ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཁྱད་ལྡན་གྱི་ལག་རྩལ་རྒྱུན་འཛིན་དང་དར་སྤེལ་བཏང་ནས་བོད་ཀྱི་ལོ་གསར་མེ་ཏོག་གི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། ཉིན་ཤས་གོང་སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་ཁྲོམ་གཞུང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་སུའོ་ཡིས་བཟང་མོ་སྡེ་ཁུལ་གྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་དང་མཉམ་འབྲེལ་ཐོག་བཟང་མོའི་རིག་གནས་ང་ཡིས་གླེང་ཞེས་པའི་བོད་ཀྱི་ལོ་གསར་མེ་ཏོག་གི་རིག་གནས་སྒྱུ་རྩལ་བྱེད་སྒོ་སྐབས་གཉིས་པ་སྤེལ་བ་རེད།
བོད་ཀྱི་ལོ་གསར་རིང་བོད་རིགས་མང་ཚོགས་ཚོས་ཁྱིམ་གྱི་གྲོ་སོ་ཕྱེ་མར་ཐོག་ལོ་ལེཊ་འབྲས་བཟང་མཚོན་པའི་ལོ་གསར་མེ་ཏོག་འཛུཊ་ཀྱི་ཡོད། བཟང་མོའི་རིག་གནས་ང་ཡིས་གླེང་ཞེས་པའི་བོད་ཀྱི་ལོ་གསར་མེ་ཏོག་གི་རིག་གནས་སྒྱུ་རྩལ་བྱེད་སྒོ་སྐབས་གཉིས་པ་སྤེལ་ཡུལ་དུ་བཟང་མོ་སྡེ་ཁུལ་གྱི་གྲོང་མིས་བོད་ཀྱི་ལོ་གསར་མེ་ཏོག་ཡུལ་དངོས་སུ་བཟོ་བཞིན་ཡོད། བཟང་མོ་སྡེ་ཁུལ་གྱི་གྲོང་མི་དབྱངས་ཅན་གྱིས་ངས་ཆུང་དུས་ནས་བོད་ཀྱི་ལོ་གསར་མེ་ཏོག་བཟོ་སྟངས་ལ་སློབ་སྦྱོང་བྱས་པ་ཡིན། བོད་ཀྱི་ལོ་གསར་མེ་ཏོག་ཆུན་པོ་རེ་ནི་ནས་སྙེ་མ་ལྔ་ལས་གྲུབ་ཡོད་ཅིང་། དམར་པོ་དང་། སེར་པོ། ལྗང་ནག ལྗང་སྐྱ་བཅས་ཁ་དོག་བཞི་ཡོད། མིག་སྔར་ང་ཚོས་ལོ་གསར་མེ་ཏོག་ཕྱིར་འཚོང་བྱེད་བཞིན་ཡོད། ལོ་ལྟར་ཕྱིར་འཚོང་བྱེད་ཚད་ལ་སྒོར་ཁྲི་དྲུག་བདུན་ཙམ་ཟིན་གྱི་འདུག་ཅེས་བཤད།
བྱེད་སྒོའི་ནང་། བཟང་མོ་སྡེ་ཁུལ་གྱི་དྲ་མིག་མི་སྣ་དང་དེ་བཞིན་བཟང་མོ་སྡེ་ཁུལ་གྱི་རིག་རྩལ་རུ་ཁག་གིས་ཡུལ་དངོས་ཀྱི་ལས་བྱེད་པ་དང་མང་ཚོགས་ལ《བཟང་མོའི་མཛེས་ལྗོངས》ཞེས་པ་དང་། 《གྲོང་མི་མང་ཚོགས་ཚོས་ངའི་སྐད་ཆར་ཉོན་དང》ཞེས་པ། 《ཁ་ཞེ་གཉིས་མེད་ཀྱི་བརྩེ་བ》ཞེས་པ་སོགས་ངོ་མཚར་ཆེ་བའི་ལེ་ཚན་འཁྲབ་སྟོན་བྱས་པ་དང་། ཡུལ་དངོས་སུ་ད་དུང་གྲོང་ཁྱེར་ཡིག་གཟུཊ་མཁས་ཅན་མཐུན་ཚོགས་ཀྱི་ཁོངས་མི་གདན་དྲངས་ནས་ཚང་མར་བོད་རྒྱ་ཡིག་རིཊ་གཉིས་ཀྱི་སྨོན་ཚིག་བྲིས་ཏེ་ལོ་གསར་གྱི་རྣམ་པ་ཟབ་མོ་མཚོན་པར་བྱས་ཡོད།
(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社