ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཚེས་30ཉིན་གྱི་སྔ་དྲོ་ལྷ་ས་གྲོང་ཁྱེར་གྱི་སྐབས་བཅུ་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་གྲོལ་བ་རེད།
གྲོང་ཨུད་ཀྱི་རྒྱུན་ཨུ་དང་།སྒྲིག་ཨུད་ཀྱི་ཧྲུའུ་ཅི།ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་མ་ཝུན་ཆིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གནང་བ་རེད།
ད་ཐེངས་ཀྱི་ཚོགས་འདུའི་ཐོག་ཨུ་ཡོན་27ཕེབས་དགོས་པ་དང་དངོས་སུ་ཨུ་ཡོན་21ཕེབས་པ་དེ་གཏན་འབེབས་བྱས་པའི་མི་གྲངས་དང་མཐུན་ཡོད་པ་རེད།ཚོགས་འདུའི་ཐོག་གྲོང་ཁྱེར་སྒྲིག་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ལས་དོན་སྙན་ཞུ་དང《སྤྱི་བསྒྲགས(འཆར་ཟིན)》ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད།
མ་ཝུན་ཆིང་གིས་ད་ཐེངས་ཀྱི་ཚང་འཛོམས་གྲོས་ཚོགས་ཐོག་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་།རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ།ལྷག་པར་དུ་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུའི་ཐད་བཀོད་སྒྲིག་ཞིབ་ཕྲ་བྱས་ནས་ཕྱིས་འབྱུང་གི་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུར་སྒུལ་ཤུགས་ཆེན་པོ་དང་འབད་བརྩོན་གྱི་ཁ་ཕྱོགས་གསལ་སྟོན་བྱས་ཡོད།གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡི་གསུང་བཤད་ཀྱི་དགོངས་དོན་དང་ཚང་འཛོམས་གྲོས་ཚོགས་ཀྱི་ལས་དོན་སྙན་སྒྲོན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་དམིགས་ཚད་རེ་རེ་བཞིན་གཏན་འཁེལ་དང་།འགན་འཁྲི་ཁག་བགོས་དོན་འཁྱོལ།ཞིབ་ཕྲའི་བྱ་ཐབས་ཞིབ་འཇུག་བཅས་བྱས་ཏེ་བཀོད་སྒྲིག་དང་བླང་བྱ་ཁག་དོན་འཁྱོལ་ཞིབ་ཕྲ་ཡོང་བའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།
མ་ཝུན་ཆིང་གིས་གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་དང་རྒྱ་ཆེའི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པས་ཆབ་སྲིད་ཀྱི་ཚུགས་གནས་ཆེ་རུ་བཏང་ནས་ཀྲུང་དབྱང་དང་ལྗོངས་དང་གྲོང་ཁྱེར་གྱི་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་ནན་པོ་བྱེད་དགོས།ལྟེ་བའི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་།གྲོང་ཁྱེར་ཨུ་ལྷན་གྱི་བཀོད་སྒྲིག་ལ་གཞིར་བཟུང་དོན་འཁྱོལ་ཡོང་རྒྱུར་དམ་འཛིན་དང་།ལྟ་སྐུལ་ཏན་ཏིག་བྱས་ནས་ལག་བསྟར་ཡོང་རྒྱུར་འགན་སྲུང་།འཐུས་ཚང་ལ་སྐུལ་འདེད་བཏང་ནས་འཕེལ་རྒྱས་ཡོང་རྒྱུར་ནུས་པ་འདོན་སྤེལ་བཅས་བྱས་ཏེ་གཏན་འཁེལ་བྱས་པའི་དམིགས་ཚད་སྤུས་ཚད་མཐོན་པོའི་སྒོ་ནས་ལེགས་འགྲུབ་ཡོང་བར་སྐུལ་འདེད་གཏོང་དགོས།སྤྱོད་ཚུལ་ལ་འགྱུར་ལྡོག་ཏན་ཏིག་བཏང་ནས་དོན་འཁྱོལ་ལ་ཁྱོན་ཡོངས་དང་གཏིང་ཟབ་ཞིབ་ཚགས་ངང་དམ་འཛིན་བྱེད་དགོས།འགན་འཁུར་ཕོད་པ་དང་དམ་པ་དོན་གཉེར་བྱ་རྒྱུར་ཤུགས་སྣོན་དང་། ལས་དོན་སྒྲུབ་པའི་འཇོན་ཐང་ཆེ་རུ་གཏོང་བ་དང་དོན་འཁྱོལ་ཡོང་བར་དམ་འཛིན་བྱེད་དགོས།བླང་བྱ་ནན་པོ་དང་། ལྗོན་ནུས་ཆེ་པོ་རྒྱུན་འཁྱོངས།མཐུན་སྒྲིལ་ལ་སྐུལ་འདེད་ཤུགས་ཆེན།ལས་བྱེད་པའི་འཇོན་ཐང་དང་བྱང་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་རང་གྲོང་གི་སྒྲིག་བཤེར་ལྟ་ཞིབ་ལས་དོན་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད།
(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社