分享按钮

བོད་ལྗོངས་རིག་གནས་བློ་གསར་གླིང་ཁུལ་དུ་བདེ་འཇགས་ཀྱི་ མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། བརྟན་ལྷིང་དང་ཞི་མཐུན་ལྡན་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་ཅིག་གཏོད་ཆེད། ཉེ་ཆར་བོད་ལྗོངས་རིག་གནས་བློ་གསར་གླིང་ཁུལ་དོ་དམ་ཨུ་ལྷན་གྱིས་ཁོངས་གཏོགས་ཁུལ་དུ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་པའི་ལས་དོན་ཏན་ཏིག་སྤེལ་བ་རེད།

བོད་ལྗོངས་རིག་གནས་བློ་གསར་གླིང་ཁུལ་དོ་དམ་ཨུ་ལྷན་གྱིས“ལས་རིགས་ལ་དོ་དམ་བྱེད་པར་སྔོན་ལ་ངེས་པར་དུ་བདེ་འཇགས་ལ་དོ་དམ་བྱེད་པ་དང་། ལས་སྒོར་དོ་དམ་བྱེད་པར་སྔོན་ལ་ངེས་པར་དུ་བདེ་འཇགས་ལ་དོ་དམ་བྱེད་པ། ཐོན་སྐྱེད་གཉེར་སྐྱོང་ལ་དོ་དམ་བྱེད་པར་སྔོན་ལ་ངེས་པར་དུ་བདེ་འཇགས་ལ་དོ་དམ་བྱེད་པ”བཅས་ཀྱི་རྩ་དོན་ལ་གཞིགས་ནས་ལས་དོན་མི་སྣ་བཀོད་སྒྲིག་བྱས་ཏེ་ཁོངས་གཏོགས་ཁུལ་དུ་གཉེར་སྐྱོང་བྱེད་བཞིན་པའི་ཁེ་ལས་ལ་ཐོན་སྐྱེད་བདེ་འཇགས་ཀྱི་ཞིབ་བཤེར་བྱས་པ་རེད། ཞིབ་བཤེར་བྱེད་རིང་ཞིབ་བཤེར་མི་སྣས་ཁྲོམ་གཞུང་བརྒྱུད་ཚོང་ཁང་དང་གྲོང་མིའི་སྡོད་ཁང་ཁུལ་གཙོ་གནད་དུ་བྱས་ནས་དུད་ཚང་དུ་བསྐྱོད་པ་དང་། ཁྲོམ་གཞུང་བརྒྱུད་ཚོང་ཁང་དང་གྲོང་མིའི་ཁྱིམ་སྤྱོད་གློག་དང་འབར་རླངས་སྤྱོད་ཚུལ་ལ་ཞིབ་བཤེར་བྱེད་པ་དང་དུས་མཚུངས་རྒྱ་ཆེའི་མང་ཚོགས་ལ་ཇི་ལྟར་བྱས་ཏེ་བདེ་འཇགས་ངང་འབར་རླངས་བེད་སྤྱོད་གཏོང་དགོས་མིན་ཐད་འགྲེལ་བཤད་བརྒྱབ་པ་རེད།

ཚེ་མཆོག་གླིང་ཁྲོམ་གཞུང་གྲ་སྒྲིག་ཚོགས་ཆུང་གི་དུས་བདེ་འཛུགས་སྐྲུན་གྱི་འགན་འཁུར་བ་ཞི་ཞའོ་ཆིའུ་ཡིས་སླད་ཕྱིན་ང་ཚོས་རྒྱུན་དུ་གྲལ་བཤེར་དང་རྒྱུན་དུ་བཅོས་སྒྲིག་བྱས་ནས་བདེ་འཇགས་ཀྱི་འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་པར་བྱ་རྒྱུ་ཡིན་ཞེས་བཤད།

ལྷོ་རིའི་སྤྱི་གླིང་ནི་ལྷ་ས་གྲོང་ཁྱེར་གྱི་གཙོ་གནད་སྔོ་འགྱུར་ལས་གྲྭའི་གྲས་ཤིག་ཡིན་པས། མེ་ཟོན་གྱི་ལས་དོན་ནི་དེ་བས་གལ་འགངས་ཆེ་བ་ཞིག་རེད། གསར་འགོད་པ་ལྷ་རིའི་སྤྱི་གླིང་གི་སྒོ་འགྲམ་དུ་སྐྱོད་སྐབས་བདེ་འཇགས་ཞིབ་བཤེར་མི་སྣ་གཉིས་ཀྱིས་གོ་རིམ་ལྡན་པའི་ངང་གྲོང་མི་དང་ཡུལ་སྐོར་བར་བདེ་འཇགས་ཞིབ་བཤེར་བྱེད་བཞིན་ཡོད་པ་དང་། ལྟ་སྐུལ་ཚོད་འཛིན་ཁང་ནང་གི་བདེ་སྲུང་མི་སྣས་ཀྱང་སྤྱི་གླིང་ནང་གི་གནས་ཚུལ་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་མཐོང་བྱུང་། ལྷ་རིའི་སྤྱི་གླིང་གི་འགན་འཁུར་བ་ཐུབ་བསྟན་རྒྱ་མཚོས་མིག་སྔར་ང་ཚོས་བདེ་སྲུང་མི་སྣ་6མང་དུ་བཏང་བ་དང་ཉིན་ལྟར་སྐོར་ཞིབ་ཐེངས་4བྱེད་ཀྱི་ཡོད། ཕྱིས་འབྱུང་ང་ཚོས་སྐོར་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས་ལྷོ་རིའི་སྤྱི་གླིང་གི་མེ་ཟོན་བདེ་འཇགས་ཀྱི་དུས་བབ་རྒྱུན་མཐུད་ངང་བརྟན་པོ་ཡོང་བའི་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད།

(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-01-27 6 6 拉萨日报藏文 c174601.html 1 བོད་ལྗོངས་རིག་གནས་བློ་གསར་གླིང་ཁུལ་དུ་བདེ་འཇགས་ཀྱི་ མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་པ། /enpproperty-->