分享按钮

ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་།ཤེས་དད་སྦྱོར་གསུམ་གཅིག་གྱུར་ཡོང་བར་བྱེད།

གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་གཙོ་དོན་སློབ་གསོའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་བ།

གཙོ་དོན་སློབ་གསོ་ཁག་གཉིས་པ་སྤེལ་བ་ནས་བཟུང་།ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་།ཤེས་དད་སྦྱོར་གསུམ་གཅིག་གྱུར་ཡོང་བར་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་།དགོངས་པར་སློབ་སྦྱོང་དང་།ཏང་གཤིས་ལེགས་གཏོང་།ལག་ལེན་ལ་མཐོང་ཆེན།བྱས་རྗེས་གསར་པ་འཇོག་པ་བཅས་ཀྱི་སྤྱིའི་བླང་བྱ་ཁོང་དུ་བརྟན་པོ་ཆུད་པར་བྱེད་པ།སློབ་སྦྱོང་ལ་བརྟེན་ནས་བླ་སྲོག་གཏོད་པ་དང་།སློབ་སྦྱོང་ལ་བརྟེན་ནས་རིག་སྟོབས་འཕེལ་བ།སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་ལེགས་གཏོང་།སློབ་སྦྱོང་ལ་བརྟེན་ནས་ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ཕན་འབྲས་དངོས་ཐོན་པར་བྱེད་པ།སྤྱི་བདེའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱེད་པ།གཏན་འབེབས་བྱེད་སྒོའི་རྣམ་པ་མི་འགྱུར་བ།རང་འདེམས་བྱེད་སྒོའི་ཁྱད་ཆོས་ལྡན་པ་བཅས་ཀྱི་སྒོ་ནས་གཙོ་དོན་སློབ་གསོ་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་བཏང་ཡོད།

དཔེ་མཚོན་གྱིས་ཉེན་རྟོག་པའི་བླ་སྲོག་གཏོད་པར་སྣེ་ཁྲིད་བྱས་པ།དེ་ཡང་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་སྤྱི་བདེའི་སྔོན་གཤེགས་དཔའ་བོའི་བྱས་རྗེས་བསྐྱར་དྲན་བྱེད་པ་དང་།ཚན་པ་དེ་གའི་སྔོན་ཐོན་དཔེ་བཟང་མི་སྣ་འདེམས་གཏོད་བྱེད་པ།སྔོན་ཐོན་ཏང་ཀྲི་པུའུ་ཡི་དཔྱད་བསྡུར་བྱེད་སྒོ་སྤེལ་བ་བཅས་བརྒྱུད་གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་དང་།དཔའ་བོ་དཔེ་བཟང་གི་སྙིང་སྟོབས་རྒྱུན་འཛིན།འབད་འབུངས་སྟོབས་ཤུགས་བསྡུ་ལེན་བཅས་བྱས་ནས་ལས་བྱེད་ཉེན་རྟོག་པ་ཡོངས་ལ་བློ་བརྟན་འགྱུར་མེད་ངང་ཏང་དང་མི་དམངས་ཀྱི་ལྷག་བསམ་དག་པའི་སྐུ་སྲུང་བ་ཞིག་བྱ་རྒྱུའི་སྐུལ་ལྕག་བྱས་པ་རེད།ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་ད་དུང་ཏང་འཛུགས་སྐྱོང་ལས་དོན་དང་ལས་སྒོའི་ལས་དོན་དེ་གཙོ་དོན་སློབ་གསོ་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་།སྟོབས་ཆེའི་ཏང་ཀྲི་པུའུ་བཞི་གཏིང་ཟབ་ཏུ་གཏོང་རྒྱུ་དམ་འཛིན་བྱ་གཞིར་བྱེད་པ།སྔོན་ཐོན་ཏང་ཀྲི་པུའུ་དཔྱད་བསྡུར་དང་སྐོར་སྐྱོད་དར་དམར་གྱི་དར་ཆ་སྤྲོད་པའི་བྱེད་སྒོ་སྤེལ་བ།སློབ་བསྡུར་བསྙེགས་བརྒལ་གྱི་རྣམ་པ་བཟང་པོ་གང་ལེགས་གཏོད་པ།གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་བརྟན་དུ་གཏོང་བ།གྲོང་ཁྱེར་ཡོངས་ཀྱི་ལས་བྱེད་ཉེན་རྟོག་པའི་བློ་སྟོབས་འཕེལ་བར་བྱེད་པ་བཅས་བྱས་ཡོད།

དམངས་ཀྱི་དོན་དུ་འགན་ཁུར་ཏེ་བྱ་བ་དངོས་བསྒྲུབས་པ།དེ་ཡང་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་བརྟན་པོར་བཙུགས་པ་དང་།མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་ཀྱིས་མང་ཚོགས་ཀྱི་ཉེ་འགྲམ་གྱི་དོན་ཆུང་རྣམས་སྤྱི་བདེའི་ཁོངས་གཏོགས་ཀྱི་དོན་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱས་ཏེ་དམངས་ཀྱི་ཆེད་དུ་བྱ་བ་དངོས་སྒྲུབ་ཀྱི་ཡོད།ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་འབྲེལ་ཡོད་རིགས་གཅིག་མཁས་ཅན་ཚོགས་པ་གདན་ཞུ་བྱས་ཏེ་ལྷ་སའི་འགྲོ་ལམ་འགྲིམ་འགྲུལ་ཐད་ཀྱི་གནད་དོན་བཀའ་འདྲི་ཞུས་པ་དང་།རིམ་རྩིས་བྱས་ན་འགྲིམ་འགྲུལ་མཚོན་རྟགས་སྣ་ཚོགས་135བརྗེས་པ་དང་།འགྲིམ་འགྲུལ་ལམ་རྟགས་སྨི་ངོས་གྲུ་950ལྷག་ཙམ་བྲིས་པ།གཞུང་ལམ་འགྲིམ་འགྲུལ་གྱི་བརྡ་གཏོང་གློག་སྒྲོན་29ལེགས་སྒྲིག་བྱས་པ།གཞུང་ལམ་འགྲིམ་འགྲུལ་གྱི་མི་མངོན་པའི་རྐྱེན་ངན་ཡོད་ས་84ལ་གྲལ་བཤེར་དང་བཅོས་སྒྲིག་བྱས་པར་བརྟེན་ནས་གྲོང་ཁྱེར་གྱི་གཞུང་ལམ་འགྲིམ་འགྲུལ་ཤར་བགྲོད་ཀྱི་ལས་ཕྱོད་སྔར་བས་ཆེ་རུ་བཏང་བ་དང་།གྲོང་ཁུལ་གྱི་འགྲིམ་འགྲུལ་གནོན་ཤུགས་ནུས་ལྡན་ངང་ཞི་ལྷོད་དུ་བཏང་བ་རེད།ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་རླངས་འཁོར་དོ་དམ་སུའོ་ཡིས་སྤྱི་བདེ་འགྲིམ་འགྲུལ་དོ་དམ་གྱི་གློད་སྡོམ་ཞབས་གསུམ་གྱི་དམངས་ཕན་བྱ་ཐབས་ལ་ནན་པོར་གཞིགས་ནས།འགྲུལ་སྐྱེལ་མིན་པའི་རླངས་འཁོར་ཆུང་གྲས་དང་ཆེས་ཆུང་གྲས་ལ་ལག་ཁྱེར་གཅིག་གཉེར་བའི་བྱེད་ཐབས་ལག་བསྟར་བྱས་པ་དང་།འགྲིམ་འགྲུལ་དོ་དམ་12123གྱི་APPརིམ་སྤོར་བྱས་ཏེ་ཡིག་གཟུགས་ཆེ་ཏུ་བཏང་བས་རྒན་རྒོན་གྱིས་སྤྱོད་རྒྱུར་སྟབས་བདེ་བསྐྲུན་ཡོད།

བརྟན་ལྷིང་སྲུང་སྐྱོང་གིས་གཟུགས་བརྙན་བཏོད་པ།དེ་ཡང་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་ཁེ་ལས་དང་འབྲེལ་བ་ཡོད་པའི་གྱོད་གཞི་སྒྲུབ་གཉེར་ཚད་ལྡན་དུ་གཏོང་བ་དང་།ཁེ་ལས་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏོང་བ།ཡུལ་སྐོར་གྱི་ཟང་ཟིང་སྣང་ཚུལ་བཅོས་སྒྲིག་བྱེད་པ་བཅས་ཚད་བརྒལ་བྱེད་སར་བརྩིས་ནས་ཁེ་ལས་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་གྱོད་གཞི་སྣ་ཚོགས་ཁྲིམས་ལྟར་གཟབ་ནན་ངང་ཐག་གཅོད་བྱེད་པ་དང་།ཉེས་དོན་ཁྲིམས་གཏན་འཁེལ་བ་དང་གུ་ཡངས་དང་དྲག་གཅུན་ཟུང་འབྲེལ་སོགས་ཁྲིམས་འཛིན་སྲིད་ཇུས་སྟངས་འཛིན་ནན་པོ་བྱེད་པ།ཁེ་ལས་ཀྱི་རྒྱུན་གཏན་གྱི་ཐོན་སྐྱེད་གཉེར་སྐྱོང་བྱེད་སྒོར་ཁྲིམས་ལྟར་སྲུང་སྐྱོང་བྱེད་པ་བཅས་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་ཁྲིམས་སྐྱོང་གི་འགན་ལེན་ནུས་ལྡན་བྱས་ཡོད།དེ་དང་ཆབས་ཅིག་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་ཁྲོམ་ར་ལྟ་སྐུལ་དོ་དམ་དང་།རིག་གནས་ཡུལ་སྐོར།འགྲིམ་འགྲུལ་སྐྱེལ་འདྲེན་སོགས་འགན་ནུས་སྡེ་ཚན་དང་མཉམ་དུ་དྲིལ་བསྒྲགས་རྫུན་མ་དང་།ཡུལ་སྐོར་བར་མགོ་སྐོར་བཏང་ནས་ཉོ་སྒྲུབ་བྱེད་པ།སྡེབ་ཚོང་བྱེད་པ།བཙན་ཉོ་བཙན་ཚོང་བྱེད་པ།ཡུལ་སྐོར་ལས་དོན་ཁང་གིས་ལག་ཁྱེར་མེད་པའི་རླངས་འཁོར་གླས་པ་སོགས་ལས་རིགས་ཀྱི་ཟང་ཟིང་སྣང་ཚུལ་བཅོས་སྒྲིག་དང་མཉམ་འབྲེལ་ཁྲིམས་འཛིན་གཏིང་ཟབ་ཏུ་བཏང་བ་དང་།《ཡུལ་སྐོར་ཁྲོམ་རའི་ཕྱོགས་བསྡུས་བཅོས་སྒྲིག་ལས་དོན་སྐོར་གྱི་གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་ཇུས་གཞི》པར་འགྲེམས་བྱས་ཏེ་ཡུལ་སྐོར་ཁྲོམ་རའི་ཟང་ཟིང་སྣང་ཚུལ་ལ་ཁྲིམས་ལྟར་རྡུང་རྡེག་དང་བཅོས་སྒྲིག་བྱས་ནས་ལྷ་སའི་རྒྱལ་སྤྱིའི་ཡུལ་སྐོར་གྲོང་ཁྱེར་གྱི་མིང་བྱང་ཡག་པོ་བསྲུངས་ཡོད།

(ཀྲུང་གུང་ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱི་གཞུང་ཕྱོགས་གསར་འགྱུར་དྲ་ཚིགས་ནས་དྲངས)

(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-02-01 གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་གཙོ་དོན་སློབ་གསོའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་བ། 6 6 拉萨日报藏文 c174934.html 1 ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་།ཤེས་དད་སྦྱོར་གསུམ་གཅིག་གྱུར་ཡོང་བར་བྱེད། /enpproperty-->