(པར་ངོས་དང་པོར་མཐུད)དེར་བརྟེན་ཁྲོམ་གཞུང་དེས་འབབ་འཕར་ལ་སྐུལ་འདེད་གཏོང་བའི་ལས་དོན་དེ་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས་གྲོང་ཚོའི(སྡེ་ཁུལ)མཉམ་སྡེབ་དཔལ་འབྱོར་ནུས་ཤུགས་ཡོད་རྒུས་སྟོབས་ཆེར་གཏོང་བ་དང་འབྲེལ་ལོ་གསར་གོང་བགོ་འགྲེམས་བརྒྱབ་ནས་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ལ་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ལས་བྱུང་བའི་ཁེ་སྤོགས་ལོངས་སྤྱོད་ཐུབ་པར་བྱས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ཁྲོམ་གཞུང་དེའི་ཞིང་འབྲོག་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་2022ལོའི་སྒོར་30670.98ནས་2023ལོའི་སྒོར་35038.28བར་འཕར་ནས་དུས་མཚུངས་ལས་བརྒྱ་ཆ་13.8འཕར་ཡོད་པ་རེད།
ཚལ་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཕུར་བུ་དབང་འདུས་ཀྱིས་འདས་ཟིན་པའི་ལོ་གཅིག་ལ་ཕྱིར་མིག་ལྟ་སྐབས་ང་ཚོའི་མཉམ་སྡེབ་དཔལ་འབྱོར་རྣམ་གྲངས་ལ་གྲུབ་འབྲས་ཡག་པོ་ཐོབ་ཡོད། ད་ཐེངས་མ་རྐང་རེར་ཡོང་འབབ་མཐོ་ཤོས་ལ་སྒོར་ཁྲི་2དང་དམའ་ཤོས་ལ་སྒོར་2000བགོས་ཤིང་ཁྱོན་དངུལ་འབོར་སྒོར་ཁྲི་1731.7ལྷག་ཙམ་ཟིན་ཡོད་ཅེས་བཤད།
འབབ་འཕར་ཡོང་རྒྱུ་ཕུད་ལས་ཞུགས་ནི་མང་ཚོགས་ཚོས་དོ་ཁུར་ཆེ་ཤོས་བྱེད་པའི་དམངས་འཚོའི་གནད་དོན་ཞིག་རེད། ན་ནིང་ཚལ་གུང་ཐང་ཁྲོམ་གཞུང་གིས་རང་ངོས་ས་ཁོངས་ཀྱི་ཁྱད་ཆོས་དང་གྲོང་ཚོ་དང་གྲོང་མིའི་ཐོན་ལས་འཕེལ་རྒྱས་ཀྱི་བཀོད་སྒྲིག་ལ་གཞི་ཚུགས་ནས་ཚོང་འགུགས་མ་འདྲེན་བྱས་པ་བརྒྱུད་3Dཔར་འདེབས་བཟོ་སྐྲུན་ཁེ་ལས་ཤིག་ནང་འདྲེན་བྱས་པ་དང་། 3Dཔར་འདེབས་ལག་རྩལ་སྤྱད་དེ་བཟོ་སྐྲུན་གྱི་གད་སྙིགས་དང་གཏེར་སྙིགས་དག“བེད་མེད་དངོས་པོ་ནོར་བུར”བསྒྱུར་ནས་3Dཨར་འདམ་ཐོན་རྫས་དང་། སྒྲོམ་སྐྱོར། རྐུབ་སྟེགས་སོགས་བཟོས་ནས་ལག་རྩལ་གསར་པ་དང་། སྤུས་རྟགས། ཐོན་རྫས་བཅས་ནང་འདྲེན་བྱས་ཏེ་ཁྲོམ་གཞུང་དེས་གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་བྱ་ཆེད་འགན་ལེན་ནུས་ལྡན་བྱས་ཡོད་པ་རེད། མིག་སྔར་ཀུང་སི་དེས་ས་གནས་དེ་གའི་མང་ཚོགས་60ལྷག་ཙམ་བསྡུས་ཡོད་ཅིང་། ཆབ་མདོ་དང་མངའ་རིས་སོགས་ཀྱི་གནས་སྤོས་མང་ཚོགས་9ལས་ཞུགས་ཐུབ་པར་བྱས་ཡོད། ས་གནས་དེ་གའི་སློབ་ཆེན་ཐོན་པའི་སློབ་མ་31ལས་ཞུགས་ཐུབ་པར་མ་ཟད། ད་དུང་ལག་རྩལ་གསོ་སྦྱོང་ལ་བརྟེན་ནས་3Dཔར་འདེབས་ཀྱི་ལག་རྩལ་ཁོང་དུ་ཆུད་ཡོད་པ་རེད།
ཚལ་གུང་ཐང་ཁྲོམ་གཞུང་ཚལ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བསྟན་འཛིན་གྱིས་ཁྲེང་ཀོན་ཆུས་ཨུད་དང་ཚལ་གུང་ཐང་ཁྲོམ་གཞུང་ཏང་གི་ལས་དོན་ཨུ་ལྷན་གྱི་ཡང་དག་པའི་སྣེ་ཁྲིད་འོག ང་ཚོ་ཚལ་གྲོང་ཚོ་དང་དཔལ་སྡིངས་གྲོང་ཚོས་ནང་སར་བསྐྱོད་དེ་ཚོང་འགུགས་མ་འདྲེན་བྱས་པར་མ་ཟད། མ་དངུལ་སྒོར་ཁྲི་4000འཁོར་རྒྱུག་བྱས་ནས་ཚལ་གུང་ཐང་དུ་བོད་ལྗོངས་དབྱིང་ཚའེ་ཨར་སྐྲུན་ཚན་རྩལ་ཚད་ཡོད་ཀུང་སི་བཙུགས་པ་དང་སྔོན་དཔག་བྱས་ན་ལོའི་ཡོང་འབབ་སྒོར་ཁྲི་500ཟིན་རྒྱུ་རེད་ཅེས་བཤད།
སླད་ཕྱིན་ཚལ་གུང་ཐང་ཁྲོམ་གཞུང་གིས་མཉམ་སྡེབ་དཔལ་འབྱོར་གཉེར་སྐྱོང་རྣམ་པ་མུ་མཐུད་ལེགས་སུ་བཏང་ནས་འབབ་འཕར་གྱི་ཐབས་ལམ་རྒྱ་ཆེར་གཏོང་བ་དང་དཔལ་འབྱོར་གྱི་ཕན་འབྲས་ཆེ་རུ་བཏང་སྟེ་ཁོངས་གཏོགས་ཁུལ་གྱི་གྲོང་མིའི་འཚོ་བ་ཉིན་བཞིན་ལེགས་སུ་གཏོང་རྒྱུ་ཡིན་པ་རེད། (ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社