分享按钮

གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས།

སློབ་སྦྱོང་ལ་བརྟེན་ནས་ལས་སྒྲུབ་ལ་སྐུལ་འདེད་བཏང་སྟེ་དམངས་ལ་སྟབས་བདེ་དང་ཁེ་ལས་ལ་བྱ་བ་དངོས་ཡག་པོ་བསྒྲུབས་པ།

བོད་ལྗོངས་ཉིན་རེའི་ཚགས་པར་ཁང་ནས་གནས་ཚུལ་འབྱོར་གསལ། གཙོ་དོན་སློབ་གསོ་སྤེལ་ཚུན། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ལྷ་ས་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས་དགོངས་པར་སློབ་སྦྱོང་དང་། ཏང་གཤིས་ལེགས་སུ་གཏོང་བ། ལག་ལེན་ལ་མཐོང་ཆེན། བྱས་རྗེས་གསར་པ་འཇོག་པ་བཅས་ཀྱི་སྤྱིའི་བླང་བྱ་ཁོང་དུ་བརྟན་པོ་ཆུད་པར་བྱས་ནས་སློབ་གསོ་དང་ལག་ལེན་གཉིས་ལ་མཉམ་དུ་ཤུགས་སྣོན་བརྒྱབ་པ་དང་ཕན་ཚུན་སྐུལ་འདེད་བཏང་སྟེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་གྲུབ་འབྲས་གསར་པར་བརྟེན་ནས་གཙོ་དོན་སློབ་གསོའི་གྲུབ་འབྲས་ལ་ཞིབ་དཔྱད་བྱས་པ་རེད།

ལྷ་ས་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས་གཙོ་དོན་སློབ་གསོ་ཁག་དང་པོའི་ཁྲོད་ཀྱི་ཉམས་མྱོང་དང་བྱེད་ཐབས་དཔྱད་གཞིར་འཛིན་ནས་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དེ་གལ་ཆེའི་ནང་གི་འགངས་ཆེར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་ཆེད་དོན་བགྲོ་གླེང་དང་། གཅིག་སྡུད་སློབ་སྦྱོང་། མི་སྒེར་གྱིས་རང་སྦྱོང་བྱེད་པ། ཡུལ་དངོས་སུ་སློབ་སྦྱོང་བྱེད་པ་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་གྲོང་ཁྱེར་ཡོངས་ཀྱི་ཁྲལ་དོན་ཁོངས་གཏོགས་ཀྱིས་སློབ་སྦྱོང་བྱེད་པའི་ཚ་རླབས་ཤིག་འཕྱུར་ཡོད་པ་རེད། དེ་དང་ཆབས་ཅིག་ལྷ་ས་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ཏེ་དཔྱ་ཁྲལ་ལྔ་གོང་མཐོར་གཏོང་བ་སོགས་གཙོ་གནད་ལས་ཀའི་དམིགས་ཚད་བཟོས་ནས་ལག་བསྟར་ཇུས་གཞི་དང་བརྟག་ཞིབ་ཀྱི་གསལ་ཐོ་པར་འགྲེམས་བྱས་པ་དང་། གྲོང་ཁྱེར་ཁྲལ་དོན་ཅུས་ཏང་ཨུད་དང་། འགན་ནུས་ཚན་ཁག་ཁག གཞི་རིམ་ཁྲལ་དོན་ཅུས་བཅས་རིམ་གསུམ་འབྲེལ་གཏུག་མི་སྣའི་འབྲེལ་གཏུག་ལམ་སྲོལ་བཙུགས་པ། གཞོན་ནུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ཚོགས་ཆུང་ལ་བརྟེན་ནས་བློ་གྲོས་གཅིག་སྡུད་ཚོགས་པ་བཙུགས་ཏེ་ས་ཁོངས་ལས་བརྒལ་བ་དང་ཚན་པ་ལས་བརྒལ་བའི་རིམ་པ་མང་བའི་མཉམ་འབྲེལ་བརྟག་ཞིབ་བྱེད་སྟངས་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱས་པ། འབྲེལ་གཏུག་ས་ཚིགས་དང་གཞི་རིམ་གྱི་ཐད་གཏོགས་འབྲེལ་གཏུག་ས་ཚིགས་སུ་གཤམ་སྐྱོད་དང་གྲོང་ཚོར་བཅའ་སྡོད་རྣམ་པའི་བརྟག་ཞིབ་བྱས་ནས་ཁེ་ལས་ལ་གནད་ལ་འཁེལ་བའི་སྲིད་ཇུས་གསབ་ཁྲིད་བྱས་པ་དང་། ཁེ་ལས་ཀྱི་དཀའ་གནད་བསལ་བ་བཅས་བྱས་པ་རེད། བརྟག་ཞིབ་བྱས་པ་བརྒྱུད། ལྷ་ས་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས་བོད་ལྗོངས་ཅུས་ལུང་ཟངས་ལས་སོགས་ཁེ་ལས་ལ་ཁྲལ་འབྲེལ་གནད་དོན་ཁག་གཅིག་ཐག་གཅོད་བྱས་པ་རེད།

བོད་ལྗོངས་ཅུས་ལུང་ཟངས་ལས་ཚད་ཡོད་ཀུང་སིའི་མི་ཤུགས་ཐོན་ཁུངས་ཀྱི་སྤྱི་ཁྱབ་ལྟ་ཞིབ་པ་ཀྲང་ཀྲི་ཤིན་གྱིས་ལྷ་ས་གྲོང་ཁྱེར་ཁྲལ་དོན་ཚན་པས་གཏེར་རི་སྔོ་འགྱུར་དང་བཟོ་གྲྭ་གཉེར་སྐྱོང་བྱེད་པ་སོགས་ཀྱི་ཐད་ང་ཚོར་དངོས་ཡོད་གནད་དོན་དང་གནད་ལ་འཁེལ་བའི་གྲོས་འགོ་མང་པོ་བཏོན་པས་ང་ཚོར་ཕན་པ་མང་པོ་ཐོབ་བྱུང་ཞེས་བཤད་པ་རེད།

གཞན་ཡང་ལྷ་ས་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས་ཕྱོགས་མང་མཉམ་འབྲེལ་གྱི་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལམ་ལུགས་དང་ལམ་སྲོལ་ལ་བརྟེན་ནས་གཙོ་དོན་སློབ་གསོ་ཁག་གཉིས་པ་དེ་མདུན་གྲལ་དུ་སྐྱོད་པ་བཞི་དང་གདོང་དམག་བདུན་ལ་ཚད་འཛིན་གཏིང་ཟབ་བྱེད་པའི་བླང་བྱ་ལྟར《བོད་རང་སྐྱོང་ལྗོངས་ཀྱི་ཁྲལ་བསྡུའི་དོ་དམ་དང་འགན་སྲུང་བྱ་ཐབས》དོན་འཁྱོལ་བྱ་རྒྱུར་དམིགས་ནས་ཁྲལ་བསྡུའི་མཉམ་བཅོས་ཉམས་མྱོང་འཚོལ་ཞིབ་བྱས་ཏེ་ལྗོངས་ཡོངས་ཀྱི་གཞུང་ཁོངས་ཁྲིམས་རྩོད་པའི་ཁྲལ་འབྲེལ་རྩོད་གཞིའི་བློ་འདྲིའི་འདུམ་འགྲིག་ལྟེ་གནས་ཐོག་མ་དེ་བཙུགས་པ་དང་། བོད་ལྗོངས་སློབ་གྲྭ་ཆེན་མོ་དང་མཉམ་འབྲེལ་ཐོག་ཁྲལ་འབྲེལ་ཁྲིམས་ལུགས་སློབ་གསོའི་ལག་ལེན་རྟེན་གཞི་བཙུགས་ནས་ཏང་འཛུགས་སྐྱོང་གི་སྦྲེལ་མཐུད་དེ་གསར་གཏོད་ཀྱི་སྦྲེལ་མཐུད་དང་། ཞབས་ཞུའི་སྦྲེལ་མཐུད་བཅས་མཉམ་དུ་སྦྲེལ་ནས་གཙོ་དོན་སློབ་གསོའི་གྲུབ་འབྲས་དེ་དམངས་ལ་སྟབས་བདེ་བསྐྲུན་པ་དང་། དམངས་ལ་ཕན་པ། ཁེ་ལས་ལ་ཕན་པའི་ཕན་འབྲས་དངོས་ལ་བསྒྱུར་ཡོད་པ་རེད། (བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-02-01 གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས། 6 6 拉萨日报藏文 c174931.html 1 སློབ་སྦྱོང་ལ་བརྟེན་ནས་ལས་སྒྲུབ་ལ་སྐུལ་འདེད་བཏང་སྟེ་དམངས་ལ་སྟབས་བདེ་དང་ཁེ་ལས་ལ་བྱ་བ་དངོས་ཡག་པོ་བསྒྲུབས་པ། /enpproperty-->