(པར་ངོས་དང་པོར་མཐུད)འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱ་ཆེད་དང་གོ་ལ་ཧྲིལ་པོ་ཅན་གྱི་འགྲན་སློང་ལ་ཁ་གཏད་གཅོག་ཆེད་མུ་མཐུད་ཀྲུང་གོ་དང་ཧྥ་རན་སིས་ལེཊ་སྐྱེས་འབུལ་དགོས། གཉིས་ཕན་མཉམ་རྒྱལ་རྒྱུན་འཁྱོངས་ཀྱིས་སྲོལ་རྒྱུན་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་ཆབས་ཅིག སྦཊ་མེད་ཐོན་ལས་དང་ནུས་རྒྱུ་གཙང་མ་སོཊ་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུཊ་སྔོག་འདོན་བྱས་ཐོག ཕན་ཁེ་ཆེ་རུ་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་སྒོ་དབྱེར་བརྟེན་ནས་མཉམ་ལས་ཀྱི་སྟོབས་ཤུགས་གཅིག་སྡུད་དང་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱེད་དགོས། ལོ་ངོ་60རྗེས་མར་ཁ་ཕྱོགས་སྐབས་ཀྲུང་གོ་དང་ཧྥ་རན་སིས་ལག་གདང་སྦྲེལ་ནས་མཉམ་ལས་བྱས་ཚེ་སླར་ཡང་འོད་སྟོང་གསར་པ་གཏོད་ཐུབ་ངེས་རེད་ཅེས་ནན་གསུངས་གནང་ཡོད།
ཧྥ་རན་སིའི་སྲིད་འཛིན་མ་ཁེ་ལུང་གིས་ཀྱང་བརྙན་ལམ་ཐོག་ནས་ཤིས་ཚིག་གསུངས་པ་རེད། མ་ཁེ་ལུང་གིས་ལོ་ངོ་60ཡི་གོང་། དམག་དཔོན་ཏའེ་ཀའོ་ལི་ཡིས་དཔུང་ཚོགས་འགྲན་རྒོལ་གྱི་གཏན་ཚིགས་ལས་བརྒལ་ཏེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཕྱི་འབྲེལ་འཛུགས་རྒྱུའི་ལོ་རྒྱུས་རང་བཞིན་གྱི་ཐག་བཅད་ཡོད། ད་ཆ་ང་ཚོར་1964ལོར་གཏན་འཁེལ་བའི་བརྗིད་ཆེའི་དམིགས་ཚད་ཀྱི་རྨང་གཞིའི་ཐོག་ཡང་འབད་བསྐྱར་འབད་བྱས་ཏེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་དགོས་མཁོ་སྐོང་ཐུབ་ལ་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་ལའང་ཕན་ཐོགས་པའི་རོགས་ཟླའི་འབྲེལ་བ་ཐུན་མོང་ཐོག་འཛུགས་རྒྱུའི་འགན་འཁྲི་ཡོད། ཧྥ་རན་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་པ་དང་རྒྱལ་སྤྱིའི་ཉམས་ཉེན་སེལ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། 2024ལོ་ནི་ཧྥ་རན་སི་དང་ཀྲུང་གོའི་རིག་གནས་ཡུལ་སྐོར་ལོ་ཡང་ཡིན་པས། ཕྱོགས་གཉིས་པོས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་རྒྱུ་རེད། ང་ཚོས་གོ་སྐབས་དེ་དང་བསྟུན་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་དང་ལྷག་པར་དུ་གཞོན་ནུའི་དབར་གྱི་འགྲོ་འོང་ཟབ་ཏུ་བཏང་སྟེ། ཧྥ་རན་སི་དང་ཀྲུང་གོའི་འབྲེལ་བའི་འབྱུང་འགྱུར་ལ་དེ་བས་སྲ་ཞིང་བརྟན་པའི་རྨང་གཞི་འདིང་དགོས་ཞེས་གསུངས་པ་རེད།
ཟླ་1ཚེས་31ཉིན། རྒྱལ་ཁབ་གཉིས་པོས་ད་དུང་ཕ་རི་སིའི་ཧྥན་ཨེར་སའེ་ཕོ་བྲང་དུ་ཀྲུང་གོ་དང་ཧྥ་རན་སིའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བ་དང་རིག་གནས་ཡུལ་སྐོར་ལོ་འགོ་ཚུགས་པའི་བྱེད་སྒོ་གཉེར་རྒྱུ་དང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་བརྙན་ལམ་ཤིས་ཚིག་བསྟན་རྒྱུ་རེད།(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社