ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་2ཚེས་13ཉིན།བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་།ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭའི་བཟོ་པའི་འཐུས་མིར་འཚམས་འདྲི་གནང་བ་དང་། ཡུལ་དངོས་སུ་ཤིང་འཛུགས་ནགས་བཟོའི་ལས་དོན་ལ་སྐུལ་འདེད་གཏོང་ཚུལ་ཐད་བརྟག་ཞིབ་གནང་བ་དང་སྦྲགས། ཕྱུགས་བཀག་རྩྭ་གསོའི་ལས་དོན་གྱི་ཆེད་དོན་ཚོགས་འདུ་འཚོགས་ཤིང་། ཁོང་གིས་ཞི་ཅིན་ཕིང་གི་འབྱུང་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་དོན་ལ་སྐུལ་འདེད་གཏོང་བའི་གནས་ཚུལ་སྐོར་གྱི་གསུང་བཤད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་།འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་བཏང་ནས་སྔར་བས་བློ་ཐག་ཆོད་པོའི་རྣམ་འགྱུར་དང་། སྔར་བས་ནུས་ལྡན་གྱི་བྱ་ཐབས། སྔར་བས་དངོས་སྒྲུབ་ཀྱི་སྤྱོད་ཚུལ་བཅས་ཀྱི་ཐོག་ནས་ཕྱུགས་བཀག་རྩྭ་གསོའི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ་ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭ་སྤུས་ཚད་མཐོན་པོས་སྤེལ་ཆེད་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས་པའི་ནན་གསུངས་གནང་བ་རེད།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་འཇམ་དཔལ་དང་། རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཚུལ་ཁྲིམས་རྒྱ་མཚོ། གྲོང་ཁྱེར་གྱི་འགོ་ཁྲིད་ཧོ་ཕུང་དང་། ཀྲང་ཁྲུན་དབྱང་། བློ་གསལ། ཡུའེ་གོ་ཧུང་། ལི་ཧྲེ་རུང་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།
ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་འདུ་འགོད་དོག་སྡེ་ལུང་ཤུར་གྱི་ནགས་བཟོའི་ཡུག་ཁུལ་དང་པོར་འབྱོར་སྐབས་ཤའོ་ཡིའུ་ཚའེ་ཡིས་བཟོ་པའི་འཐུས་མིར་བྱམས་བརྩེའི་འཚམས་འདྲི་གནང་བ་དང་།ཁོང་ཚོས་ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་འདུ་འགོད་ཐད་རང་ནུས་བཏོན་པར་ཐུགས་རྗེ་ཆེ་ཞུས་གནང་བ་དང་སྦྲགས། དུས་ཆེན་གྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཡང་ཞུས་པ་རེད། ཁོང་གིས་ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭ་འཛུགས་སྐྲུན་བྱ་རྒྱུ་དེ་ནི་མིག་སྔར་གཞི་ཚུགས་པ་དང་།ཕུགས་ལ་དམིགས་པ།བྱས་རྗེས་དེང་འདིར་བཞག་ནས་ཕན་པ་བསྐལ་བརྒྱར་ཐོན་པའི་འཐབ་ཇུས་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པས་ཚང་མས་ལོ་གསར་པའི་ནང་སེམས་ནུས་ཡོད་རྒུ་འདོན་པ་དང་། (པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社