ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་2ཚེས་15ཉིན་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་།གྲོང་སྤྱི།གྲོང་ཁྱེར་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཝང་ཆང་གིས་རང་གྲོང་གིས་རྒྱལ་ཁབ་ཀྱི་བཟའ་བཅའི་བདེ་འཇགས་དཔེ་སྟོན་གྲོང་ཁྱེར་འཛུགས་གཏོད་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་གནང་བ་རེད།བཟའ་བཅའི་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་བཟའ་བཅའི་བདེ་འཇགས་ཀྱི་མཐའ་ཚད་བསྲུངས་ནས་སེམས་ནུས་གཅིག་སྒྲིལ་གྱིས་རྒྱལ་ཁབ་ཀྱི་བཟའ་བཅའི་བདེ་འཇགས་དཔེ་སྟོན་གྲོང་ཁྱེར་འཛུགས་གཏོད་ལས་དོན་དེ་མང་ཚོགས་ཀྱི་བློ་ལ་བབ་པ་དང་སྤྱི་ཚོགས་ཀྱིས་ཁས་ལེན་བྱེད་པའི་དམངས་སེམས་འདུ་འགོད་ཅིག་ཏུ་འགྱུར་བར་བྱས་ཏེ་བདེ་འཇཊ་དང་།སྐྱོན་བྲལ།བློས་འཁེལ་བཅས་ཀྱི་བཟའ་བཅའི་འཛད་སྤྱོད་ཁོར་ཡུག་ཅིག་ཐུན་མོང་ཐོག་བཏོད་དགོས་པ་དང་། རང་གྲོང་གིས་རྒྱལ་ཁབ་ཀྱི་བཟའ་བཅའི་བདེ་འཇགས་དཔེ་སྟོན་གྲོང་ཁྱེར་འཛུགས་གཏོད་ལས་དོན་དེ་རྒྱལ་ཁབ་ཀྱི་ཞིབ་བཤེར་རྩིས་ལེན་བདེ་བླག་ངང་ཐུབ་པར་བྱེད་དགོས་པའི་ནན་གསུངས་གནང་བ་རེད།
ཝང་ཆང་དང་བཅས་པ་སྔ་རྗེས་སུ་ཁྲེང་ཀོན་ཆུས་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཅིག་སྡུད་བསྙེན་བཀུར་ལྟེ་གནས་དང་།ཧེང་ཐུང་ཞིང་ཞོར་ཉོ་ཚོང་ཁྲོམ་ར།
(པར་ངོས་གཉིས་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社