分享按钮

རང་གྲོང་གི་བདམས་ཐོན་པ་གསུམ་པེ་ཅིང་དུ་བསྐྱོད་དེ་ཡིད་དབང་འཕྲོག་པའི་ཕ་ཡུལ་ཞེས་པའི་གཏམ་བཤད་སྒྱུ་རྩལ་འགྲན་བསྡུར་ཆེན་མོ་སྐབས་དང་པོར་ཞུགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར་གསར་འགོད་པར་གྲོང་ཁྱེར་སློབ་གསོ་ཅུས་ཀྱི་གཞོན་ནུ་ལོ་ཆུང་གི་ལག་ལེན་རྟེན་གཞི་ནས་ཤེས་རྟོགས་བྱུང་བར། རང་གྲོང་གི་འགྲན་ཞུགས་བདམས་ཐོན་པ་གསུམ་པེ་ཅིང་དུ་བསྐྱོད་དེ་ཡིད་དབང་འཕྲོག་པའི་ཕ་ཡུལ་ཞེས་པའི་གཏམ་བཤད་སྒྱུ་རྩལ་འགྲན་བསྡུར་ཆེན་མོ་སྐབས་དང་པོར་ཞུགས་རྒྱུ་རེད།

འགྲན་ཞུགས་བདམས་ཐོན་པ་པད་མ་མཚོ་མོས་གསར་འགོད་པར་ད་རེས་པེ་ཅིང་གི་འགྲན་བསྡུར་ནང་ཞུགས་ཐུབ་པར་དགའ་པོ་བྱུང་། ངས་དགེ་རྒན་དང་ཕ་མའི་རེ་བ་ཆུད་ཟོས་སུ་མི་གཏོང་བར་རང་ནུས་ཡོད་རྒུས་རྒྱལ་ཡོངས་ཀྱི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ནང་གྲུབ་འབྲས་བཟང་པོ་ཞིག་ཐོབ་རྒྱུའི་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་བཤད།

2023་ལོའི་ཟླ་11་པར་གྲོང་ཁྱེར་སློབ་གསོ་ཅུས་ཀྱི་གཞོན་ནུ་ལོ་ཆུང་གི་ལག་ལེན་རྟེན་གཞིས་བོད་རང་སྐྱོང་ལྗོངས་གྱེར་འདོན་སྒྱུ་རྩལ་མཐུན་ཚོགས་དང་མཉམ་འབྲེལ་ཐོག་ཡིད་དབང་འཕྲོག་པའི་ཕ་ཡུལ་ཞེས་པའི་གཏམ་བཤད་སྒྱུ་རྩལ་འགྲན་བསྡུར་ཆེན་མོ་སྐབས་དང་པོའི་གྲ་སྒྲིག་ལས་དོན་སྤེལ་འགོ་ཚུགས་ཤིང་། དུས་འགོར་གྲོང་ཁྱེར་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གིས་དང་ལེན་ཧུར་ཐག་ཞུས་ནས་འགྲན་བསྡུར་ནང་ཞུགས་ཡོད་པ་དང་། འགྲན་ཞུགས་བརྩམས་ཆོས་ཁྱོན་120ལྷག་ཙམ་འབྱོར་ཡོད། འགྲན་བསྡུར་ཐོག་མ་དང་འགྲན་བསྡུར་བསྐྱར་མ་བྱས་པ་བརྒྱུད། མཐར་འགྲན་ཞུགས་མཁན་3བདམས་ནས་བོད་ལྗོངས་འགྲན་ཁུལ་གྱི་འཐུས་མི་བྱས་ཏེ་པེ་ཅིང་དུ་རྒྱལ་ཡོངས་ཀྱི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ནང་ཞུགས་ཡོད།

བོད་རང་སྐྱོང་ལྗོངས་གྱེར་འདོན་སྒྱུ་རྩལ་མཐུན་ཚོགས་ཀྱི་ཚོགས་གཙོ་ཁྲེན་མིང་ཧུའེ་ཡིས་བརྒྱུད་རིམ་དེའི་ནང་ང་ཚོས་འགྲན་ཞུགས་བདམས་ཐོན་པ་གསུམ་ལ་དམིགས་ནས་གཏམ་བཤད་ཀྱི་ནང་དོན་དང་། རྣམ་འགྱུར་སྟོན་སྟངས། གཟུགས་དབྱིབས་ཀྱི་རྣམ་པ། འགྲེམས་སྟོན་ཐབས་རྩལ། བརྩེ་དུང་མཚོན་ཐབས་སོགས་ཀྱི་ཐད་འགྲན་བསྡུར་མ་བྱས་གོང་གི་གསོ་སྦྱོང་ཞིབ་ཚགས་བྱས་ཡོད། གོ་སྐབས་འདི་དང་བསྟུན་ནས་རྒྱལ་ཡོངས་མི་དམངས་ལ་མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་རང་བྱུང་གི་མཛེས་པ་དང་ཡུལ་སྲོལ་གོམས་གཤིས་མིག་ལམ་དུ་བཤམས་ཏེ། མི་དེ་བས་མང་བས་བོད་ལྗོངས་ཤེས་རྟོགས་ཐུབ་པ་དང་བོད་ལྗོངས་ལ་དགའ་ཞེན་བྱེད་ཐུབ་པའི་རེ་བ་ཡོད་ཅེས་བཤད།

(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-01-27 6 6 拉萨日报藏文 c174608.html 1 རང་གྲོང་གི་བདམས་ཐོན་པ་གསུམ་པེ་ཅིང་དུ་བསྐྱོད་དེ་ཡིད་དབང་འཕྲོག་པའི་ཕ་ཡུལ་ཞེས་པའི་གཏམ་བཤད་སྒྱུ་རྩལ་འགྲན་བསྡུར་ཆེན་མོ་སྐབས་དང་པོར་ཞུགས་པ། /enpproperty-->