分享按钮

(པར་ངོས་དང་པོར་མཐུད)གོ་རིམ་གྱི་དམངས་གཙོ་དང་དོན་དངོས་ཀྱི་དམངས་གཙོ། ཐད་ཀར་གྱི་དམངས་གཙོ་དང་བར་བརྒྱུད་ཀྱི་དམངས་གཙོ། མི་དམངས་ཀྱི་དམངས་གཙོ་དང་རྒྱལ་ཁབ་ཀྱི་འདོད་བློ་བཅས་གཅིག་གྱུར་བྱུང་ནས་དེ་ནི་ཁྱོན་ཡོངས་ལ་ཁྱབ་པའི་དམངས་གཙོ་ཞིག་ཡིན་པ་དང་། ཆེས་རྒྱ་ཆེ་བ་དང་། ཆེས་བདེན་པ། ཆེས་གོ་ཆོད་པ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཞིག་རེད། ང་ཚོས་བརྒྱུད་རིམ་ཡོངས་ཀྱི་མི་དམངས་དམངས་གཙོ་འཛུགས་སྐྱོང་ལ་མུ་མཐུད་སྐུལ་འདེད་བཏང་སྟེ་མི་དམངས་ཀྱིས་རང་ཁྱིམ་རང་ཐག་གཅོད་རྒྱུ་དེ་ཏང་གིས་རྒྱལ་སྐྱོང་སྲིད་གཉེར་བྱ་རྒྱུའི་སྲིད་ཇུས་དང་བྱེད་ཐབས་ཐོག་ཞིབ་ཕྲ་དང་དོན་དངོས་ཀྱི་ཐོག་ནས་མཚོན་པ་དང་། ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཕྱོགས་གང་ཅིའི་ཐད་དང་རིམ་པ་ཁག་གི་ལས་ཀའི་ཐོག་དངོས་སུ་མཚོན་པ། མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་ཡིད་སྨོན་བྱེད་པའི་ལས་ཀའི་ཐོག་དངོས་སུ་མཚོན་པ་བཅས་བྱེད་དགོས་ཞེས་བསྟན་ཡོད།

རྩོམ་ཡིག་ནང་ནན་གྱིས་བསྟན་དོན། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ནི་རང་རྒྱལ་གྱི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་མངོན་འགྱུར་བྱེད་པའི་ལམ་ལུགས་ཀྱི་གཞི་རྟེན་གལ་ཆེན་ཞིག་ཡིན། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ལམ་ལུགས་ཀྱི་འགན་ལེན་ལ་ཤུགས་སྣོན་རྒྱག་དགོས། མི་དམངས་ཀྱིས་མི་དམངས་འཐུས་མི་ཚོགས་ཆེན་བརྒྱུད་དེ་རྒྱལ་ཁབ་ཀྱི་དབང་ཆ་སྤྱོད་པར་རྒྱབ་སྐྱོར་དང་འགན་ལེན་བྱས་ཏེ། རིམ་པ་ཁག་གི་མི་དམངས་འཐུས་ཚོགས་ཚང་མ་དམངས་གཙོ་ལས་འདེམས་བསྐོ་བྱས་ནས་ཐོན་པ་དང་། མི་དམངས་ལ་འགན་འཁུར་བ། མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱེད་པ་བཅས་ལ་འགན་ལེན་བྱེད་དགོས། མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་ཁྲིམས་ལྟར་ཁྲིམས་འཛུགས་དབང་ཆ་དང་། ལྟ་སྐུལ་དབང་ཆ། ཐག་གཅོད་དབང་ཆ། བསྐོ་འཐེན་དབང་ཆ་བཅས་སྤྱོད་པར་རྒྱབ་སྐྱོར་དང་འགན་ལེན་བྱེད་པ་དང་། མི་དམངས་འཐུས་ཚོགས་ཀྱིས་སྲིད་འཛིན་ལས་ཁུངས་དང་། ལྟ་ཞིབ་ལས་ཁུངས། འདྲི་གཅོད་ལས་ཁུངས། ཞིབ་དཔྱོད་ལས་ཁུངས་བཅས་ལ་ལྟ་སྐུལ་བྱེད་པའི་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། རྒྱལ་ཁབ་ཀྱི་ཁྲིམས་སྐྱོང་གཅིག་གྱུར་དང་། གཟི་རྔམ། དབང་གྲགས་བཅས་སྲུང་སྐྱོང་བྱེད་དགོས། མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ལས་ཀའི་ནུས་པ་ཆེ་རུ་གཏོང་བ་དང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་མི་དམངས་མང་ཚོགས་བར་གྱི་འབྲེལ་བ་དམ་ཟབ་ཏུ་གཏོང་དགོས། དམངས་འདུན་བསྡུ་ལེན་དང་དམངས་ཀྱི་བློ་གྲོས་གཅིག་སྡུད་བྱེད་པའི་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། གཞི་རིམ་གྱི་ཁྲིམས་འཛུགས་འབྲེལ་གཏུགས་བྱེད་གནས་འཛུགས་སྐྱོང་ལེགས་པོ་བྱེད་དགོས།

(པ་ཚེས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-02-17 6 6 拉萨日报藏文 c175934.html 1 /enpproperty-->