分享按钮

སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་སྡེ་ཁུལ་དུ་མི་རིགས་དབར་མཐུན་སྒྲིལ་ཟབ་པ་དང་ཀུན་སེམས་གཅིག་ཏུ་ སྒྲིལ་བའི་རྣམ་པ་བཟང་པོ་མངོན་པ།

ཉེ་བའི་ལོ་ཤས་རིང་། སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་ཁྲོམ་གཞུང་གདོང་དཀར་སྡེ་ཁུལ་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་རྐང་དུ་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་ལས་དོན་དེ་ཏང་འཛུགས་སྐྱོང་གི་ལས་དོན་དང་། གཞི་རིམ་གྱི་སྤྱི་ཚོགས་དོ་དམ་ལས་དོན། མངའ་ཁུལ་གྱི་བསམ་པའི་དཔལ་ཡོན་གཏོད་པའི་ལས་དོན་བཅས་ཀྱི་ནང་དུ་བཅུག་སྟེ། མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་རྟག་བཞད་རྣམ་པ་མངོན་པར་བྱས་པ་དང་། མི་རིགས་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་བར་མ་ཟད། རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཚོ(སྡེ་ཁུལ)ཁག་དང་པོའི་མཚན་སྙན་ཡང་ཐོབ་པ་རེད།

སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་སྡེ་ཁུལ་ནི་2020ལོར་དངོས་སུ་སྒོ་བྱང་བཀལ་ནས་བཙུགས་པ་དང་། ལྷ་གོང་གཞུང་ལམ་གྱི་ལམ་རྒྱུད་དུ་ཆགས་ཤིང་། གྲོང་ཁུལ་དང་བར་ཐག་ལེ་དབར་9ལས་མེད། སྡེ་ཁུལ་དེར་ད་ཆ་དུད་ཚང་619དང་མི་གྲངས་1771ཡོད་པ་དང་། རྒྱ་རིགས་དང་། བོད་རིགས། ཧུའེ་རིགས། དབྱི་རིགས། མོན་པ་རིགས། ལྷོ་པ་རིགས། སོག་རིགས་སོགས་མི་རིགས་14ཙམ་ཚུད་པའི་ཕྱོགས་མིའི་ཁ་གྲངས་ནི་ཁྲི་3.5ལྷག་ཙམ་ཟིན་ཡོད། སྡེ་ཁུལ་དེས་རྟག་ཏུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་སྡེ་ཁུལ་གྱི་གྲོང་མི་དང་དེ་བཞིན་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གི་འཐུས་མི་སོགས་སྒྲིག་འཛུགས་བྱས་ཏེ། ཕན་ཚུན་སྤེལ་རེས་ཀྱིས་དགའ་སྐྱིད་ལྡན་པའི་འཚོ་བར་རོལ་བཞིན་ཡོད། སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་སྡེ་ཁུལ་གྱི་ཚོང་པ་ཝང་ཧུའུ་ཡིས་ངས་གདོང་དཀར་སྡེ་ཁུལ་དུ་ལས་ཀ་བྱས་ནས་ལོ་17ཙམ་སོང་། རྒྱུན་དུ་ཁྱིམ་ཚང་གི་དྲོ་སྐྱིད་ལྟར་ལྡན་པའི་སྡེ་ཁུལ་འདི་ནང་། སྡེ་ཁུལ་གྲོང་ལྷན་གྱིས་ནུས་ཤུགས་ཡོད་རྒུས་ང་ཚོར་དཀའ་ངལ་ཐག་གཅོད་བྱེད་རོགས་བྱེད་པ་དང་། བྱེད་སྒོ་སྣ་ཚོགས་སྤེལ་ནས་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་གཏོང་གིན་ཡོད། ང་ཚོས་ཀྱང་ཐུན་མོང་ཐོག་འབད་བརྩོན་བྱས་ནས་མི་རིགས་ཁག་གི་མང་ཚོགས་དེ་བས་མཐུན་སྒྲིལ་དང་སྡེ་ཁུལ་དེ་བས་ཞི་མཐུན་ཡོང་རེ་བྱེད་བཞིན་ཡོད་ཅེས་བཤད།

གདོང་དཀར་སྡེ་ཁུལ་གྱི་ཚོགས་ཆུང་དང་པོའི་ནང་དུ་སྡོད་མཁན་ཝང་ཏེང་ཀུའེ་དང་ཁོང་གི་བཟའ་ཟླ་ཆུང་བདག་གི་ཁྱིམ་ཚང་ནི་སྟོད་ལུང་བདེ་ཆེན་ཆུས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁྱིམ་ཚང་ཞིག་རེད། སི་ཁྲོན་ནས་ཡིན་པའི་ཝང་ཏེང་ཀུའེ་ཡིས་ལྷ་སར་ལས་ཀ་བྱེད་སྐབས་བོད་རིགས་བུ་མོ་ཆུང་བདག་ངོ་ཤེས་པར་མ་ཟད། བུ་མོ་དེ་དང་མཉམ་དུ་རང་ཉིད་ཀྱི་ཁྱིམ་ཚང་ཆུང་ཆུང་ཞིག་ཀྱང་བཙུགས། ཐོག་མར་ཁོང་གཉིས་ཀྱི་འཚོ་བ་དེ་ཙམ་གྱིས་ཡག་པོ་མེད་པས། ཁང་པ་གླས་ནས་སྡོད་དགོས་ཀྱི་ཡོད། དེར་བརྟེན་འཚོ་བར་འགྱུར་ལྡོག་གཏོང་ཆེད། ཝང་ཏེང་ཀུའེ་ཕྱིར་ཨར་ལས་ལ་རྒྱུགས་པ་དང་། ཆུང་བདག་གིས་ནང་དུ་བྱིས་པ་གཉིས་གསོ་སྐྱོང་བྱས་པས། འཚོ་བ་ཉིན་རེ་ལས་མ་འདས་པར་ཇེ་ཡག་ཏུ་སོང་ཡོད། ད་དུང་ད་ཆ་ཝང་ཏེང་ཀུའེ་ཚོགས་ཆུང་ལས་རེས་ཁང་གི་ལས་དོན་མི་སྣའི་གྲས་སུ་བཅུག་ཡོད་པས་ཁྱིམ་ཚང་ལ་ལྟ་རྟོག་བྱ་རྒྱུར་སྟབས་བདེ་བསྐྲུན་ཡོད། འཚོ་བའི་ཁྲོད་ཝང་ཏེང་ཀུའེ་ཡི་ཁྱིམ་ཚང་ཧྲིལ་པོས་དྲང་བདེན་དང་། སེམས་བཟང་། ཁོང་ཡངས། སྲི་ཞུ་བཅས་མ་དོར་བར་བདེ་སྐྱིད་ལྡན་པའི་འཚོ་བ་བཏོད་ཅིང་། ལག་ལེན་དངོས་གྱི་ཐོག་ནས་ཁྱིམ་ཚང་འཆམ་མཐུན་བྱུང་ན། དོན་ཀུན་ལྷུན་གྱིས་འགྲུབ་ཅེས་པའི་ཡང་དག་གི་གཏམ་དེར་འགྲེལ་བརྗོད་བྱས་ཡོད། ཝང་ཏེང་ཀུའེ་ཡིས་ང་ཚོས་སླད་ཕྱིན་མུ་མཐུད་ལག་ལེན་དངོས་ཀྱི་ཐོག་ནས་མི་རིགས་དབར་མཐུན་སྒྲིལ་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བཙུགས་ནས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་རྒྱུ་ཡིན་ཞེས་བཤད།

ཀན་སུའུ་ནས་ཡིན་པའི་ཧུའེ་རིགས་ཚོང་པ་མ་ཞུའེ་ཝུན་གྱིས་གདོང་དཀར་སྡེ་ཁུལ་དུ་ཟ་ཁང་གཉེར་ནས་ལོ་དྲུག་སོང་ཡོད།

(པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-02-18 6 6 拉萨日报藏文 c175942.html 1 སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་སྡེ་ཁུལ་དུ་མི་རིགས་དབར་མཐུན་སྒྲིལ་ཟབ་པ་དང་ཀུན་སེམས་གཅིག་ཏུ་ སྒྲིལ་བའི་རྣམ་པ་བཟང་པོ་མངོན་པ། /enpproperty-->