分享按钮

(པར་ངོས་དང་པོར་མཐུད)ཁོང་དང་ལྷན་དུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གྱི་ཁྲིད་སྟོན་འོག་དང་། འདས་པའི་ལོ་གཅིག་རིང་གི་ཏང་དང་། རྒྱལ་ཁབ། དམག་དཔུང་བཅས་ཀྱི་བྱ་གཞག་ལ་གྲུབ་འབྲས་གལ་ཆེན་ཐོབ་པར་ཐུན་མོང་ཐོག་ཕྱིར་དྲན་གནང་བ་རེད། བློ་མཐུན་རྒན་གྲས་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ཏེ་གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་ཆུད་པ། འདུ་ཤེས་བཞི་ཟབ་ཏུ་གཏོང་བ། གདེང་ཚོད་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་བྱེད་ཐུབ་པ་བཅས་བྱས་ཏེ་དམག་ཨུད་ཀྱི་ཀྲུའུ་ཞིས་འགན་འཁུར་བའི་ལམ་ལུགས་ལག་བསྟར་བྱེད་པ་དང་། ཡིད་ཆེས་བརྟན་པོ། སྙིང་སྟོབས་ཆེར་སྐྱེད། མཐུན་སྒྲིལ་ཡར་བརྩོན་བཅས་བྱས་ཏེ་དམག་དཔུང་བཙུགས་ནས་ལོ་ངོ་བརྒྱ་འཁོར་བའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བ་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།

འཁྲབ་སྟོན་དེ་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པར་སློབ་སྦྱོང་དང་དམག་དཔུང་སྟོབས་ཆེར་གཏོང་བའི་བྱ་གཞག་ལ་བྱས་རྗེས་འཇོག་དགོས་ཞེས་པ་གཙོ་དོན་དུ་བྱས་ཏེ་རིག་རྩལ་སྟབས་བདེའི་རུ་ཁག་གིས་དམག་མིར་ཞབས་འདེགས་ཞུ་བའི་གདོད་མའི་རྣམ་པའི་ཐོག་ནས་འཁྲབ་སྟོན་བྱས་པ་དང་། དུས་རབས་གསར་པའི་དམག་དཔུང་སྟོབས་ཆེར་གཏོང་བའི་བྱ་གཞག་གི་རླབས་ཆེན་གྲུབ་འབྲས་གསོན་ཉམས་དོད་པོས་མཚོན་པར་བྱས་ནས་དམག་ཡོངས་ཀྱི་དཔོན་དམག་ཚོས་སྲོག་ཤིང་ལ་སྲུང་སྐྱོང་དང་དམག་དཔུང་སྟོབས་ཆེར་གཏོང་རྒྱུར་འབད་འཐབ་བྱེད་པའི་བློ་སྟོབས་ཀྱི་ཉམས་འགྱུར་གང་ལེགས་མངོན་ཡོད། དུས་རབས་གསར་པ་དང་། རྒྱང་སྐྱོད་ཀྱི་ལམ་བུ་གསར་པ། ལོ་གསར་པའི་དམིགས་ཚད་གསར་པ་སྟེ། གླུ་གར《དམག་གླུ་ལེན་བཞིན་དཔྱིད་གསར་བསུ》ཞེས་པས་འཁྲབ་སྟོན་བྱེད་འགོ་བཙུགས་ནས་བཀྲ་ཤིས་པའི་དུས་ཆེན་གྱི་རྣམ་པ་བཟང་པོ་ཞིག་བཏོད་ཡོད། རྣམ་པ་དངོས་མཚོན་པའི་འཁྲབ་སྟོན་གླུ་གཞས《གཟི་འོད་ཀྱི་རྗེས་སྙེག་པ》ཞེས་པ་འཁྲབ་ནས་དགོངས་པས་མདུན་སྐྱོད་ཀྱི་ལམ་བུར་འོད་ཟེར་འཕྲོ་བ་དང་། འབད་འཐབ་ཆེན་པོས་འབྱུང་འགྱུར་གསར་གཏོད་བྱེད་པའི་རླབས་ཆེའི་ལག་ལེན་ལ་སྤྲོ་སེམས་འཁོལ་བའི་བསྟོད་གླུ་བླངས་ཡོད། ཏང་གི་དར་ཆའི་འོག་དམག་མིའི་བླ་སྲོག་བརྟན་པོ་གཏོད་པའི་ཆོད་སེམས་དང་སྙིང་སྟོབས་མངོན་གསལ་དོད་པོས་མཚོན་པར་བྱས་ཡོད། མཉམ་གཞས《ངར་བླུད་ནས་ངར་ལྕགས་གྲུབ་པར་བྱེད》ཅེས་པའི་གླུ་གཞས་བཏང་ནས་དམག་དཔུང་གི་ཆབ་སྲིད་སྦྱོང་སྒྲིག་གཏིང་ཟབ་ཏུ་གཏོང་བའི་སྲོལ་གསར་སྤྱོད་བཟང་མངོན་པ་དང་དྭངས་གཙང་གཟི་བརྗིད་བརྟན་སྲུང་དང་དམག་དཔུང་སྟོབས་ཆེར་གཏོང་བའི་ལས་འགན་སྒྲུབ་པའི་བློ་བརྟན་འགྱུར་མེད་ཀྱི་དད་སེམས་མངོན་ཡོད།འཁྲབ་སྟོན《གདོང་མཆོང་གི་དུས་སྐབས》དང་ཞབས་བྲོ《རྒྱལ་ཁ་ཕུ་ཐག་གཅོད་པ》སོགས་ཀྱི་ལེ་ཚན་འཁྲབ་སྟོན་བྱས་པ་དེའི་ཐོག་ནས་དཔུང་སྡེས་གྲ་སྒྲིག་ཨང་བསར་བྱས་ནས་སྡོད་པའི་ཉེན་ཟོན་རྣམ་པ་དང་བཀའ་ཐོས་རྗེས་གདོང་མཆོང་བྱེད་པའི་རྣམ་པ་མཚོན་ཡོད།མཉམ་གཞས་དང་འཁྲབ་སྟོན་གླུ་གཞས《འཐབ་འཛིང་པའི་རྒྱང་རིང་གི་ཁྱིམ་ལ་རྒྱལ་ཁབ་འབོད》ཅེས་པ་དང་། 《རི་ཀླུང་གིས་བརྟན་པོར་ངེས》《མི་དམངས་ལ་འབྱོར་ཐོ་འགོད》ཅེས་པ་སོགས་སྐད་གསང་མཐོན་པོས་བླངས་ནས་མི་དམངས་བུ་ཕྲུག་དམག་གིས་མཐའ་སྲུང་འཐབ་རྩོད་དང་། ཉེན་སེལ་གེགས་སེལ། ཕྱི་རྒྱལ་ནས་ཕྱིར་སྡོད་རང་མི་ཕྱིར་འཐེན་བྱེད་པ་སོགས་ལས་འགན་གལ་ཆེན་གྱི་འགན་འཁྲི་འཁུར་སེམས་དང་བརྩེ་སེམས་བསྐྱར་དུ་མངོན་པར་བྱས་ནས་དཔའ་བོར་བསྔགས་བརྗོད་བྱས་པ་རེད། གསར་དུ་རྩོམ་སྒྲིག་བྱས་པའི་གྲགས་ཅན་གླུ་གཞས《ཡན་ཨན་ལ་བསྟོད་པ》དང་། 《ཧུང་མེ་ལ་བསྔགས་པ》《ང་ནི་དམག་མི་ཞིག་ཡིན》བཅས་ཀྱིས་གསར་བརྗེའི་དམག་མིའི་གསར་བརྗེའི་འདས་དོན་བསྐྱར་དུ་མངོན་ཡོད། འཁྲབ་ཚན་ཐུང་གྲས《བཀྲ་ཤིས་གཏམ་བཟང》ཞེས་པ་ལས་དམག་དཔུང་དང་ས་གནས་ཀྱིས་བྱས་རྗེས་འཇོག་མཁན་གྱི་དཔེ་བཟང་བར་གུས་བཀུར་ཞུ་བའི་མི་སེམས་འགུལ་བའི་གཏམ་རྒྱུད་བརྗོད་པ། ཕུལ་བྱུང་སྲོལ་རྒྱུན་རྒྱུན་འཛིན་དང་རྒྱལ་ཁབ་སྟོབས་ཆེན་དང་དམག་དཔུང་སྟོབས་ཆེར་གཏོང་བའི་སྟོབས་ཤུགས་གཅིག་ཏུ་བསྡུས་པའི་གསོན་ཉམས་དོད་པའི་རྣམ་པ་བསྟན་ཡོད། དྭངས་གཙང་གི་སེམས་པ་ངའི་མེས་རྒྱལ་ལ་འབུལ། འཐབ་ས་ནས་ཕུགས་འདུན་དོན་གཉེར་དང་དམག་དཔུང་སྟོབས་ཆེར་གཏོང་བའི་དམག་འཐབ་ཀྱི་གླུ་དབྱངས་ལེན་ཞེས་པ་སྟེ།《དམག་དཔུང་སྟོབས་ཆེར་གཏོང་བར་ང་ཡོད》ཅེས་པའི་གླུ་གཞས་མཉམ་གཏོང་ཁྲོད་མཇུག་འགྲིལ་ཏེ་དམིགས་ཚད་གཏན་འཁེལ་དང་འགག་སྒྲོལ་ཤུགས་ཆེན་བྱས་ཏེ་དམག་དཔུང་སྟོབས་ཆེར་གཏོང་བའི་བྱ་གཞག་གི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་པའི་བརྗིད་ཆེའི་བློ་སྟོབས་མཚོན་པར་བྱས་ཡོད། འཁྲབ་སྟོན་ཐོག་བབ་ཆགས་པའི་མཛེས་སྡུག་དང་བརྗིད་ཆེའི་ཉམས་མངོན་པ་དེའི་ཐོག་ནས་དམག་དཔུང་སྟོབས་ཆེར་གཏོང་བའི་རིག་གནས་ཀྱི་རྣམ་པ་གསར་རྐྱང་ཞིག་མངོན་ཡོད་པ་རེད།

ཀྲང་ཡིའུ་ཞ་དང་། ཧོ་ཝུའེ་ཏུང་། ལིའུ་ཀྲེན་ལི། མེའོ་ཧྭ། ཀྲང་ཧྲེང་མིན་བཅས་ཀྱིས་མཉམ་དུ་འཁྲབ་སྟོན་ལ་གཟིགས་པ་རེད།

འཁྲབ་སྟོན་ལ་ལྟ་མཁན་ད་དུང་དམག་ཨུད་ལས་ཁུངས་ཀྱི་སྡེ་ཚན་ཁག་དང་། པེ་ཅིང་དུ་བཅའ་སྡོད་དམག་དཔུང་གི་འབྲེལ་ཡོད་ཚན་པའི་འགོ་ཁྲིད་དང་དཔུང་སྡེའི་དཔོན་དམག་གི་འཐུས་མི་བཅས་ཡོད་པ་རེད།

(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-02-01 6 6 拉萨日报藏文 c174935.html 1 /enpproperty-->