分享按钮

ཚན་པ་གསུམ་གྱིས་མཉམ་འབྲེལ་ཐོག་ཁྲིམས་འགལ་ངང་སྐྱེ་དངོས་ནང་འདྲེན་བྱེད་མཁན་ལ་ཁྲིམས་ལྟར་ཆད་པ་བཅད་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་15ཉིན་གློག་འཕྲིན་འབྱོར་གསལ། སྒྲིག་འགལ་ཁྲིམས་འགལ་གྱི་བྱ་སྤྱོད་ལ་ཆད་པ་ནན་པོ་གཅོད་ཆེད། འགག་སྒོའི་སྤྱི་ཁྱབ་ལས་ཁུངས་ཀྱིས་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་།ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་དང་མཉམ་འབྲེལ་ཐོག་བྱ་སྤྱོད་སྤེལ་ནས་ཁྲིམས་འགལ་ངང་སྐྱེ་དངོས་ནང་འདྲེན་བྱེད་པར་ཁྲིམས་ལྟར་ཆད་པ་བཅད་ཡོད་ཅིང་། མཉམ་འགོག་མཉམ་སྡོམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་།ཆ་འཕྲིན་མཉམ་སྤྱོད་དང་ཁྲིམས་འཛིན་རོགས་རེས་བྱེད་ཤུགས་ཆེ་རུ་བཏང་ནས་སྔོན་འགོག་དང་ཚོད་འཛིན་གྱི་མཉམ་ཤུགས་ཤིག་ཆགས་པར་བྱས་ཡོད་པ་རེད།

2023ལོའི་ཟླ་7པར་འགག་སྒོ་སྤྱི་ཁྱབ་ལས་ཁུངས་ཀྱིས་རྒྱལ་ཡོངས་ཀྱི་འགག་སྒོ་ཁག་ཏུ་དུས་ཡུན་ལོ་གསུམ་རིང་ཕྱི་ཕྱོགས་སྐྱེ་དངོས་ནང་འདྲེན་བྱེད་པར་བཀག་འགོག་ནན་པོ་བྱེད་པའི་ཆེད་དོན་བྱ་སྤྱོད་གཅིག་སྡུད་གཅིག་གྱུར་ངང་སྤེལ་རྒྱུའི་ཁྱབ་བསྒྲགས་བྱས་ཤིང་།ད་ལོར་འགག་སྒོས་ད་དུང་ཕྱི་ཕྱོགས་སྐྱེ་དངོས་འགག་སྒོ་ནས་སྔོན་འགོག་དང་ཚོད་འཛིན་བྱེད་པའི་མ་ལག་ནུས་ཤུགས་ཡོད་རྒུས་བཙུགས་ནས་ཕྱི་ཕྱོགས་སྐྱེ་དངོས་ནང་འདྲེན་བྱེད་པའི་བྱ་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་བཏང་སྟེ་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད་པ་རེད།

རྒྱལ་མཚམས་ཀྱི་བདེ་འཇགས་སྲུང་ཡུལ་གཙོ་བོ་ཞིག་ཡིན་པའི་ངོས་ནས་2023ལོར་རྒྱལ་ཡོངས་ཀྱི་འགག་སྒོས་ས་མཚམས་ནས་ཕྱིར་གཏོང་ནང་འདྲེན་བྱེད་པའི་སྲོག་ཆགས་དང་རྩི་ཤིང་རིགས་ལ་རིམས་ནད་ཐད་ཀྱི་ཞིབ་བཤེར་ནན་པོ་བྱས་ནས་བཙན་འཛུལ་སྐྱེ་དངོས་ནང་འདྲེན་བྱ་རྒྱུར་ནན་འགོག་བྱས་པས་སྐྱེ་དངོས་ཀྱི་རིམས་ནད་ཡོད་པའི་རིགས་ཁྲི་7.5ཞིབ་བཤེར་ཐུབ་པ་དང་། མངའ་ཁོངས་སུ་སླེབས་པའི་བསྐུར་མ་དང་འགྲུལ་པས་ཁྱེར་བའི་དངོས་རྫས་ཁྲོད་ཕྱི་ནས་འཁྱེར་ཡོང་བའི་སྐྱེ་དངོས་རིགས་1186དང་ ཁག་3123ལ་ཞིབ་བཤེར་ཐུབ་ཡོད་ཅིང་།དེའི་ནང་རིགས་མི་འདྲ་བའི་གཅེས་ཉར་སྲོག་ཆགས་ཀྱི་རིགས་296དང་། སྲོག་ཆགས་ཁྲི་4.4ཞིབ་བཤེར་ཐུབ་ཡོད་པ་རེད།

(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-02-17 6 6 拉萨日报藏文 c175937.html 1 ཚན་པ་གསུམ་གྱིས་མཉམ་འབྲེལ་ཐོག་ཁྲིམས་འགལ་ངང་སྐྱེ་དངོས་ནང་འདྲེན་བྱེད་མཁན་ལ་ཁྲིམས་ལྟར་ཆད་པ་བཅད་པ། /enpproperty-->