ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་2ཚེས་16ཉིན་པར་སྐྲུན་བྱས་པའི་དུས་ཐེངས་བཞི་པའི《བདེན་འཚོལ》དུས་དེབ་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་བཏང་ནས་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པར་འགན་ལེན་བྱེད་དགོས》ཞེས་པ་སྤེལ་བ་རེད།འདི་ནི་2012ལོའི་ཟླ་12པ་ནས་2023ལོའི་ཟླ་6པའི་བར་གྱི་འབྲེལ་ཡོད་རྣམ་བཤད་གལ་ཆེན་གྱི་སྙིང་པོ་བསྡུས་འགོད་བྱས་པ་ཞིག་རེད།
རྩོམ་ཡིག་ནང་ཀྲུང་གོ་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ལག་ལེན་བསྟར་བ་དེ་ནི་ཉེ་རབས་རྗེས་ཀྱི་ཀྲུང་གོའི་ཆབ་སྲིད་འཚོ་བའི་ཡིད་སྐྱོ་བའི་བསླབ་བྱར་ཕྱོགས་བསྡོམས་གཏིང་ཟབ་བྱས་པ་ལས་བྱུང་བའི་གཞི་རྩའི་བསྡོམས་ཚིག་ཅིག་དང་། ཀྲུང་གོའི་སྤྱི་ཚོགས་ལོ་100ལྷག་ཙམ་རིང་འཕོ་འགྱུར་ཆེན་པོ་བྱུང་བ་དང་འཕེལ་རྒྱས་ཆེན་པོ་བྱུང་བའི་ལོ་རྒྱུས་ཀྱི་འབྲས་བུ་ཞིག་དང་། ཀྲུང་གོ་མི་དམངས་ཡར་ལངས་ཀྱི་བདག་པོ་དང་རང་ཉིད་ཀྱི་ལས་དབང་སྟངས་འཛིན་བྱེད་པའི་ལྡོག་མེད་ཀྱི་གདམ་ག་ཞིག་རེད། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ནི་ཏང་གི་འགོ་ཁྲིད་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱེད་པའི་རྩ་བའི་ཆབ་སྲིད་ལམ་ལུགས་ཀྱི་བཀོད་སྒྲིག་ཡིན་པས། ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་ཁྲིམས་ལྟར་རྒྱལ་ཁབ་བཅོས་སྐྱོང་ནུས་ལྡན་བྱེད་པར་འགན་ལེན་བྱེད་དགོས། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ནི་རང་རྒྱལ་གྱི་རྒྱལ་ཁབ་ཀྱི་གནས་ཚུལ་དང་དོན་དངོས་དང་མཐུན་པ་དང་། སྤྱི་ཚོགས་རིང་ལུགས་རྒྱལ་ཁབ་ཀྱི་ངོ་བོ་མཚོན་པ། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱ་རྒྱུར་འགན་ལེན། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་རྒྱུར་འགན་ལེན་བཅས་བྱེད་པའི་ལམ་ལུགས་བཟང་པོ་ཞིག་དང་། རང་རེའི་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་མིའི་རིགས་ཀྱི་ཆབ་སྲིད་ལམ་ལུགས་ཀྱི་ལོ་རྒྱུས་ཐོག་གི་གསར་གཏོད་རླབས་ཆེན་ཞིག རང་རྒྱལ་གྱི་ཆབ་སྲིད་འཕེལ་རྒྱས་ལོ་རྒྱུས་དང་ཐ་ན་འཛམ་གླིང་གི་ཆབ་སྲིད་འཕེལ་རྒྱས་ལོ་རྒྱུས་ཐོག་དོན་སྙིང་གལ་ཆེན་ལྡན་པའི་ཆབ་སྲིད་ལམ་ལུགས་གསར་རྐྱང་ཞིག་བཅས་ཡིན་པ་ལག་ལེན་གྱི་ཐོག་ནས་ར་སྤྲོད་བྱུང་ཡོད་ཅེས་ནན་སྟོན་གནང་ཡོད།
རྩོམ་ཡིག་ནང་ཏང་གི་ཚོཊ་ཆེན་བཅོ་བརྒྱད་པ་འཚོཊ་ཚུན། ཏང་ཀྲུང་དབྱང་གིས་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་རིཊ་པའི་གཞུང་ལུགས་དང་ལག་ལེན་གསར་གཏོད་ལ་མུ་མཐུད་སྐུལ་འདེད་བཏང་སྟེ་འདུ་ཤེས་གསར་པ་དང་། བསམ་བློ་གསར་པ། བླང་བྱ་གསར་པ་བཅས་རབ་དང་རིམ་པ་བཏོན་པ་དེ་དག་ལ་གཙོ་བོ་གཤམ་གསལ་གྱི་ཕྱོཊ་འགའ་ཡོད་པ་སྟེ། གཅིག་ནི་ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱེད་དགོས་པ་དང་། གཉིས་ནི་ངེས་པར་དུ་ལམ་ལུཊ་ཀྱི་མ་ལག་ལ་བརྟེན་ནས་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་རྒྱུར་འགན་ལེན་བྱེད་དགོས་པ། གསུམ་ནི་ངེས་པར་དུ་ཕྱོཊ་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་མཐའ་འཁྱོངས་བྱེད་དགོས་པ། བཞི་ནི་ངེས་པར་དུ་དམངས་གཙོ་གཅིག་སྡུད་ཀྱི་ལམ་ལུཊ་མཐའ་འཁྱོངས་བྱེད་དགོས་པ། ལྔ་ནི་ངེས་པར་དུ་ཀྲུང་གོའི་ལུཊ་ཀྱི་སྤྱི་ཚོཊ་རིང་ལུཊ་ཀྱི་ཆབ་སྲིད་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་མཐའ་འཁྱོངས་བྱེད་དགོས་པ། དྲུག་ནི་ངེས་པར་དུ་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་གི་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་བཅས་ཡིན་ཞེས་བསྟན་ཡོད།
རྩོམ་ཡིག་ནང་ཏང་གི་ཚོཊ་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་ཆབ་སྲིད་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་ངོས་འཛིན་གཏིང་ཟབ་བྱས་ནས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་འདུ་ཤེས་གལ་ཆེན་བཏོན་ཡོད། རང་རྒྱལ་གྱི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་ལམ་ལུགས་ཀྱི་གོ་རིམ་ཆ་ཚང་ཞིག་ཡོད་པར་མ་ཟད། དེའི་ནང་ཞུགས་པའི་ལག་ལེན་ཆ་ཚང་ཞིག་ཀྱང་ཡོད། རང་རྒྱལ་གྱི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོས་བརྒྱུད་རིམ་གྱི་དམངས་གཙོ་དང་གྲུབ་འབྲས་ཀྱི་དམངས་གཙོ། (པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社