ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། མང་ཚོགས་ལ་ལྟ་སྐྱོང་བྱེད་དཀའ་བ་དང་ཟུར་ཁྲིད་བྱེད་དཀའ་བ་སོགས་ཀྱི་དོན་དངོས་དཀའ་ངལ་ཐག་གཅོད་བྱེད་རོགས་བྱས་ནས་སློབ་མར་སློབ་གསོའི་ཁོར་ཡུག་བཟང་པོ་བཏོད་དེ་འོས་འགན་སློབ་གསོ་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད།དགུན་ཁའི་གུང་གསེང་འཆར་སྐབས་སྟོད་ལུང་བདེ་ཆེན་ཆུས་བདེ་ཆེན་གྲོང་རྡལ་གྱི་རྒན་རྒོན་དང་བྱིས་པའི་ཉིན་མོའི་ལྟ་རྟོག་ལྟེ་གནས་སུ་དགུན་ཁའི་གུང་གསེང་གི་མངགས་བཅོལ་འཛིན་གྲྭ་བཙུཊ་ནས་སློབ་ཕྲུག་ཚོའི་དགུན་ཁའི་གུང་གསེང་གི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་བ་རེད།
ཞོགས་པ་སྔ་པོ་ནས་བསམ་ཤེས་ཐུབ་པའི་ཉི་སྒྲོལ་མལ་ལས་ལངས་ཏེ་སློབ་སྦྱོང་བྱེད་པ་དང་ཨ་མ་བདེ་སྐྱིད་ཚེ་རིང་གིས་ཞོཊ་ཟས་བཟོ་བའི་བར་གསེང་ལ་བརྟེན་ནས་ཉི་སྒྲོལ་ལ་སྦྱོང་ཚན་ཟུར་ཁྲིད་བྱེད།ཞོཊ་ཟས་བཟས་རྗེས་ཨ་མ་ཕྱིར་ལས་ཀར་བསྐྱོད་པ་དང་ཉི་སྒྲོལ་གྱིས་ལོ་6ལ་སླེབས་པའི་གཅུང་པོ་ཁྲིད་ནས་ཁྱིམ་གྱི་ཉེ་འགྲམ་དུ་ཡོད་པའི་བདེ་ཆེན་གྲོང་རྡལ་རྒན་རྒོན་དང་བྱིས་པའི་ཉིན་མོའི་ལྟ་རྟོག་ལྟེ་གནས་སུ་བསྐྱོད་དེ་དེར་གཅེན་གཅུང་གཉིས་ཀྱིས་རིན་པ་མི་དགོས་པར་བཅོལ་ཉར་གྱི་ཞབས་ཞུ་ལོངས་སུ་སྤྱོད་ཀྱི་ཡོད།
ཉི་སྒྲོལ་གྱིས་ངས་འདི་གར་གྲོགས་པོ་མང་པོ་ཞིག་བསྒྲིགས་ཡོད་ལ་དགེ་རྒན་གྱིས་དུས་རྒྱུན་ངས་མི་ཤེས་པའི་ཁྱིམ་གྱི་སྦྱོང་ཚན་ཟུར་ཁྲིད་བྱས་ནས་ངའི་སློབ་གསེང་གི་འཚོ་བ་ཕུན་སུམ་ཚོགས་སུ་བཏང་ཡོད་ཅེས་བཤད།
བཅོལ་ཉར་འཛིན་གྲྭའི་ནང་ཉི་སྒྲོལ་དང་འདྲ་བའི་སློབ་ཆུང་སློབ་མ་ཡོད་ལ་དམའ་རིམ་སློབ་འབྲིང་གི་སློབ་མ་དང་བུ་བཅོལ་ཁང་གི་ཕྲུ་གུ་ཡང་ཡོད།ལོ་རིམ་མི་འདྲ་བའི་སློབ་མའི་འཚར་ལོངས་ཀྱི་དགོས་མཁོ་སྐོང་ཆེད།ཉི་མོའི་ལྟ་རྟོག་ལྟེ་གནས་ཀྱིས་སློབ་མའི་དགུན་གསེང་གི་སྦྱོང་ཚན་དང་།ཉན་བཤད་ཀློག་འབྲི།སློབ་ཕྱིའི་ཤེས་བྱ་སློབ་སྦྱོང་སོགས་ཀྱི་ནང་དོན་ལ་དམིགས་ནས་ཟུར་ཁྲིད་བྱེད་པ་དང་།སློབ་མར་ཉིན་རེའི་སློབ་སྦྱོང་གི་འཆར་གཞི་བཟོ་རོགས་དང་དོགས་གནད་ལ་འགྲེལ་བཤད་རྒྱག་རོགས་བྱས་པར་མ་ཟད།ད་དུང་ཕན་ཚུན་རོགས་རམ་དང་ཐུན་མོང་ཐོག་འཚར་ལོངས་ཡོང་རོགས་ཀྱི་སློབ་གསོ་དང་སློབ་སྦྱོང་བྱ་ཐབས་གསར་བཏོད་བྱས་ནས་ལོ་རིམ་མཐོ་བའི་འཛིན་གྲྭའི་སློབ་མས་ལོ་རིམ་དམའ་བའི་སློབ་མའི་སློབ་སྦྱོང་ལ་རོགས་རམ་བྱས་ཏེ་ཐུན་མོང་ཐོག་ཡར་རྒྱས་ཡོང་བ་བྱ་རྒྱུའི་ལྕག་སྐུལ་བྱེད་ཀྱི་ཡོད་པ་རེད།
བཅོས་ཉར་ཞབས་ཞུའི་ལས་དོན་གྱིས་ཁྱིམ་བདག་ལ་གུང་གསེང་རིང་གི་བྱིས་པར་ལྟ་སྐྱོང་བྱེད་མཁན་མེད་པའི་དཀའ་གནད་སེལ་རོགས་བྱས་པར་མ་ཟད།ཕྲུ་གུས་བྱེད་སྒོ་སྣ་ཚོགས་ལ་བརྟེན་ནས་སྤྲོ་སྣང་འཕེལ་བ་དང་ཤེས་བྱ་ཕུན་སུམ་ཚོགས་སུ་བཏང་སྟེ་མི་མངོན་པའི་ནུས་པ་སྔོག་འདོན་དང་འཇོན་ནུས་ཆེ་རུ་བཏང་ནས་སློབ་མའི་སྣ་མང་ཅན་གྱི་སློབ་སྦྱོང་གི་དགོས་མཁོ་བསྐངས་ཡོད།
ཉི་སྒྲོལ་གྱི་ཨ་མས་དུས་རྒྱུན་ང་ཚོ་ཕྱི་ལ་ལས་ཀ་བྱེད་པར་འགྲོ་ཡི་ཡོད།ཕྲུ་གུ་ཚོ་གཅིག་པུར་ཁྱིམ་དུ་སྡོད་དགོས་པས་ང་ཚོ་ཡང་བློ་བདེ་པོའི་ངང་ལས་ཀ་བྱེད་མི་ཐུབ།ཉིན་མོའི་ལྟ་རྟོག་ལྟེ་གནས་གཉེར་སྐྱོང་བྱས་རྗེས་ཕྲུ་གུ་མངཊ་བཅོལ་བྱེད་ཆོག་པ་དང་དགེ་རྒན་གྱིས་ཕྲུ་གུར་སྦྱོང་ཚན་ཟུར་ཁྲིད་བྱེད་ཀྱི་ཡོད་ལ་ཉིན་རེའི་ལྟོ་དུས་གསུམ་པོ་ཡང་ཐག་གཅོད་བྱེད་ཀྱི་ཡོད་པས་ཧ་ཅང་སྟབས་བདེ་བསྐྲུན་ཡོད། ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་འོག་ང་ཚོ་མང་ཚོཊ་ཚོར་སྟབས་བདེའི་བདེ་སྐྱིད་ལྡན་པའི་འཚོ་བ་དེ་འདྲ་ལོངས་སུ་སྤྱོད་རྒྱུ་བྱུང་ཞེས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། སྟོད་ལུང་བདེ་ཆེན་ཆུས་བདེ་ཆེན་གྲོང་རྡལ་གྱི་རྒན་རྒོན་དང་བྱིས་པའི་ཉིན་མོའི་ལྟ་རྟོག་ལྟེ་གནས་དེ་2023ལོའི་ཟླ་8པར་སྒོ་བྱང་བཀལ་ནས་དངོས་སུ་བཙུགས་པ་དང་།ད་ཐེངས་ཀྱི་དགུན་གསེང་གི་བཅོལ་ཉར་འཛིན་གྲྭ་བཙུགས་ཐེངས་དང་པོ་ཡིན་པ་དང་ལྟེ་གནས་ཀྱིས་སློབ་གྲྭ་ཁག་གི་གྲུབ་འབྲས་ཐོབ་པའི་བྱེད་སྟངས་དང་སྔོན་ཐོན་ཉམས་མྱོང་དུས་ཐོག་ཏུ་ཕྱོགས་བསྡོམས་དང་སློབ་སྦྱོང་བྱས་ཏེ་སྤྱི་ཚོགས་ཡོངས་ཀྱིས་དགུན་ཁའི་གུང་གསེང་གི་མངགས་བཅོལ་ཞབས་ཞུའི་ལས་དོན་ལ་དོ་ཁུར་དང་རྒྱབ་སྐྱོར་བྱེད་པའི་ཐུན་མོང་གི་ངོས་འཛིན་ཆགས་རྒྱུར་སྐུལ་འདེད་བཏང་ནས་མངགས་བཅོལ་ཞབས་ཞུའི་དྲང་ནུས་འདོན་སྤེལ་བྱས་ཏེ་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཞིག་གཏོད་རྒྱུ་ཡིན་པ་རེད།
ལྟ་སྐྱོང་བ་ཚེ་སྒྲོལ་གྱིས་སླད་ཕྱིན།ང་ཚོས་བུ་ཕྲུག་བཅོལ་ཉར་གྱི་དོ་དམ་ལམ་ལུགས་མུ་མཐུད་འཐུས་སྒོ་ཚང་དུ་བཏང་ནས་ཉེ་འགྲམ་གྱི་ཕྲུ་གུར་ལྟ་རྟོག་དེ་བས་ལེགས་པ་ཐུབ་པར་བྱ་རྒྱུ་ཡིན་ཞེས་བཤད།
(བུ་ཆུང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社