分享按钮

ཝང་ཆང་གིས་མལ་གྲོ་གུང་དཀར་རྫོང་རྒྱ་མ་ཤང་དུ་བརྟག་ཞིབ་གནང་བ​།

པར་འདི་ནི་ཝང་ཆང་གིས་སྲོང་བཙན་སྒམ་པོའི་དྲན་གསོ་ཁང་གི་འབྲེལ་ཡོད་གནས་ཚུལ་ལ་མཁྱེན་རྟོཊ་གནང་བ་དང་འབྲེལ་དངོས་ཡོད་གནས་ཚུལ་ལ་དམིཊ་ནས་བསམ་འཆར་དང་གྲོས་འགོ་འདོན་བཞིན་པའི་གནས་ཚུལ་ཡིན་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་2ཚེས་14ཉིན། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱི་ཝང་ཆང་མལ་གྲོ་གུང་དཀར་རྫོང་རྒྱ་མ་ཤང་དུ་བསྐྱོད་དེ་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་དང་གཏེར་ཁུལ་གྱི་ཐོན་སྐྱེད་བདེ་འཇགས་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་ཡོད། ཝང་ཆང་དང་བཅས་པ་སྔ་རྗེས་སུ་སྲོང་བཙན་སྒམ་པོའི་སྐུ་འཁྲུངས་ཡུལ་དང་། ཧོར་ཁང་གཞིས་ཀའི་རྗེས་ཤུལ། སྲོང་བཙན་སྒམ་པོའི་དྲན་གསོ་ཁང་སོགས་སུ་ཕེབས་ནས་མཛེས་ལྗོངས་ཁུལ་ཆེ་གྲས་གཉིས་ཀྱི་འབྲེལ་ཡོད་གནས་ཚུལ་ལ་མཁྱེན་རྟོགས་གནང་བར་མ་ཟད། དོན་དངོས་གནས་ཚུལ་ལ་དམིགས་ནས་བསམ་འཆར་དང་གྲོས་འགོ་ཡང་བཏོན་གནང་བ་རེད།

ཝང་ཆང་གིས་མལ་གྲོ་གུང་དཀར་རྫོང་གི་རང་བྱུང་མཛེས་ལྗོངས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཐོན་ཁུངས་དེ་བོད་ཀྱི་ཨང་དང་པོའི་གྲས་སུ་ཚུད་ཀྱི་ཡོད་ཅིང་། རྒྱ་མ་ཤང་དུ་གནས་པའི་རྒྱ་མ་ལུང་ཤུར་ནི་དེ་བས་ཡུལ་ལྗོངས་མཛེས་ཤིང་ལྟ་ན་སྡུག་པ་ཞིག་ཡོད། འདི་གར་ནི་བཙན་པོ་སྲོང་བཙན་སྒམ་པོའི་འཁྲུངས་ཡུལ་ཡིན་ལ། ང་ཕོད་ངག་དབང་འཇིགས་མེད་ཀྱི་བཞུགས་གནས་རྙིང་པ་ཞིག་ཀྱང་ཡིན། དེ་བས་དེང་རབས་ཀྱི་ཕྱོགས་སུ་སྐྱོད་པའི་ལྗང་མདོག་གི་གཏེར་ལས་ཤིག་ཀྱང་ཡིན། རྫོང་སྲིད་གཞུང་གིས་ལས་ཀའི་ཆེད་དོན་ཚོགས་ཆུང་བཙུགས་ནས་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་བརྒྱབ་སྟེ། ཆེད་ལས་ཚོགས་པ་གདན་འདྲེན་ཞུས་ནས་མཛེས་ལྗོངས་ཁུལ་ཆེ་གྲས་གཉིས་ལ་ཞིབ་འཇུག་དང་། དཔྱད་དཔོག རིགས་པས་ཁུངས་སྐྱེལ། ཁྱོན་ཡོངས་གཅིག་གྱུར་འཆར་འགོད་བཅས་བྱས་ནས་མཛེས་ལྗོངས་ཁུལ་བཏོད་དེ་ནུས་ཤུགས་ཡོད་རྒུས་རྒྱ་མ་ལུང་ཤུར་འདི་ཉིད་ཉམས་འགྱུར་ལྡན་པའི་མཛེས་ལྗོངས་ཁུལ་ཞིག་ཏུ་བསྐྲུན་དགོས་པ་དང་། མལ་གྲོ་གུང་དཀར་རྫོང་གི་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱི་ལེགས་ཆ་དང་ལོ་རྒྱུས་རིག་གནས་ཀྱི་ནང་དོན་ལ་བརྟེན་ནས་འཕེལ་རྒྱས་ཀྱི་ཡིད་ཆེས་བརྟན་དུ་གཏོང་བ་དང་འཕེལ་རྒྱས་ཀྱི་བསམ་ཕྱོགས་ཇེ་གསལ་དུ་བཏང་སྟེ། ཡུལ་སྐོར་གྱི་ལམ་ཐིག་འཆར་འགོད་དང་རིག་དངོས་འགྲེམས་སྟོན་གྱི་གསལ་བཤད་སོགས་ཐད་སེམས་ནུས་ཡོད་རྒུ་བཏོན་ནས།

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-02-17 6 6 拉萨日报藏文 c175925.html 1 ཝང་ཆང་གིས་མལ་གྲོ་གུང་དཀར་རྫོང་རྒྱ་མ་ཤང་དུ་བརྟག་ཞིབ་གནང་བ​། /enpproperty-->