2023ལོར་ཚལ་གུང་ཐང་ཁྲོམ་གཞུང་གིས་དོན་ཆེན་བཞིར་དམིགས་པ་དང་། འཛུགས་གཏོད་བཞིར་ཤུགས་རྒྱག་པ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་དེ་ཚལ་གུང་ཐང་ཁྲོམ་གཞུང་གི་དཔལ་འབྱོར་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་བརྩིས་ཏེ། བསམ་བློ་ཕྱོགས་གཅིག་ཏུ་གཏོང་བ་དང་། ནུས་ཤུགས་ཕྱོགས་གཅིག་ཏུ་འདོན་པ། གྲོང་མིའི་ཡོང་འབབ་མང་དུ་གཏོང་བ་བཅས་བྱས་པས་མང་ཚོགས་ཀྱི་འཚོ་བ་ཉིན་རེ་ལས་མ་འདས་པར་ལེགས་སུ་བཏང་ཡོད།
ཉི་མ་སྒྲོལ་མ་བཟའ་ཚོ་གཉིས་ནི་ཚལ་གུང་ཐང་ཁྲོམ་གཞུང་དཔལ་སྡིངས་གྲོང་ཚོའི་ཡུལ་མི་ཡིན་ཞིང་། ཁོ་མོའི་ནང་མི་བདུན་པོ་ནི་རྒྱ་ཆེ་ལ་དཀར་ཆ་དོད་པའི་སྒོ་ར་ཁེར་རྐྱང་ནང་སྡོད་ཀྱི་ཡོད།ཉི་མ་སྒྲོལ་མས་ངོ་སྤྲོད་བྱས་པར་གཞིཊ་ན།ལོ་ན་གཞོན་དུས་སུ་ཁོང་ཚོའི་ཁྱིམ་ཚང་གི་ཆ་རྐྱེན་གྱི་རྐྱེན་པས་བོཊ་གཏོང་ཁང་པའི་ནང་སྡོད་དགོས་ཀྱི་ཡོད། ཕྱིས་སུ་རིམ་ཁག་སྲིད་གཞུང་གི་རྒྱབ་སྐྱོར་འོག་2010ལོར་རང་ཉིད་ལ་དབང་བའི་ཁང་པ་དང་པོ་དེ་བརྒྱབ་ཡོད།སླར་ཡང་2021ལོར་སྲིད་གཞུང་གི་རྒྱབ་སྐྱོར་དང་རང་ཉིད་ཀྱི་འབད་བརྩོན་འོག་མིག་སྔའི་ཡངས་ཤིང་རྒྱ་ཆེ་བའི་སྡོད་ཁང་དེ་བརྒྱབ་པ་རེད། ཁོ་མོས་དེ་སྔ་དང་བསྡུར་ཚེ་ད་ལྟའི་ཁང་པ་འདི་འདྲའི་ནང་སྡོད་རྒྱུ་བྱུང་བ་རྨི་ལམ་ལའང་འཁོར་མྱོང་མེད།དེ་སྔོན་ང་ཚོའི་འཚོ་བའི་ཆ་རྐྱེན་ཞན་པའི་འོག་ལ་ཕྲུ་གུའང་མང་པོ་ཡོད། སྲིད་གཞུང་གི་རོཊ་སྐྱོར་འོག་ང་ཚོར་གཞི་ནས་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བྱུང་ཡོད། ངས་དེ་དག་ཚང་མ་བློ་ལ་བརྟན་པོར་ངེས་པ་དང་འབྲེལ་སྲིད་གཞུང་ལ་སྙིང་དབུས་ནས་ཐུཊ་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོར་ཡང་འབྱུང་འགྱུར་གྱི་འཚོ་བ་ཉིན་རེ་ལས་མ་འདས་པར་ཡག་ཏུ་འགྲོ་རྒྱུའི་ཡིད་ཆེས་དང་ཆོད་སེམས་ཡོད་ཅེས་བཤད།
མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་རྒྱུ་ནི་ཚལ་གུང་ཐང་ཁྲོམ་གཞུང་གིས་སྔར་ནས་ད་བར་འབད་བརྩོན་ལྷོད་མེད་བྱེད་པའི་འབད་འཐབ་ཀྱི་དམིགས་ཚད་ཅིག་རེད།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社