགས་དཔེ་སྟོན་གྲོང་ཁྱེར་ འཛུགས་གཏོད་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་གནང་བ།

(པར་ངོས་དང་པོར་མཐུད)ཁྲེང་ཀོན་དབན་ཏ་ཡུང་ཧུའེ་སྒོ་རྩིས་ཚོང་ཁང་།རང་སྐྱོང་ལྗོངས་མི་དམངས་སྨན་ཁང་བཅས་སུ་ཕེབས་ཏེ་འགན་འཁུར་བ་དང་སྤེལ་རེས་དང་རྩིས་ཁྲ་ལྟ་ཀློག་སོགས་ཀྱི་རྣམ་པའི་ཐོག་ནས་ཆ་འཕྲིན་ཡོངས་བསྒྲཊ་དང་།ཚད་ལྡན་དོ་དམ།གནད་དོན་བཅོས་སྒྲིག་སོགས་གྲོང་ཁྱེར་འཛུགས་གཏོད་ཀྱི་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་འབྲེལ་ཡུལ་དངོས་སུ་ཤེས་རྟོགས་བྱུང་བའི་གནད་དོན་ཐད་བསམ་འཆར་དང་གྲོས་འགོ་བཏོན་གནང་བ་རེད།

ཝང་ཆང་གིས་རྒྱལ་ཁབ་ཀྱི་བཟའ་བཅའི་བདེ་འཇགས་དཔེ་སྟོན་གྲོང་ཁྱེར་གཏོད་རྒྱུ་ནི་བཟའ་བཅའི་བདེ་འཇགས་འཐབ་ཇུས་ཀྱི་ནང་དོན་གལ་ཆེན་ཞིག་དང་།ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་ལ་མང་ཚོགས་ཀྱི་བདེ་སྐྱིད་དང་འབྲེལ་བ་ཡོད་པའི་དམངས་འཚོའི་འདུ་འགོད་ཅིག་དང་།དམངས་སེམས་ཀྱི་འདུ་འགོད་ཅིག་ཀྱང་ཡིན་པས།བཟའ་བཅའི་བདེ་འཇགས་ལྟ་སྐུལ་དོ་དམ་གྱི་རྨང་གཞི་བརྟན་དུ་གཏོང་བ་དང་།བཟའ་བཅའི་ཐོན་ལས་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་པོ་གཏོད་པ།གྲོང་ཁྱེར་གྱི་གཟུགས་བརྙན་ལེགས་སུ་གཏོང་བ།གྲོང་ཁྱེར་གྱི་སྤུས་རྟགས་གཏོད་པ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོདཔས།འབྲེལ་ཡོད་སྡེ་ཚན་དང་།ཚན་པ་ཁག རྫོང(ཆུས)ཁག་བཅས་ཀྱིས་བསམ་བློའི་ངོས་འཛིན་སྔར་བས་མཐོ་རུ་བཏང་སྟེ་བཟའ་བཅའི་བདེ་འཇགས་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པའི་འགན་འཁྲིའི་བསམ་པ་དང་དགོས་གཏུག་གི་བསམ་པ་ཆེ་རུ་བཏང་ནས་བཟའ་བཅའི་བདེ་འཇགས་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

ཝང་ཆང་གིས་རྒྱུན་གཏན་གྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་།བརྒྱུད་རིམ་ལ་དོ་དམ་དང་ཚོད་འཛིན་ནན་པོ་བྱེད་པ།མི་མངོན་པའི་རྐྱེན་ངན་ཁྱོན་ཡོངས་ནས་གྲལ་བཤེར་བྱེད་པ།བཟའ་བཅའི་བདེ་འཇགས་ཁུངས་འདེད་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་བཟའ་བཅའ་ཐོན་སྐྱེད་དང་།སྐྱེལ་འདྲེན།གསོག་འཇོག བྲིན་འཚོང་སོགས་བརྒྱུད་རིམ་ཚང་མ་དང་བརྒྱུད་རིམ་ཧྲིལ་པོའི་བདེ་འཇགས་ལ་འགན་ལེན་བྱེད་དགོས་པ་དང་།རྒྱལ་ཁབ་ཀྱི་བཟའ་བཅའི་བདེ་འཇགས་དཔེ་སྟོན་གྲོང་ཁྱེར་གཏོད་རྒྱུ་དམིགས་ཚད་དུ་བྱས་ནས་ནན་ཤོས་བཞིའི་བླང་བྱ་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ།བཟའ་བཅའི་བདེ་འཇགས་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ་དང་།བློ་ཐག་ཆོད་ཤོས་ཀྱི་ཐོག་ནས་ཏང་སྲིད་ཀྱི་འགན་འཁྲི་མཉམ་འཁུར་བྱེད་པ།བྱ་སྤྱོད་ནུས་ལྡན་གྱི་ཐོག་ནས་སྤྱི་ཚོགས་ཀྱི་ཐུན་མོང་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ།མང་ཚོགས་ཀྱི་འདོད་བློ་ཁེངས་ཚད་རྒྱུན་མཐུད་ངང་མཐོ་རུ་གཏོང་བ།ཁྱོན་ཡོངས་དང་ཁྱབ་ཁོངས་ཡོངས་ཀྱི་བཟའ་བཅའི་བདེ་འཇགས་ལྟ་སྐུལ་དོ་དམ་མངོན་འགྱུར་ཡོང་བ་བཅས་བྱེད་དགོས་ལ་མི་དམངས་མང་ཚོགས་ལ་ཐོབ་སྣང་དེ་བས་ཆེ་བ་སྐྲུན་པ་དང་།སྐྱིད་སྣང་རྒྱུན་ཆད་མེད་པར་དེ་བས་ཆེ་རུ་གཏོང་བ།བདེ་སྣང་ལ་དེ་བས་འགན་ལེན་ཐོབ་པ་བཅས་བྱེད་དགོས།ཡིད་ཆེས་བརྟན་པོ་དང་རྣམ་པ་ཡར་འཕེལ་གྱིས་གྲོང་ཁྱེར་འཛུགས་གཏོད་ལས་དོན་དེ་གནས་བབ་གལ་ཆེན་ཐོག་བཞག་ནས་དམ་འཛིན་དང་།གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས།གསར་གཏོད་ཀྱི་བླང་བྱ་ཁོང་དུ་ཆུད་པ།རྒྱལ་ཁབ་ཀྱི་བཟའ་བཅའི་བདེ་འཇགས་དཔེ་སྟོན་གྲོང་ཁྱེར་གཏོད་པའི་ཚད་གཞི་གསར་ཤོས་ལ་སློབ་སྦྱོང་མཐར་ཕྱིན་པ་བཅས་བྱས་ཏེ་གཏན་འཁེལ་བྱས་པའི་ལས་འགན་དང་དུས་བཀག་ལྟར་ཚན་རིག་དང་མཐུན་པའི་ངང་ལས་འགན་ཁག་བགོས་ཡག་པོ་བྱེད་པ་དང་།འགན་འཁྲིའི་ཚན་པ་དང་འགན་འཁུར་བ་ཁ་གསལ་བཟོ་བ།ཞིབ་བཤེར་རྩིས་ལེན་ལ་གྲ་སྒྲིག་ཏན་ཏིག་དང་ཞིབ་ཚགས་བཅས་བྱས་ནས་འཛུགས་གཏོད་ལས་དོན་བདེ་བླག་ཡོང་བའི་འགན་ལེན་བྱེད་དགོས་ཞེས་བླང་བྱ་བཏོན་པ་རེད།

གྲོང་སྤྱི་གཞོན་པ་ཀྲའོ་ཧྲི་ཏུང་བརྟག་ཞིབ་གནང་བར་ལྷན་དུ་ཕེབས་ཡོད།

(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-02-18 6 6 拉萨日报藏文 c175947.html 1 ཝང་ཆང་གིས་རྒྱལ་ཁབ་ཀྱི་བཟའ་བཅའི་བདེ་འཇགས་དཔེ་སྟོན་གྲོང་ཁྱེར་ འཛུགས་གཏོད་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་གནང་བ། /enpproperty-->