分享按钮

ལོ་གསར་རིང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་དཔལ་འབྱོར་མཉམ་འདྲེས་ཀྱི་ཡིད་དབང་འཕྲོག་ཤུགས་ལ་མྱོང་རོལ་བྱེད།

དཔྱིད་གསར་དུས་ཆེན་སྐབས་སུ་ཁྲོམ་ར་གསར་པ་དར།དངོས་ཟོག་སྣ་ཁ་འཛོམས་ལ་དམངས་ཀྱི་འཚོ་བ་ཕྱུག ལས་རིགས་མཐའ་དག་ཉམས་མེད་དར་ཞིང་རྒྱས་པར་གྱུར།

ཞལ་དཀར་ཡར་ལ་བཏེགས་པ་དང་། མཉམ་འཛོམས་གསོལ་སྟོན་དགའ་བས་རོལ།སྐྱིད་པའི་ལོ་གསར་དགའ་གཏོང་བྱེད།སྲོལ་རྒྱུན་བཟང་པོ་མུ་མཐུད་རྒྱུན་འཛིན་བྱེད།གློག་བརྙན་གསར་པ་ལྟ་བ་དང་།མངོན་མིན་རིག་གནས་ཤུལ་བཞག་ཉོ་བ།ཡུལ་སྐོར་ལ་སྐྱོད་པ་བཅས་བྱས་པས་ལོ་གསར་གྱི་རྣམ་པ་དེ་བས་འཁྲུག་ཏུ་ཕྱིན་ཡོད།ལོ་གསར་གྱི་རྣམ་པ་ཟབ་པའི་ཁྲོམ་རར་རྒྱུན་གཏན་ལས་རྒྱས་པའི་ཀྲུང་གོའི་ལོ་གསར་དགའ་གཏོང་བྱེད་ལུགས་ལེགས་པར་མངོན་ཡོད།

མང་ཚོགས་ཀྱིས་དཔྱིད་གསར་དུས་ཆེན་དགའ་གཏོང་བྱེད་པ་དང་བསྟུན་ནས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་འབྲི་ཆུའི་ལྷོ་བྱང་དུ་བསྐྱོད་ནས་ལོ་གསར་གྱི་རྣམ་པ་ཟབ་མོ་ལྡན་པའི་ཁྲོད་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་དཔལ་འབྱོར་མཉམ་འདྲེས་ཀྱི་མཛེས་སྡུག་ལ་མྱོང་རོལ་བྱས་པ་རེད།

གསོན་ཤུགས་ལྡན་པའི་ཀྲུང་གོའི་ལོ་གསར་ལ་ལོ་གསར་གྱི་རྣམ་པས་ཕྱུག་ཅིང་ཁྲོམ་ར་དར་ཞིང་རྒྱས།

གསོལ་སྟོན་རྒྱས་པོ་བཤམས་ཏེ་ནང་མི་མཉམ་འཛོམས་ཀྱི་བརྩེ་བ་མཚོན་ཐབས་བྱེད།

འབྲུག་མགོའི་བཟོ་དབྱིབས་ཅན་གྱི་ཅིན་ལུང་ཤ་མོག་དང་།འབྲུག་ཆུང་ཟིང་སྐྱས་བརྒྱན་པའི་སྲན་ཞོ།སྡེར་མ་ཁེངས་པ་ཞེས་པའི་ནང་དོན་མཚོན་པའི་བཞེད་ཚལ་སོཊ་ཀོང་ཀྲོའུ་གསོལ་མགྲོན་ཁང་གི་འདི་ལོའི་ལོ་གསར་གྱི་གསོལ་སྟོན་ལས་བཀྲ་ཤིས་བདེ་ལེགས་ཀྱི་ནང་དོན་ལེཊ་པར་མཚོན་ཡོད།

ཀོང་ཀྲོའུ་གསོལ་མགྲོན་ཁང་ལུང་ཅིན་ནུབ་ལམ་ཚོང་ཁང་གི་སྦྱིན་བདག་དབྱང་ཧུང་ཆང་གིས་ན་ནིང་དང་བསྡུར་ན་འདི་ལོ་འཛད་སྤྱོད་པས་ལོ་གསར་གྱི་ལྟོ་ཆས་མངགས་ཉོའི་དུས་ཚོད་དེ་བས་སྔ་བ་དང་།མྱུར་ཚད་དེ་བས་མགྱོགས་པ།ཧུར་སེམས་དེ་བས་ཆེ་བ་བཅས་ཡོད་ཅེས་དང་།ཁོང་གིས་འདི་ལོའི་ལོ་གསར་གྱི་ལྟོ་ཆས་ན་ནིང་གི་ཟླ་12པ་ནས་བཟུང་མངགས་ཚར་ཡོད།ཐོན་རྫས་རིགས་མང་པོའི་ལོ་གསར་གྱི་ཚལ་དྲ་ཐོག་ཏུ་ཧ་ཅང་བྲིན་པོ་ཡོད།ང་ཚོས་ད་དུང་ཀོང་ཀྲོའུ་རྟེན་རྫས་བཤམས་མཛོད་ཁང་སོགས་རིག་གནས་དངོས་མང་སྟོན་ཚོགས་ཀྱི་སྒྲིག་གཞི་དང་མཉམ་འབྲེལ་བྱས་ཏེ་དཔྱིད་གསར་དུས་ཆེན་གྱི་དམངས་སྲོལ་མྱོང་རོལ་བྱེད་སྒོ་སྤེལ་བས་ཟ་མར་ཡང་རིག་གནས་ཀྱི་ཁྱད་ཆོས་ལྡན་ཡོད་ཅེས་བཤད་པ་རེད།

ཁྱིམ་མི་ཡོངས་ཀྱིས་ལོ་གསར་གྱི་མཉམ་འཛོམས་གསོལ་སྟོན་གྲ་སྒྲིག་བྱེད་པ་ནས་ཟ་ཁང་དུ་ལོ་གསར་གྱི་ལྟོ་ཆས་ལོངས་སྤྱོད་བྱེད་པའི་བར་དང་མང་ཚོགས་ཀྱི་དགོས་མཁོ་གཞིར་བཟུང་དེ་བས་བྲོ་བ་ལྡན་པ་དང་དེ་བས་དོན་སྙིང་ལྡན་པའི་ལོ་གསར་གྱི་ལྟོ་ཆས་མཁོ་འདོན་བྱེད་པའི་བར་ཀྲུང་གོ་བའི་ཟས་རིགས་ཀྱི་རིག་གནས་དང་ཟས་རིགས་ཀྱི་དཔལ་འབྱོར་ཕན་ཚུན་གཅིག་ལ་གཅིག་བརྟེན་དུ་གནས་པ་མཚོན་ཡོད།

ཚོང་དོན་པུའི་གྲངས་གཞི་ཆེན་མོའི་ལྟ་ཞིབ་ཚད་ལེན་ལས་མངོན་པར།འདི་ལོའི་གནམ་གང་ཉིན་མོར་རང་རྒྱལ་གྱི་གཙོ་གནད་མུ་འབྲེལ་སྒོ་རྩིས་ཚོང་ཁང་ཆེ་གྲས་ཁག་གཅིག་གི་སིལ་ཚོང་བྱེད་ཚད་བསྡོམས་འབོར་དེ་དུས་མཚུངས་ལས་བརྒྱ་ཆ་20ལྷག་ཙམ་འཕར་ཡོད་པ་དང།ལོ་གསར་གྱི་གསོལ་སྟོན་སོགས་ཞབས་ཞུའི་འཛད་སྤྱོད་ཚ་ཚ་འུར་འུར་ངང་བྱེད་བཞིན་ཡོད་པ།གནམ་གང་ཉིན་མོར་གཙོ་གནད་གློག་རྡུལ་ཚོང་དོན་ལས་སྟེགས་ཀྱི་དྲ་ཐོག་བཟའ་བཏུང་བྲིན་ཚོང་བྱེད་ཚད་དུས་མཚུངས་ལས་བརྒྱ་ཆ་40.8འཕར་ཡོད་པ་རེད།

བཟའ་བཏུང་གྱ་ནོམ་པར་བྱས་རྗེས།ཁྲོམ་ལ་བསྐྱོད་ནས་བདེ་སྐྱིད་བསུ་མ་བྱེད།ལོ་གསར་ཚེས་གཅིག་ཉིན་གྱི་ཞོགས་པ་སྔ་པོ་ནས་པེ་ཅིང་ཝང་ཕུའུ་ཅིང་གི་ཚོང་ཁང་དུ་མི་ཚོགས་ཀྱིས་ཁེངས་ཡོད།

ཝང་ཕུའུ་ཅིང་ཀུང་མའེ་ཐོག་བརྩེགས་ཁང་ཆེན་མདུན་དུ་འབྲུག་ལོའི་གྱོན་ཆས་གསར་པ་སྤྲས་པའི་འཁྱགས་ཏུན་ཏུན་དེ་འབྲུག་ཏུན་ཏུན་དུ་གྱུར་པ་དང་།རྔམ་བརྗིད་ལྡན་ལ་སྤྲོ་སྣང་འཕེལ་བས། མི་མི་ཉུང་བ་ཞིག་གི་ཡིད་དབང་བཀུག་ནས་འདི་གར་པར་ལེན་བྱེད་ཀྱི་ཡོད་པ་རེད།

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-02-18 6 6 拉萨日报藏文 c175943.html 1 ལོ་གསར་རིང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་དཔལ་འབྱོར་མཉམ་འདྲེས་ཀྱི་ཡིད་དབང་འཕྲོག་ཤུགས་ལ་མྱོང་རོལ་བྱེད། /enpproperty-->