(པར་ངོས་དང་པོར་མཐུད)སྙན་ངག་གྱེར་འདོན་སོགས་ཀྱི་རྣམ་པ་བརྒྱུད་གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེའི་མི་དམངས(ལས་རོགས)ཉེན་རྟོག་པས་ཐོག་མའི་བསམ་འདུན་བློ་ལ་བརྟན་པོར་ངེས་པ་དང་། ལྷག་བསམ་རྣམ་དག་གིས་རང་འགན་གཙང་སྒྲུབ་བྱེད་པ། རང་འགུལ་ངང་འགན་འཁྲི་ཁུར་ལེན་བྱེད་པ། ནུས་ཤུགས་ཡོད་རྒུས་ཆབ་སྲིད་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱེད་པ། སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ། མི་དམངས་ཀྱི་བདེ་འཁོད་ལ་འགན་ལེན་བྱེད་པ་བཅས་ཀྱི་རྣམ་པ་གང་ལེགས་མངོན་པར་བྱས་ནས་འདི་ལོའི་ཚུན་དུ་གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེའི་ལས་དོན་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པ་མངོན་པར་བྱས་ཡོད། མི་སེམས་འགུལ་བའི་གཏམ་རྒྱུད་ངོ་མ་རེ་རེ་དང་དཔའ་ངར་ཆེར་བསྐྱེད་ཀྱི་གླུ་གཞས་རེ་རེའི་ཐོག་ནས་སྤྱི་བདེ་མི་དམངས་ཉེན་རྟོག་པས་ཏང་དང་མི་དམངས་ལ་བློ་དཀར་སེམས་དཀར་ཚད་མེད་བྱེད་པ་དང་སྤྱི་བདེའི་བྱ་གཞག་ལ་དགའ་ཞེན་ཚད་མེད་བྱེད་པ་མཚོན་པར་བྱས་པས་ཡུལ་དངོས་ཀྱི་གཟིགས་མོ་བས་དགའ་བསུ་ཡང་ཡང་ཞུས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། དྲིལ་བསྒྲགས་ཀྱི་སྔོན་ཐོན་དཔེ་མཚོན་ཤུགས་ཆེན་འདེམས་འཛུགས་བྱེད་པ་དང་། སྤྱི་བདེའི་དཔའ་བོ་དཔེ་བཟང་བའི་སྙིང་སྟོབས་དར་སྤེལ་གཏོང་བ། གཙོ་དོན་སློབ་གསོའི་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་དང་རང་གྲོང་གི་སྤྱི་བདེའི་དཔུང་ཁག་གི་གཟུགས་བརྙན་བཟང་པོ་གང་ལེགས་མངོན་པ། གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་རྒྱ་ཆེའི་མི་དམངས(ལས་རོགས)ཉེན་རྟོག་པས་རྒྱལ་ཁབ་ཀྱི་བདེ་འཇགས་དང་། སྤྱི་ཚོགས་བརྟན་ལྷིང་། མི་དམངས་ཀྱི་བདེ་སྐྱིད་དང་བདེ་འཇགས་བཅས་སྲུང་སྐྱོང་བྱེད་པའི་བླ་ན་མེད་པའི་འགན་འཁྲི་མཐའ་གཅིག་ཏུ་བསྒྲུབ་རྒྱུར་ལྕག་སྐུལ་བྱ་ཆེད། 2023ལོའི་ཟླ་11པར། གྲོང་ཨུད་དྲིལ་བསྒྲགས་པུའུ་དང་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱི་སྐབས་གསུམ་པའི་མི་དམངས་ཉེན་རྟོག་པ་ཡག་ཤོས་དཔྱད་འདེམས་བྱེད་སྒོ་ཐུན་མོང་ཐོག་སྤེལ་བ་རེད། ད་ཐེངས་ཀྱི་དཔྱད་འདེམས་བྱེད་སྒོ་སྤེལ་ཡུལ་ནི་མང་ཚོགས་དང་གཞི་རིམ་ཏང་རྩ་འཛུགས་ཀྱིས་རིམ་པ་བཞིན་འོས་སྦྱོར་བྱས་པ་དང་། ཐོབ་ཐང་ཞིབ་བཤེར་གཏན་འབེབས་དང་། དྲིལ་བསྒྲགས་འོས་སྦྱོར། ཕྱོགས་བསྡུས་ཞིབ་དཔྱད་སོགས་ཀྱི་ལྷུ་ཚིགས་བརྒྱུད་མཐར་མི་དམངས་ཉེན་རྟོག་པ་ཡག་ཤོས་10དང་། ལས་རོགས་ཉེན་རྟོག་པ་ཡག་ཤོས་5 ཉེན་རྟོག་པའི་ཁྱིམ་མི་ཡག་ཤོས5བཅས་བདམས་པ་རེད།
(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社