分享按钮

ལྷ་སའི་གློག་བརྙན་ཁང་གིས་བོད་སྐད་ཀྱི་གློག་བརྙན་རིན་མེད་ངང་སྟོན་པའི་སྤྱི་ཕན་བྱེད་ སྒོར་གདེང་འཇོག་བཟང་པོ་ཐོབ་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། ལྷ་སའི་གློག་བཪྙན་ཁང(གླིང་བརྒྱུད་ལམ་གྱི་གློག་བརྙན་ཁང)གིས་བོད་སྐད་ཀྱི་གློག་བཪྙན་རིན་མེད་ངང་སྟོན་པའི་སྤྱི་ཕན་བྱེད་སྒོ་སྤེལ་བར་གྲོང་མི་མང་ཚོགས་ཀྱི་དོ་ཁུར་དང་གདེང་འཇོག་བཟང་པོ་ཐོབ་ཡོད། སྤྱི་ཕན་བྱེད་སྒོ་དེ་སྤེལ་ནས་ད་བར་དུས་ཚོད་ངེས་ཅན་ཞིག་སོང་བ་དང་། རིན་མེད་བོད་སྐད་གློག་བརྙན་ལ་ལྟ་མཁན་གྱི་མི་གྲངས་དང་། སྟོན་ཐེངས་ཀྱི་གནས་ཚུལ་གང་འདྲ་ཡོད་མེད་སོགས་ཀྱི་གནད་དོན་དེ་དག་ལ་གཞིགས་ནས་གསར་འགོད་པས་ལྷ་ས་གློག་བཪྙན་ཁང(གླིང་བརྒྱུད་ལམ་གྱི་གློག་བརྙན་ཁང)དུ་བཅར་འདྲི་བྱས་ཡོད།

གསར་འགོད་པ་གླིང་བརྒྱུད་ལམ་གྱི་གློག་བརྙན་ཁང་གི་ཚོམས་ཆེན་ཨང་4པར་འབྱོར་སྐབས།རིན་མེད་ངང་བོད་སྐད་སྒྱུར་བཟོའི་གློག་བཪྙན་སྟོན་བཞིན་ཡོད་པ་དང་། གྲོང་མི་དང་སློབ་མ་50ལྷག་ཙམ་གྱིས་གློག་བཪྙན་ལྟ་བཞིན་ཡོད། རྒྱ་ཆེ་བའི་བརྙན་ཤེལ་དང་། སྐྱིད་སྣང་དོད་པའི་རྐུབ་སྟེགས། ཧང་སངས་དགོས་པའི་སྒྲ་ནུས་བཅས་ཀྱིས་མི་རྣམས་ལ་མཐོང་ཚོར་གྱི་སྟོན་མོ་གཟབ་རྒྱས་བཤམས་ཤིང་། གྲོང་མི་མང་ཚོཊ་ཀྱིས་ཕུལ་དུ་བྱུང་བའི་བོད་སྐད་སྒྱུར་བཟོའི་གློག་བརྙན་གྱི་ཡིད་དབང་འཕྲོག་ཤུགས་ལ་རོལ་མྱོང་བྱེད་བཞིན་ཡོད།

ན་ནིང་ཟླ་10པ་ནས་བཟུང་། ལྷ་སའི་གློག་བཪྙན་ཁང(གླིང་བརྒྱུད་ལམ་གྱི་གློག་བརྙན་ཁང)གིས་གཅིག་རྗེས་གཉིས་མཐུད་ངང་གྲོང་མིར་རིན་མེད་ངང་བོད་སྐད་སྒྱུར་བཟོའི་གློག་བརྙན་བསྟན་ཡོད། མིག་སྔའི་བར་གློག་བརྙན་ཐེངས་270ལྷག་ཙམ་བསྟན་པ་དང་། གློག་བརྙན་ལྟ་མཁན་མི་ཐེངས་4000ཟིན་ཡོད། ཕྱིས་འབྱུང་། ལྷ་སའི་གློག་བརྙན་ཁང(གླིང་བརྒྱུད་ལམ་གྱི་གློག་བརྙན་ཁང)གིས་གཟའ་འཁོར་རེའི་གཟའ་ཟླ་བ་ནས་གཟའ་པ་སངས་བར་ཉིན་ལྟར་རིན་མེད་ངང་བོད་སྐད་སྒྱུར་བཟོའི་གློག་བཪྙན་མི་འདྲ་བ་གསུམ་བསྟན་གྱི་ཡོད་པ་དང་། དེའི་ནང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་གློག་བརྙན་དང་། གཏམ་རྒྱུད་གློག་བརྙན། འགུལ་རིས་གློག་བརྙན་སོགས་ཀྱི་བརྗོད་གཞི་མི་འདྲ་བ་སྣ་ཚོགས་ཡོད། གྲོང་མིས་ལྷ་སའི་གློག་བརྙན་ཁང་གི་སྐད་འཕྲིན་སྤྱི་སྟེགས་དང་ལྷ་སའི་གློག་བརྙན་ཐོག་བརྩེགས་ཁང་ཆེན་གྱི་ཕྱི་རོལ་གྱི་བརྙན་ཤེལ་ཆེན་པོའི་ཐོག་ནས་གློག་བཪྙན་སྟོན་པའི་གནས་ཚུལ་རྒྱུས་ལོན་བྱེད་ཆོག་གི་ཡོད།

(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-01-27 6 6 拉萨日报藏文 c174607.html 1 ལྷ་སའི་གློག་བརྙན་ཁང་གིས་བོད་སྐད་ཀྱི་གློག་བརྙན་རིན་མེད་ངང་སྟོན་པའི་སྤྱི་ཕན་བྱེད་ སྒོར་གདེང་འཇོག་བཟང་པོ་ཐོབ་པ། /enpproperty-->