分享按钮

རང་གྲོང་གིས་ཁོར་ཡུག་སྲུང་སྐྱོང་ཡག་པོ་མི་བྱེད་མཁན་ལ་དངུལ་ཆད་སྒོར་ཁྲི་19.6བཏང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཚེས་23ཉིན།གསར་འགོད་པས་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ནས་ཤེས་རྟོགས་བྱས་པར་གཞིཊ་ན། ཁེ་ལས་ཤིག་གིས་ཆོག་མཆན་མ་ཐོབ་པར་སྔོན་ལ་འཛུགས་སྐྲུན་བྱས་པར་སྲིད་འཛིན་ཆད་པ་བཅད་རྗེས་ཁྲིམས་འགལ་བྱ་སྤྱོད་སྤེལ་མཚམས་བཞག་མེད་པའི་རྐྱེན་གྱིས་ཁྲིམས་འཛིན་མི་སྣས་ཉིན་བཞིན་ཆད་པ་བཅད་ནས་ཁྱོན་མི་དམངས་ཤོག་སྒོར་ཁྲི་19.6གི་དངུལ་ཆད་བཅད་ཡོད། དེ་ནི《ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས》གསར་པ་ལག་ལེན་བསྟར་ཚུན། རང་གྲོང་གི་ཁོར་ཡུག་སྲུང་སྐྱོང་གཙོ་གཉེར་སྡེ་ཚན་གྱིས་ལག་ལེན་བསྟར་བའི་ཉིན་བཞིན་ཆད་པ་གཅོད་པའི་གྱོད་གཞི་དང་པོ་དེ་རེད།

གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱི་ཅུས་ཀྲང་སུན་ཤན་ལུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། 2022ལོར་ལྷ་ས་གྲོང་ཁྱེར་གྱི་ཐོན་སྐྱེད་བསྐྱར་སྐྱེས་ནུས་རྒྱུ་གསར་པའི་ཚད་ཡོད་ཀུང་སི་ཞིག་གིས་ཆོག་མཆན་མ་ཐོབ་པར་སྔོན་ལ་འཛུགས་སྐྲུན་བྱས་པར་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱི་ཡན་ལག་ཅུས་ཤིག་གིས་སྲིད་འཛིན་ཆད་པ་དངུལ་སྒོར་9800བཅད་པར་མ་ཟད། 2022ལོའི་ཟླ་5ཚེས་12ཉིན་ཀུང་སི་དེར《ཁྲིམས་འགལ་བྱ་སྤྱོད་ཡོ་བསྲང་བྱ་རྒྱུའི་བཀའ་རྒྱ་བཏང་བའི་ཆོད་ཡིག》སྐྱེལ་སྤྲོད་བྱས་ནས་ཀུང་སི་དེར་འཛུགས་སྐྲུན་བྱེད་མཚམས་འཇོག་ཏུ་བཅུག་ཡོད་པ་རེད། 2023ལོའི་ཟླ་11ཚེས་3ཉིན། ཅུས་དེའི་ཁྲིམས་འཛིན་མི་སྣས་སླར་ཡང་ཀུང་སི་དེར་ས་ཡུལ་དངོས་སུ་ཞིབ་བཤེར་བྱས་པ་དང་འབྲེལ་ཡོད་དཔྱད་ཡིག་ལ་ཞིབ་བཤེར་བྱས་རྗེས་ཁྲིམས་འཛིན་མི་སྣས་ཀུང་སི་དེས་བླང་བྱ་ལྟར་ཁོར་ཡུག་ལ་ཤུགས་རྐྱེན་གང་ཡོང་གི་གདེང་འཇོག་སྙན་ཞུའི་རེའུ་མིག་བཟོས་མེད་པ་ཤེས་རྟོགས་བྱུང་བར་མ་ཟད། ཀུང་སི་དེར《ཁྲིམས་འགལ་བྱ་སྤྱོད་ཡོ་བསྲང་བྱ་རྒྱུའི་བཀའ་རྒྱ་བཏང་བའི་ཆོད་ཡིག》འབྱོར་རྗེས་ཁྲིམས་འགལ་བྱ་སྤྱོད་སྤེལ་མཚམས་བཞག་མེད་པར་མ་ཟད། ད་དུང་སྨི་ངོས་གྲུ་8000ཟིན་པའི་མཛོད་ཁང་གསར་སྐྲུན་བྱས་པ་དང་འབྲེལ་ཐོན་སྐྱེད་ལ་མཁོ་བའི་རིལ་བཟོ་འཕྲུལ་འཁོར་ཞིག་ཀྱང་ཁ་སྣོན་བྱས་ཡོད་པ་རེད། ཀུང་སི་དེའི་འགན་འཁུར་བ་དང་འབྲེལ་ཡོད་ལས་བྱེད་མི་སྣས་གོང་གསལ་གྱི་ཁྲིམས་འགལ་བྱ་སྤྱོད་ཁས་ལེན་བྱས་པ་དང་། ཁྲིམས་འཛིན་མི་སྣས་ས་ཆ་དེ་གར་ཀུང་སི་དེའི་ཁྲིམས་འགལ་བྱ་སྤྱོད་ལ་ཁྲིམས་ལྟར་ལས་ཡུལ་དངོས་སུ་ཟིན་ཐོ་བཀོད་པ་རེད།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཆད་གཅོད་བཅའ་ཁྲིམས》《བོད་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོང་སྲོལ་ཡིག》དང《ཁོར་ཡུག་སྲུང་སྐྱོང་གཙོ་གཉེར་སྡེ་ཚན་གྱིས་ཉིན་བཞིན་བསྟུད་མར་ཆད་པ་གཅོད་པའི་བྱ་ཐབས》སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཉེ་ཆར། གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས་ཀུང་སི་དེར《སྲིད་འཛིན་ཆད་གཅོད་ཆོད་ཡིག》ཁྲིམས་ལྟར་གཤམ་སྤྲོད་བྱས་ནས་འཛུཊ་སྐྲུན་བྱེད་མཚམས་འཇོག་རྒྱུའི་བཀའ་བཏང་བ་དང་ཀུང་སི་དེས་2022ལོའི་ཟླ་5ཚེས་13ཉིན་ནས་2022ལོའི་ཟླ་6ཚེས་1ཉིན་བར་འཛུགས་སྐྲུན་བྱེད་མཚམས་མ་བཞག་པའི་བྱ་སྤྱོད་ལ་དེ་སྔ་ཆད་པ་དངུལ་སྒོར་9800བཅད་པ་དེ་ཉིན་བཞིན་མུ་མཐུད་ཆད་པ་གཅོད་རྒྱུ་ལག་བསྟར་བྱས་ནས་ཁྱོན་མི་དམངས་ཤོག་སྒོར་ཁྲི་19.6ཟིན་ཡོད།

སུན་ཤན་ལུང་གིས་གྱོད་གཞི་དེ་ནི《ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས》གསར་པ་ལག་ལེན་བསྟར་ཚུན་ང་ཚོའི་ཅུས་ཀྱིས་ཉིན་བཞིན་ཆད་པ་བཅད་པའི་གྱོད་གཞི་དང་པོ་དེ་ཡིན། 《ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས》གསར་པ་བཏོན་ནས་ལག་བསྟར་བྱས་ཏེ་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་ཁྱབ་ཁོངས་སུ་ཁྲིམས་སྲུང་མ་གནས་མཐོ་བ་དང་། ཁྲིམས་འགལ་མ་གནས་དམའ་བ། ཁྲིམས་འཛིན་ནན་པོ་མེད་པ། ལྟ་སྐུལ་དོ་དམ་ནུས་ལྡན་མི་བྱེད་པ་བཅས་ཀྱི་གནད་དོན་ཐད་དངོས་སྒྲུབ་དང་། ཞིབ་ཕྲ། ནུས་ལྡན་བཅས་ཀྱི་ལམ་ལུཊ་དང་བྱ་ཐབས་མཁོ་འདོན་བྱས་ཡོད། གྱོད་གཞི་འདི་བརྒྱུད་ནས་རང་གྲོང་གི་འཛུཊ་སྐྲུན་རྣམ་གྲངས་ཁག་གི་དོ་བདག་གིས་ཁོར་ཡུག་ལ་ཤུཊ་རྐྱེན་གང་ཡོང་བར་གདེང་འཇོག་བྱེད་པའི་འགྲོ་ལུཊ་དོན་འཁྱོལ་བྱེད་པའི་ཐད་ཀྱི་ངོས་འཛིན་མཐོ་རུ་བཏང་སྟེ་འཛུཊ་སྐྲུན་རྣམ་གྲངས་ཚང་མར་ཁྲིམས་ལྟར་ཁོར་ཡུག་ལ་ཤུཊ་རྐྱེན་གང་ཡོང་བར་གདེང་འཇོག་བྱེད་པའི་ལས་དོན་སྤེལ་དུ་འཇུག་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད།

2023ལོ་ནས་བཟུང་། གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས་རིགས་ཁག་གི་ཁེ་ལས་དང་། ཁེར་རྐྱང་གཉེར་སྐྱོང་ས་ཚིགས། སྦགས་བཙོག་འབྱུང་ཁུངས་ཀྱི་གནས་བཅས་ལ་ཁྲིམས་འཛིན་ཞིབ་བཤེར་ཐེངས་1600ལྷག་ཙམ་བྱས་པ་དང་། ཁྲིམས་འགལ་བྱ་སྤྱོད་ཁག་28ལ་ཐོ་འགོད་བྱས་པ་དང་དངུལ་ཆད་སྒོར་ཁྲི་652.49བཏང་ཡོད་པ་རེད།

(པ་ཚེས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-01-27 6 6 拉萨日报藏文 c174602.html 1 རང་གྲོང་གིས་ཁོར་ཡུག་སྲུང་སྐྱོང་ཡག་པོ་མི་བྱེད་མཁན་ལ་དངུལ་ཆད་སྒོར་ཁྲི་19.6བཏང་བ། /enpproperty-->