分享按钮

2024ལོའི་ལྷ་སའི“དཔྱིད་གསར་སྐབས་གཞི་རིམ་དུ་སྐྱོད་པ”ཞེས་པའི་བྱེད་སྒོ་སྤེལ་འགོ་ཚུཊ་པའི་མཛད་སྒོ་དང“དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་གྲོང་ཚོའི་མཚན་ཚོགས་སྐབས་དང་པོ”ལྷུན་གྲུབ་རྫོང་དུ་གཉེར་བ།

ཝང་ཧུའེ་མཛད་སྒོར་ཞུགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཚེས་25ཉིན་གྱི་སྔ་དྲོར་2024ལོའི་ལྷ་སའི“དཔྱིད་གསར་སྐབས་གཞི་རིམ་དུ་སྐྱོད་པ”ཞེས་པའི་བྱེད་སྒོ་སྤེལ་འགོ་ཚུགས་པའི་མཛད་སྒོ་དང“དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་གྲོང་ཚོའི་མཚན་ཚོགས་སྐབས་དང་པོ”ལྷུན་གྲུབ་རྫོང་མཁར་རྩེ་གྲོང་ཚོར་གཉེར་བ་རེད།

གྲོང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཝང་ཧུའེ་ཕེབས་པར་མ་ཟད།གསུང་བཤད་ཀྱང་གནང་བ་རེད།

ཝང་ཧུའེ་ཡིས་གྲོང་ཁྱེར་གྱི་རིམ་ཁག་སྨྱན་སྦྱོར་གྱིས་ད་ཐེངས་ཀྱི“གྲོང་ཚོའི་མཚན་ཚོགས”དེ་འགོ་ཚུགས་སར་བྱས་ཏེ་མང་ཚོགས་ཀྱི་དོ་ཁུར་དང་ཟུང་འབྲེལ་གྱིས་ངོ་མཚར་ཆེ་བའི་གཏམ་རྒྱུད་དང་། མི་སེམས་འགུལ་བའི་གནས་ཚུལ། གསོན་ཉམས་དོད་པའི་རྣམ་པ་བཅས་ལ་བརྟེན་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལྷ་སས་གསོན་ཉམས་དོད་པོས་ལག་ལེན་བྱེད་པའི་རྣམ་པ་དྲིལ་བསྒྲཊ་དང་། རང་གྲོང་གིས་ཀྲུང་ཧྭ་མི་རིཊ་གཅིག་མཐུན་ཚོཊ་པའི་འདུ་ཤེས་བརྟན་པོར་འཛུཊ་པའི་གསོན་ཉམས་ལྡན་པའི་ལག་ལེན་གྱི་རྣམ་པ་དྲིལ་བསྒྲཊ། གྲོང་ཁྱེར་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཚོས“གདོང་དམག་བདུན”ལག་ལེན་བྱེད་པའི་ཚ་རླབས་དྲིལ་བསྒྲཊ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུལ་བཅོས་སྒྲིག་ཆེན་མོར་ཐོབ་པའི་གྲུབ་འབྲས་དྲིལ་བསྒྲཊ་བཅས་བྱེད་དགོས་པ་དང་། གྲོང་ཁྱེར་ཡོངས་ཀྱི་མི་རིཊ་ཁག་གི་ལས་བྱེད་མང་ཚོགས་རྣམས་ཀྱིས་ལོ་གསར་གཏོང་བའི་དགའ་འོས་པའི་རྣམ་པ་མངོན་པར་བྱས་ཏེ་མཐུན་སྒྲིལ་དང་། འབད་འབུངས། དྲོ་སྐྱིད། ཞི་མཐུན་བཅས་ལྡན་པའི་རྣམ་པ་བཟང་པོ་ཞིག་གཏོད་དགོས་ཞེས་ནན་གསུངས་གནང་བ་རེད།

ཡུལ་དངོས་སུ་མང་ཚོཊ་ཀྱི་ཞབས་བྲོ《བཀྲ་ཤིས་ཞོལ་པ》དང་། འཁྲབ་ཚན་ཐུང་གྲས《གྲོང་ཚོར་བཅའ་སྡོད་ཀྱི་བྱ་གཞག》 མཉམ་གཞས《ང་ཀྲུང་ཧྭར་དགའ》སོགས་ངོ་མཚར་ཆེ་བའི་ལེ་ཚན་གཅིག་རྗེས་གཉིས་མཐུད་དུ་འཁྲབ་སྟོན་བྱས་ཡོད། མཁར་རྩེ་གྲོང་ཚོའི་ཀྲུའུ་རིན་ཤི་ལོག་གིས་འཁྲབ་སྟོན་པ་དང་ལྟད་མོ་བ་ཚང་མ་ང་ཚོའི་ཉེ་འགྲམ་གྱི་མི་ཡིན། ང་ཚོ་སོ་སོས་རྩོམ་སྒྲིག་དང་འཁྲབ་ཁྲིད་བྱས་ནས་ཞབས་བྲོ་འཁྲབ་ཐུབ་པར་ཧ་ཅང་དགའ་པོ་བྱུང་། སླད་ཕྱིན་བྱེད་སྒོ་དེ་རིཊ་མང་ཙམ་སྤེལ་ཐུབ་རྒྱུའི་རེ་བ་ཡོད། རྒྱལ་ཡོངས་མི་རིཊ་ཁག་གི་མི་དམངས་ཀྱི་གཟུཊ་གཞིའི་བདེ་ཐང་དང་བྱ་བ་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་བཤད། བྱེད་སྒོའི་ཁྲོད་གསར་འགོད་པའི་འཐུས་མིས་གཏམ་བཤད་སྤེལ་བ་དང་གྲོང་ཁྱེར་རྩོམ་རིག་སྒྱུ་རྩལ་ལས་རིཊ་མཉམ་འབྲེལ་ལྷན་ཚོཊ་ཀྱི་ཡིག་གཟུཊ་མཁས་པས་གྲོང་མིར་དཔྱིད་གསར་ཆ་ཡིག་བྲིས་པ་རེད།

གྲོང་ཨུད་དྲིལ་བསྒྲགས་པུའུ་དང་། གྲོང་ཁྱེར་རིག་གནས་ཅུས། ལྷུན་གྲུབ་རྫོང་ཨུད་དང་རྫོང་སྲིད་གཞུང་བཅས་ཀྱིས་ད་རེས་ཀྱི་བྱེད་སྒོ་གཙོ་གཉེར་བྱས་པ་རེད། (ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-01-27 ཝང་ཧུའེ་མཛད་སྒོར་ཞུགས་པ། 6 6 拉萨日报藏文 c174597.html 1 2024ལོའི་ལྷ་སའི“དཔྱིད་གསར་སྐབས་གཞི་རིམ་དུ་སྐྱོད་པ”ཞེས་པའི་བྱེད་སྒོ་སྤེལ་འགོ་ཚུཊ་པའི་མཛད་སྒོ་དང“དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་གྱི་གྲོང་ཚོའི་མཚན་ཚོགས་སྐབས་དང་པོ”ལྷུན་གྲུབ་རྫོང་དུ་གཉེར་བ། /enpproperty-->