分享按钮

(པར་ངོས་གཉིས་པར་མཐུད)སློབ་སྦྱོང་ལ་བརྟེན་ནས་བློ་རིག་རྒྱས་པར་བྱེད་པའི་ལས་སྟེགས་བཏོད་དེ“སློབ་སྦྱོང་གཏིང་ཟབ་དང་ཞིབ་འཇུག”གི་སློབ་ཁྲིད་བྱེད་སྟངས་འཚོལ་ཞིབ་བྱས་ནས་སློབ་སྦྱོང་གི་སྤུས་ཚད་དང་ཕན་འབྲས་ཆེ་རུ་བཏང་སྟེ་སློབ་མའི་གཙོ་དོན་སློབ་གསོ་དང་སློབ་ཁྲིད་འཆར་གཞི་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། ཏང་གཤིས་ཤུགས་ཆེར་གཏོང་བའི་ཐད་སློབ་མའི་ཏང་གཤིས་སློབ་གསོའི་རྣམ་པ་གསར་གཏོད་བྱེད་པ་དང་། ཉེན་ཟོན་སློབ་གསོ་དང་ཏང་ནང་ཞུགས་པའི་དམ་བཅའ་བསྐྱར་འཛིན། ཏང་གཤིས་དབྱེ་ཞིབ་སོགས་ཀྱི་བྱེད་སྒོ་སྤེལ་བ། སློབ་མའི་ཏང་གཤིས་སློབ་གསོ་དེ་རྒྱུན་གཏན་གྱི་དོ་དམ་དང་། སློབ་མ་ཕུལ་བྱུང་འདེམས་པ། སློབ་གྲྭ་ཐོན་པའི་དཔྱད་ཞིབ་བཅས་དང་ཟུང་འབྲེལ་བྱས་ནས་སློབ་ཁང་དུ་སློབ་ཁྲིད་དང་། རྩ་འཛུགས་ཀྱི་འཚོ་བ། ལག་ལེན་གྱི་མྱོང་ཚོར། དཔེ་མཚོན་གྱི་ཁྲིད་སྟོན། རིག་གནས་ཀྱི་བག་ཆགས་བཟང་པོ་བཅས“ཕྱོགས་ལྔ་གཞི་གཅིག”གི་ཏང་གཤིས་སློབ་གསོའི་མ་ལག་ཧུར་ཐག་གཏོད་དགོས། དེ་དང་ཆབས་ཅིག་གྲོང་ཨུད་ཏང་གི་སློབ་གྲྭས་སློབ་ཁྲིད་བྱེད་སྟངས་དང་བྱེད་ཐབས་གསར་གཏོད་བྱས་ནས་ས་ཆ་གཞན་དུ་སློབ་ཁྲིད་གསོ་སྦྱོང་བྱས་པ་དང་། སློབ་མ་སྒྲིག་འཛུགས་བྱས་ཏེ་ཡན་ཨན་གསར་བརྗེའི་དྲན་གསོ་ཁང་དང་། དབྱང་ཅ་ལིང་གསར་བརྗེའི་གནས་རྙིང་། ཙའོ་གླིང་གི་གསར་བརྗེའི་གནས་རྙིང་། ཝ་ཡའོ་པའོ་ཚོགས་འདུའི་གནས་རྙིང་། ལེང་ཅ་ཧོ་སོགས་གསར་བརྗེའི་སློབ་གསོའི་རྟེན་གཞིར་ལྟ་སྐོར་བྱས་ནས་སློབ་མར་ས་ཡུལ་དངོས་སུ་གསར་བརྗེའི་སྙིང་སྟོབས་དང་འབད་འབུངས་སྟོབས་ཤུགས་ཚོར་དུ་བཅུག་སྟེ་སློབ་མའི་ལས་སྒྲུབ་ལས་གཏོད་ཀྱི་བློ་སྟོབས་དང་སྤྲོ་སེམས་འཕེལ་བར་བྱས་པ་རེད། གཞན་ཡང་གྲོང་ཨུད་ཏང་གི་སློབ་གྲྭས་སློབ་གྲྭ་ནན་སྐྱོང་དང་། རིག་གནས་ཞིབ་འཇུག་ནན་པོ། དོ་དམ་ནན་པོ་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་སློབ་གསོ་དང་སློབ་ཞུགས་ཀྱི་འབྲེལ་ཟམ་ལ་ཤུགས་སྣོན་རྒྱག་པ་དང་འཛིན་གྲྭ་འགོ་ཚུགས་པའི་རྣམ་པའི་ཐོག་ནས་སློབ་མ་བཟང་པོ་སློབ་ཞུགས་ཀྱི་སློབ་ཚན་དང་པོ་དེ་སྤྱད་དེ་སློབ་སྦྱོང་དང་། རྩ་འཛུགས། འཚོ་བ་བཅས་ཀྱི་དོ་དམ་རིམ་པ་ཁག་ལ་སྒྲིག་ཁྲིམས་ཀྱི་བླང་བྱ་ཁ་གསལ་བཏོན་པ་དང་། སྒྲིག་ཁྲིམས་ཀྱི་བླང་བྱ་ནན་པོའི་ཐོག་ནས་སློབ་མའི་སློབ་སྲོལ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ། སློབ་མར་ཁྲིད་སྟོན་བྱས་ཏེ་མགྱོགས་མྱུར་དུ“འགྱུར་ལྡོག་གསུམ”མངོན་འགྱུར་ཡོང་བར་བྱས་ནས་གསོ་སྦྱོང་ལས་འགན་གྱི་བླང་བྱ་ཁག་དོན་ཐོག་ཏུ་འཁྱོལ་རྒྱུའི་འགན་ལེན་བྱས་པ་རེད།(པ་ཚེས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-01-27 6 6 拉萨日报藏文 c174605.html 1 /enpproperty-->