分享按钮

ཤའོ་ཡིའུ་ཚའེ་ཡིས་ཕྱུགས་བཀག་རྩྭ་གསོའི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་སྤུས་ཚད་མཐོན་པོའི་སྒོ་ནས་ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭ་སྤེལ་ཆེད་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས་པའི་ནན་གསུངས་གནང་བ།

(པར་ངོས་དང་པོར་མཐུད)ཤུགས་རྒྱག་པའི་ཐོག་ནས་ལོ་ཧྲིལ་པོའི་སྔོ་ལྗང་ཅན་གྱི་དམིཊ་ཚད་ལས་འགན་སྤུས་འབོར་གཉིས་ལྡན་ངང་ལེགས་སྒྲུབ་བྱས་ཏེ་ཡུག་གཅིག་ལ་འདེབས་པ་དང་།ཡུག་གཅིག་ཚང་མ་གསོན་ཐུབ་པ་བྱས་པ། ཡུག་གཅིག་ཏུ་འགྱུར་བ་བཅས་བྱས་ཏེ་ཉམས་མྱོང་གཏོད་པ་དང་དཔེ་སྟོན་དུ་འགྱུར་བ།རྒྱ་ཁྱབ་ངང་ཁྱབ་གདལ་དུ་གཏོང་བ་བཅས་བྱས་ཏེ་ལྷ་སའི་ལྷོ་བྱང་རི་བོའི་སྔོ་ལྗང་ཅན་གྱི་ལས་གྲྭར་ལེཊ་སྐྱེས་གསར་པ་དེ་བས་མང་བ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཤའོ་ཡིའུ་ཚའེ་ཡིས་ཞབས་ཐང་མར་བྱང་རིའི་ནགས་བཟོའི་ཁུལ་དུ་ཕེབས་ཏེ་ཡུལ་དངོས་ཀྱི་ཤིང་སོན་གྱི་སྐྱེ་འཚར་དང་། རྨང་གཞིའི་སྒྲིག་བཀོད་ཀྱི་འཛུགས་སྐྲུན། ལས་གྲྭའི་འཕེལ་རིམ་དང་དེ་བཞིན་ལྷག་པའི་དཀའ་ངལ་སོགས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་དང་མཁྱེན་རྟོགས་གནང་བར་མ་ཟད། ཡུལ་དངོས་སུ་2024ལོའི་ལས་གྲྭའི་ལག་བསྟར་འཆར་གཞི་དང་ལག་བསྟར་གོ་རིམ་སོགས་གསན་གནང་བ་རེད། ཁོང་གིས་བཀག་འགོག་ཟུང་འབྲེལ་དང་། རྩ་ལག་མཉམ་བཅོས་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཕྱུགས་བཀག་རྩྭ་གསོའི་གཏན་འབེབས་དོན་འཁྱོལ་ནན་པོ་བྱས་ཏེ། ཕྱུགས་རིགས་ཀྱིས་ཤིང་སོན་ཟས་ལ་བརྟེན་ནས་རྡོག་རོལ་དུ་གཏོང་བའི་རིགས་ནན་འགོག་བྱེད་དགོས་པ་དང་། ཤིང་སོན་འདེམས་པ་དང་། འཛུགས་པ། ཆུ་འདྲེན་པ། དུས་མཇུག་གི་དོ་དམ་སྲུང་སྐྱོང་སོགས་འགག་རྩའི་ལྷུ་ཚིགས་ནན་པོར་བསྲུངས་ནས་ཤིང་སོན་ཁེབས་ཚད་དང་གསོན་ཚད་ཡག་ཏུ་བཏང་སྟེ“འདེབས་ཐུབ་པ་དང་། དོ་དམ་ཡག་པོ་བྱེད་ཐུབ་པ། རྒྱུན་སྲིང་ཐུབ་པ”བཅས་ཀྱི་འགན་ལེན་བྱེད་དགོས་པ། ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭར་ཐོབ་པའི་གྲུབ་འབྲས་བེད་སྤྱོད་ཡག་པོ་གཏོང་བ་དང་།ཡུལ་སྐོར་སྤྲོ་གསེང་འཕེལ་རྒྱས་གཏོང་བའི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་ཏེ་མང་ཚོགས་འབྱུང་ཁམས་འཛུགས་སྐྱོང་ནང་ཞུགས་པའི་ཁྲོད་ཕྱུག་འགྱུར་གྱི་ལམ་བུའི་ཐོག་སྐྱོད་ཐུབ་པ་དང་འབྱུང་ཁམས་ལ་བརྟེན་ནས་འཚོ་བ་སྐྱེལ་ཐུབ་པ་བྱེད་དགོས་ཞེས་ནན་གསུངས་གནང་བ་རེད།

དེ་རྗེས་འཚོགས་པའི་ཕྱུགས་བཀག་རྩྭ་གསོའི་ལས་དོན་གྱི་ཆེད་དོན་ཚོགས་འདུའི་ཐོག་གྲོང་ཁྱེར་ནགས་ལས་ཅུས་དང་། སྟག་རྩེ་ཆུས། རིག་གནས་བློ་གསར་གླིང་ཁུལ། ཁྲེང་ཀོན་ཆུས། སྟོད་ལུང་བདེ་ཆེན་ཆུས། ཆུ་ཤུར་རྫོང་། མལ་གྲོ་གུང་དཀར་རྫོང་། ལྷ་ས་མཐོ་གསར་ཁུལ་བཅས་ཀྱིས་འབྲེལ་ཡོད་ལས་དོན་སྙན་སེང་ཞུས་པ་དང་སྦྲགས་རྣམ་འགྱུར་ཡང་བསྟན་པ་རེད།

ཤའོ་ཡིའུ་ཚའེ་ཡིས་ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭས“ལོ་ལྔ་ཡི་རིང་སྔོ་ལྗང་རི་ཀླུང་མང་དུ་གཏོང་བ་དང་།ལོ་བཅུ་ཡི་རིང་སྔོ་ལྗང་ལྷ་སར་ཁྱབ་པ་བྱེད་པའི”མཛེས་སྡུག་ལྡན་པའི་ཕུགས་འདུན་གྲུབ་ཡོད། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་གཙོ་བོ་གནང་བའི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཚད་མཐོའི་མཐོང་ཆེན་གནང་བ་དང་། ལྷ་སའི་མི་རིགས་ཁག་གི་ལས་བྱེད་པ་དང་།མང་ཚོགས།དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་གིས་ཚད་མཐོའི་དོ་ཁུར་བྱེད་ཀྱི་ཡོད་པས་ཉམས་སད་ཐེག་ཐུབ་པའི་འགན་འཁྲི་འཁུར་སེམས་དང་།ཉམས་སད་ཐེག་ཐུབ་པའི་བྱེད་ཐབས། ཉམས་སད་ཐེག་ཐུབ་པའི་སྤྱོད་ཚུལ་བཅས་བཏོན་ནས་ཕྱུགས་བཀག་རྩྭ་གསོའི་ལས་དོན་ལ་དམ་འཛིན་ནན་པོ་བྱེད་དགོས་པ་དང་། ཆབ་སྲིད་ལ་དང་དོད་བྱེད་པའི་འདུ་ཤེས་ཡོད་དགོས། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་འབྲེལ་ཡོད་ཚན་པ་ཁག་གིས་ཕྱུགས་བཀག་རྩྭ་གསོའི་ལས་དོན་ལ་དམ་འཛིན་ཡག་པོ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་ཕྱུགས་བཀག་རྩྭ་གསོའི་ཐད་ཀྱི་ལྷ་སའི་ལྷོ་བྱང་རི་བོ་སྔོ་འགྱུར་གྱི་འགག་རྩའི་རང་བཞིན་དང་།གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ།ནུས་ཤུགས་ཆེ་རུ་གཏོང་བ་དང་དམ་འཛིན་ལྷོད་མེད་བྱས་ནས་བྱ་ཐབས་ཁག་ཆད་ལུས་མེད་པར་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས་པ། དོ་དམ་བྱེད་ཐུབ་པའི་ཐབས་ཤེས་དགོས་པ། རྫོང(ཆུས)ཁག་གིས་རང་སོ་སོའི་གྲོང་ཁྱེར་གྱི་ནུས་པ་གཏན་འཁེལ་དང་། གྲོང་ཁྱེར་གྱི་འཆར་འགོད་བཀོད་སྒྲིག་བྱེད་པ། གཙོ་གནད་ཐོན་ལས་ཀྱི་འཕེལ་ཕྱོགས། ཁོངས་གཏོགས་ཁུལ་གྱི་གྲོང་མིའི་འཚོ་བའི་ཁྱད་ཆོས་སོགས་ཀྱི་རྒྱུ་རྐྱེན་དང་ཟུང་འབྲེལ་བྱས་ཏེ་ཡུལ་བབ་དང་བསྟུན་པ་དང་ཕྱོགས་བསྡུས་སྲིད་ཇུས་ལག་བསྟར་བྱས་ནས་བྱ་ཐབས་སྣ་ཚོགས་སྤྱད་དེ་ཕྱུགས་བཀག་རྩྭ་གསོའི་གཏན་འབེབས་དོན་འཁྱོལ་ཡག་པོ་བྱས་ཏེ་ཕྱུགས་བཀག་དང་འབྲོག་ཁུལ་གྱི་བཀག་རྒྱ་ནན་པོ་དང་། བཀག་ཐུབ་པ། དོ་དམ་ཡག་པོ་བྱེད་ཐུབ་པ་བཅས་ཡོང་བའི་འགན་ལེན་བྱེད་དགོས། བརྟན་པོར་ངེས་ཐུབ་པའི་དྲིལ་བསྒྲགས་བྱེད་དགོས། དྲིལ་བསྒྲགས་སློབ་གསོའི་ལས་དོན་དེ་ཕྱུགས་བཀག་རྩྭ་གསོའི་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ་མང་ཚོགས་ཀྱིས་ཉན་འདོད་པ་དང་། དོན་ཤེས་པ། ངེས་ཐུབ་པ་བཅས་ཀྱི་བྱ་ཐབས་བརྒྱུད་འགྲེལ་བཤད་བརྒྱབ་པ་དང་།དྲིལ་བསྒྲགས་སློབ་གསོར་ཁྲིད་སྟོན་བྱེད་པའི་ལས་དོན་ཡག་པོ་བསྒྲུབས་ནས་ཕྱུགས་བཀག་རྩྭ་གསོའི་འབྲེལ་ཡོད་སྲིད་ཇུས་དང་།ཁྲིམས་སྲོལ་དག་ཁྱིམ་ཚང་ཀུན་གྱིས་ཤེས་པ་དང་། མི་སེམས་སུ་འཇགས་པ་བཅས་བྱས་ཏེ་མང་ཚོགས་ཀྱིས་རང་འགུལ་ངང་ཕྱུགས་བཀག་རྩྭ་གསོའི་ལས་དོན་ནང་ཞུགས་རྒྱུ་དང་གཞོགས་འདེགས་བྱེད་པའི་རང་འགུལ་རང་བཞིན་དང་ཧུར་བརྩོན་རང་བཞིན་ཆེ་རུ་ཏན་ཏིག་གཏོང་དགོས་པ། སྒྲིག་ཁྲིམས་ནན་དུ་གཏོང་བའི་འགན་འཁྲི་བདའ་འདེད་གཏོང་དགོས། སྐོར་གཡེང་དོ་དམ་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་ཕྱུགས་བཀག་རྩྭ་གསོའི་ཁུལ་དུ་ཕྱུགས་འཚོ་བ་དང་། ཤིང་སོན་རྡོག་རོལ་དུ་གཏོང་བ། ར་བསྐོར་བཤིག་པ་སོགས་ཀྱི་བྱ་སྤྱོད་ལ་ཁྲིམས་ལྟར་ཆད་པ་གཅོད་རྒྱུ་དང་། འགན་འཁྲི་བདའ་འདེད་ནན་པོ་གཏོང་རྒྱུ། ཟིལ་གནོན་ཆགས་པ་བྱ་རྒྱུ་བཅས་བྱེད་དགོས་པ། རིམ་པ་བཞིན་ཁོངས་གཏོགས་ཁུལ་གྱི་འགན་འཁྲི་ནན་དུ་བཏང་ནས་འགན་འཁྲི་དོན་འཁྱོལ་མི་བྱེད་པ་དང་།བྱ་ཐབས་དོན་ཐོག་ཏུ་མ་འཁྱོལ་བའི་དབང་གིས་ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ས་ཁོངས་ཀྱི་ཤིང་སོན་ལ་གཏོར་སྐྱོན་ཕོག་ཚེ་སྒྲིག་སྲོལ་དང་སྒྲིག་ཁྲིམས་ལྟར་འབྲེལ་ཡོད་འགན་འཁུར་བའི་འགན་འཁྲི་བདའ་འདེད་གཏོང་དགོས་པ་བཅས་ཀྱི་ནན་གསུངས་གནང་བ་རེད།

(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-02-17 6 6 拉萨日报藏文 c175936.html 1 ཤའོ་ཡིའུ་ཚའེ་ཡིས་ཕྱུགས་བཀག་རྩྭ་གསོའི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་སྤུས་ཚད་མཐོན་པོའི་སྒོ་ནས་ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭ་སྤེལ་ཆེད་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས་པའི་ནན་གསུངས་གནང་བ། /enpproperty-->