ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་1ཚེས་30ཉིན། གྲོང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ལས་དོན་ཚོགས་འདུ་འཚོགས་པ་རེད།
གྲོང་ཨུད་ཀྱི་རྒྱུན་ཨུ་དང་། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། སྤྱི་བདེ་ཅུས་ཏང་ཨུད་ཀྱི་ཧྲུའུ་ཅི་བཅས་ཡིན་པའི་བུ་འོད་སྟོང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
གྲོང་སྤྱི་གཞོན་པ་དང་། གྲོང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ། གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་པ་སངས་རྡོ་རྗེས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། གྲོང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཨུ་ཡོན་ལི་ཧྲེ་རུང་དང་། མིག་དམར་བསྟན་འཛིན། ལྷག་ཆུང་ཚེ་རིང་བཅས་ཚོགས་འདུར་ཞུགས་ཡོད།
ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲིད་ཁྲིམས་ལས་དོན་ལ་གནང་བའི་མཛུབ་སྟོན་གལ་ཆེན་དང་ཀྲུང་དབྱང་སྲིད་ཁྲིམས་ལས་དོན་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་སྲིད་ཁྲིམས་ལས་དོན་ལ་མཆན་བཀོད་མཛུབ་སྟོན་དང་ལྗོངས་ཏང་ཨུད་ཀྱི་སྲིད་ཁྲིམས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་པ། ཤུགས་སྣོན་བཞི་དང་སྐུལ་འདེད་གཏིང་ཟབ་གཅིག་གི་ཞིབ་ཕྲའི་བཀོད་སྒྲིག་གི་བླང་བྱ་ལྟར་འདི་ལོའི་གྲོང་ཁྱེར་ཡོངས་ཀྱི་སྲིད་ཁྲིམས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་བཀོད་སྒྲིག་བྱས་པ་རེད།
ཚོགས་འདུའི་ཐོག་ཏང་གིས་སྲིད་ཁྲིམས་ལས་དོན་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ཏེ་འདུ་ཤེས་བཞི་ལ་ཟབ་ཏུ་གཏོང་བ་དང་། གདེང་ཚོད་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བཅས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཆབ་སྲིད་ཆེ་ཤོས་འདིར་དམིགས་པ་དང་། དོན་ཆེན་བཞི་དང་གསར་གཏོད་བཞིར་ཞབས་ཞུ་དང་འགན་སྲུང་བྱེད་པར་དམ་པོར་དམིགས་པ། འདུ་འགོད་ཆེན་པོ་ལྔ་ལག་བསྟར་གཏིང་ཟབ་བྱེད་པ། ནུས་པ་ཆེན་པོ་ལྔ་གོང་མཐོར་གཏོང་བར་ཤུགས་རྒྱག་པ། ལས་དོན་ཁག་ལྔར་དམ་འཛིན་མཐའ་གཅིག་ཏུ་བྱེད་པ། ལྷག་བསམ་རྣམ་དག་གིས་འགན་འཁྲི་སྒྲུབ་པ་དང་འགན་འཁྲི་ཁུར་ཕོད་པ་བཅས་བྱས་ནས་སྲིད་ཁྲིམས་ལས་དོན་རྒྱལ་ཡོངས་མི་རིགས་ས་ཁུལ་གྱི་མདུན་གྲལ་དུ་བསྐྱོད་རྒྱུར་སྐུལ་འདེད་བཏང་སྟེ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་ལྷ་ས་གསར་པ་སྒོ་ཀུན་ནས་བསྐྲུན་རྒྱུར་བདེ་འཇགས་ཀྱི་འགན་ལེན་ནུས་ལྡན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社