ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཇི་ལྟར་བྱས་ནས་རྒན་རྒོན་ཚོའི་ཚེ་མཇུག་གི་འཚོ་བ་དེ་བས་དྲོ་སྐྱིད་ལྡན་པ་དང་སྐྱིད་སྣང་ལྡན་པ་ཞིག་ཡོང་བར་བྱ་རྒྱུ་ནི་ཚེ་སྨོན་གླིང་རྒན་རྒོན་ཉིན་མོའི་ལྟ་རྟོག་ལྟེ་གནས་ཀྱིས་ཐོག་མཐའ་བར་གསུམ་དུ་འབད་འཐབ་བྱེད་པའི་དམིཊ་ཚད་ཅིག་རེད། ལྟེ་གནས་དེ་ལས་གཉེར་བྱས་པ་ནས་བཟུང་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་རྒན་རྒོན་ཚོས་དོ་ཁུར་བྱེད་པའི་དམངས་འཚོའི་གནད་དོན་ལ་དམིགས་ནས་རྒན་རྒོན་གྱི་སློབ་གསོ་དང་། རིག་གནས་རོལ་རྩེད། སྨན་བཅོས་བདེ་ཐང་སོགས་ཀྱི་ཐད་སྤྱི་འདོམས་སྐུལ་འདེད་བཏང་སྟེ་རྒན་རྒོན་གྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་བས་དམངས་འཚོའི་བདེ་སྐྱིད་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད།
འདི་ལོ་དགུང་ལོ་82ལ་སླེབས་པའི་དཀོན་མཆོག་ནི་ལྟེ་གནས་དེའི་རང་མགོ་མི་ཐོན་པའི་བགྲེས་སོང་ཞིག་ཡིན་པ་དང་། ཁོང་ལ་ལོ་58ལ་སླེབས་པའི་བུ་མོ་ཞིག་ཡོད་ཅིང་། བུ་མོ་ཉིན་མོ་ལས་ཀར་འགྲོ་དགོས་པས་བགྲོང་སོང་ཁོང་ལ་ལྟ་རྟོག་བྱེད་མཁན་མེད། ལྟེ་གནས་དེས་ཁྱོན་ཡོངས་ནས་ལྟ་རྟོག་བྱེད་པའི་ཞབས་ཞུ་བསྒྲུབས་པས་དཀོན་མཆོག་གི་ཚེ་མཇུག་གི་རྒན་གསོའི་ཐད་ཀྱི་དགོས་མཁོ་དངོས་འགན་ལེན་ཐུབ་པར་མ་ཟད། ནང་མི་ཚོའི་སེམས་ཁྲལ་ཡང་བསལ་ཡོད།
ཉེ་ཆར། བགྲེས་སོང་དཀོན་མཆོག་ཕྱིར་འཆམ་འཆམ་དུ་སྐྱོད་སྐབས་གཟབ་གཟབ་མ་བྱས་པའི་རྐྱེན་གྱིས་རྐང་པ་ཆག་པའི་གནས་ཚུལ་དེ་ལྟེ་བའི་འགན་འཁུར་བས་ཤེས་རྗེས་དུས་ཐོག་ཏུ་ཁྲེང་ཀོན་ཆུས་དམངས་སྲིད་ཅུས་དང་འབྲེལ་གཏུག་བྱས་ཤིང་། འབྲེལ་ཡོད་འགོ་ཁྲིད་ཀྱི་རྒྱབ་སྐྱོར་དང་རོགས་རམ་ཐོབ་པ་བརྒྱུད།བགྲེས་སོང་དཀོན་མཆོག་གྲོང་ཁྱེར་མི་དམངས་སྨན་ཁང་དུ་སྨན་རིན་མི་དགོས་པར་སྨན་བཅོས་བྱེད་པར་བསྐྱལ་ཡོད། བགྲོས་སོང་བཀོན་མཆོག་གིས་རང་ཉིད་ལ་སྨན་བཅོས་ཡག་པོ་བྱེད་པ་ཤེས་རྗེས་སེམས་འགུལ་ཚད་མེད་ཐེབས་བཞིན་དུ་ཁོང་གིས་ཏང་དང་སྲིད་གཞུང་གིས་ང་ཚོ་རྒན་རྒོན་ཚོར་སེམས་ཁུར་ཚད་མེད་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། ང་ཚོར་དངོས་ཡོད་ཀྱི་གནད་དོན་ཡང་མང་པོ་ཞིག་ཐག་གཅོད་བྱེད་རོགས་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད།
སླད་ཕྱིན་ཚེ་སྨོན་གླིང་རྒན་རྒོན་ཉིན་མོའི་ལྟ་རྟོག་ལྟེ་གནས་ཀྱིས་མུ་མཐུད་བགྲེས་སོང་དཀོན་མཆོག་སྨན་ཁང་དུ་སྡོད་པའི་སྨན་བཅོས་ཀྱི་འཕེལ་རིམ་ལ་དོ་སྣང་བྱ་རྒྱུ་མ་ཟད། སྨན་ཁང་དུ་སྡོད་རིང་ཁོང་ལ་ཁ་ལག་དང་ནད་གཡོག་སོགས་ཀྱི་ཞབས་ཞུའང་མཁོ་འདོན་བྱས་ཏེ་ཁོང་ཚོར་རྒན་རྒོན་ཉིན་མོའི་ལྟ་རྟོག་ལྟེ་གནས་ཀྱི་ཁྱིམ་ཚང་ཆེན་མོའི་དྲོ་སྐྱིད་མྱོང་ཚོར་ཐུབ་པར་བྱ་རྒྱུ་དང་གྲང་ངར་ཆེ་བའི་དགུན་དུས་སུ་རྒན་རྒོན་དེ་བས་མང་བར་དྲོ་སྐྱིད་ལྡན་པའི་ཞབས་ཞུ་ལོངས་སྤྱོད་ཐུབ་པར་བྱ་རྒྱུ་རེད།
(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社