分享按钮

ཝང་ཆང་གིས་མལ་གྲོ་གུང་དཀར་རྫོང་རྒྱ་མ་ཤང་དུ་བརྟག་ཞིབ་གནང་བ​།

(པར་ངོས་དང་པོར་མཐུད)མཛེས་ལྗོངས་ཁུལ་ཆེ་གྲས་གཉིས་རིམ་སྤོར་སྒྱུར་བཀོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ། ལེ་ལག་ཚང་བའི་ཞབས་ཞུའི་སྒྲིག་བཀོད་མུ་མཐུད་ལེགས་སུ་བཏང་ནས་ལྷ་སར་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

ཝང་ཆང་གིས་ན་ནིང་ལྷ་ས་གྲོང་ཁྱེར་གྱིས་རིག་གནས་དང་། ལུས་རྩལ། ཡུལ་སྐོར་བཅས་མཉམ་འདྲེས་འཕེལ་རྒྱས་ཐད་ཕན་འབྲས་མི་དམན་པ་ཐོབ་ཡོད་པས་ད་ལོར་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་གཏོང་དགོས། གྲོང་ཁྱེར་རིམ་པའི་རིག་གནས་ཡུལ་སྐོར་སྡེ་ཚན་གྱིས་ལྷ་སར་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་གཏོང་རྒྱུར་དམིགས་ཏེ། རྩེ་རིམ་ཇུས་འགོད་ཇུས་གཞི་བཟོས་ནས་གྲོང་ཁྱེར་ཡོངས་ཀྱི་ཡུལ་སྐོར་རིག་གནས་ཐོན་ཁུངས་ཀྱི་རྩིས་ཐོ་ལྟར་བསྡོམས་རྩིས་བརྒྱབ་སྟེ་མཛེས་ལྗོངས་ཁུལ་དང་། མཛེས་ལྗོངས་ས་ཚིགས། མཛེས་ལྗོངས་ཀྱི་ཐོན་རྫས་བཅས་རིགས་དབྱེ་ནས་བཏོད་དེ། མཛེས་ལྗོངས་ཁུལ་འཆར་འགོད་དང་གྲོང་མིའི་སྤྲོ་གསེང་ཁུལ་གཏོད་རྒྱུར་སྤྱི་འདོམས་བསམ་གཞིགས་བྱས་ནས་རྒྱལ་ཡོངས་ཀྱི་ཡུལ་སྐོར་བར་ལྷ་སར་བསྐྱོད་ཐུབ་པར་བྱེད་པ་དང་། གྲོང་མིར་དུས་ཆེན་དང་ངལ་གསོའི་དུས་ཚོད་རིང་འགྲོ་ས་ཡོད་པར་བྱས་ནས་གྲོང་མི་དང་ཡུལ་སྐོར་བར་ལྷ་སའི་རང་བྱུང་མཛེས་ལྗོངས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཐོན་ཁུངས་ཐོབ་ཐུབ་པར་བཅས་བྱེད་དགོས་པ་དང་། ལུས་རྩལ་གྱིས་སྟེགས་བུ་བསྐྲུན་པ་དང་རིག་གནས་ཡུལ་སྐོར་གྱིས་ཟློས་གར་འཁྲབ་སྟངས་ལ་གཞིགས་ནས་རིག་རྩལ་དང་། ལུས་རྩལ། ཡུལ་སྐོར་བཅས་མཉམ་འདྲེས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་གསུངས་གནང་ཡོད།

རྒྱ་མ་ཤང་གི་གཏེར་ཁུལ་ཆེ་གྲས་གཉིས་ཀྱི་འགན་འཁུར་བ་དང་ཐོན་སྐྱེད་བདེ་འཇགས་ལས་དོན་ཐད་བཞུགས་མོལ་གནང་སྐབས་ཝང་ཆང་གིས་ཐོན་སྐྱེད་བདེ་འཇགས་ནི་ཆེད་ལས་རང་བཞིན་ཤིན་ཏུ་ཆེ་བའི་ལས་དོན་ཞིག་རེད། གཏེར་ཁུལ་ཆེ་གྲས་གཉིས་ཀྱིས“བདེ་འཇགས་ངང་ཕྱུག་འགྱུར་བརྩོན་ལེན་བྱེད་པའི”བྱེད་སྟངས་ལྟར་དུས་དང་རྣམ་པ་ཀུན་ཏུ“བདེ་འཇགས་ཀྱི་རྩ་བ”ལ་དམ་འཛིན་གྱིས་འགག་རྩའི་ལྷུ་ཚིགས་ལ་ཆེད་བསྐོས་མི་སྣས་འགན་འཁུར་བ་དང་ཆེད་ལས་དོ་དམ་ཡོང་བར་འགན་ལེན་བྱས་ཏེ། ལྷུ་ཚིགས་ལ་ལྟ་མཁན་ཡོད་པ་དང་བདེ་འཇགས་ཐད་དོ་དམ་བྱེད་མཁན་ཡོད་པར་བྱེད་དགོས་པ་དང་། མང་ཚོགས་ལམ་ཕྱོགས་ཀྱི་ལམ་བུའི་ཐོག་ཡག་པོ་སྐྱོད་པ་དང་། བདེ་འཇགས་ཤེས་བྱའི་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ། མི་སྣ་ཡོངས་ཀྱི་བདེ་འཇགས་འདུ་ཤེས་འཛུགས་པ་བཅས་བྱས་ཏེ་གཏེར་ཁུལ་གྱི་ཐོན་སྐྱེད་བདེ་འཇགས་དང་། ལྗང་མདོག རྒྱུན་མཐུད་བཅས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་གསུངས་གནང་ཡོད། ཝང་ཆང་གིས་ད་དུང་རྒྱ་མ་ཤང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པར་འཚམས་འདྲི་གནང་ནས་ཁོང་ཚོར་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་སྨོན་འདུན་ཞུས་པ་རེད།

(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-02-17 6 6 拉萨日报藏文 c175935.html 1 ཝང་ཆང་གིས་མལ་གྲོ་གུང་དཀར་རྫོང་རྒྱ་མ་ཤང་དུ་བརྟག་ཞིབ་གནང་བ​། /enpproperty-->