分享按钮

གྲོང་ཨུད་ཏང་གི་སློབ་གྲྭས་ཐུན་མོང་མ་ཡིན་པའི་ལེགས་ཆ་འདོན་སྤེལ་བྱས་ནས་གཙོ་དོན་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་རྒྱུར་སྐུལ་འདེད་བཏང་བ།

ཁག་གཉིས་པའི་གཙོ་དོན་སློབ་གསོ་སྤེལ་བ་ནས་བཟུང་། གྲོང་ཨུད་ཏང་གི་སློབ་གྲྭས(གྲོང་ཁྱེར་སྲིད་འཛིན་སློབ་གླིང)གིས“དགོངས་པར་སློབ་སྦྱོང་དང་། ཏང་གཤིས་བརྟན་གཏོང་། ལག་ལེན་ལ་མཐོང་ཆེན། བྱས་རྗེས་གསར་པ་འཇོག་པ”བཅས་ཀྱི་སྤྱིའི་བླང་བྱར་དམིགས་ནས་སློབ་ཁྲིད་ཐོན་ཁུངས་སྔོག་འདོན་དང་བསྡུར་གཞི་ཡོད་པའི་ལེགས་ཆ་འདོན་སྤེལ་བྱས་པ་དང་།གསོ་སྦྱོང་ཟླ་བ་གཅིག་ཡན་གྱི་དུས་ཐེངས་3གྱི་འཛིན་གྲྭའི་སློབ་མ་150ཡིས་གཙོ་བོར་བྱས་ཏེ་གཙོ་དོན་སློབ་གསོ་དེ་སློབ་གཉེར་དང་སློབ་གྲྭ་སྐྱོང་བའི་ཆུ་ཚད་དང་ཟུང་འབྲེལ་དམ་ཟབ་དང་འབྲེལ་མཐུད་ནུས་ལྡན་བྱས་ནས་ནུས་ཤུགས་ཡོད་རྒུས་ལག་ལེན་བྱས་པར་མ་ཟད། “ཏང་གི་ཆེད་དུ་ཤེས་ལྡན་མི་སྣ་སྐྱེད་སྲིང་དང་ཏང་གི་ཆེད་དུ་ཐབས་ཇུས་འདོན་པའི”ཐོག་བྱས་རྗེས་དངོས་འཇོག་དང་བྱས་རྗེས་གསར་པ་འཇོག་གང་ཐུབ་བྱས་ནས་གཙོ་དོན་སློབ་གསོ་གཏིང་ཟབ་དང་ཏན་ཏིག་བཅས་ཀྱི་སྒོ་ནས་སྤེལ་རྒྱུར་སྐུལ་འདེད་བཏང་ཡོད།

བསྟན་བཅོས་ལ་སློབ་སྦྱོང་ཡག་པོ་བྱས་ནས་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱ་རྒྱུ་དེ་ཡིད་ལ་འཇགས་པར་བྱས་པ་སྟེ། གྲོང་ཨུད་ཏང་གི་སློབ་གྲྭས་ཉིན་བདུན་རིང་སློབ་སྦྱོང་ལ་དབྱིངས་ཞུགས་པའི་དཔེ་ཀློག་འཛིན་གྲྭའི་བྱེད་སྒོ་སྒྲིག་འཛུགས་བྱས་ནས་རྫོང་རིམ་པའི་ལས་བྱེད་པས་ངེས་པར་དུ་སྦྱོང་དགོས་པའི་དཔེ་དེབ་ལྔ་ཡག་པོ་ཀློག་པ་དང་། ཏང་ཡོན་དཀྱུས་མས་དཔེ་དེབ་གསུམ་ཡག་པོ་ཀློག་པ། དེ་དང་ཆབས་ཅིག་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་དང“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”སོགས་ཀྱི་གཞི་རྟེན་ལ་བརྟེན་ནས“གྲོས་གཞི་ཨང་དང་པོའི”ལམ་ལུགས་གཏིང་ཟབ་ཏུ་བཏང་སྟེ།སྔོན་ལ་སློབ་ཕྲུག་བྱེད་པ་དང་རྗེས་སུ་དགེ་རྒན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སློབ་དཔྱོད་པས་སྔོན་ལ་སློབ་སྦྱོང་དང་དེ་ནས་སློབ་སྦྱོང་གཏིང་ཟབ་བྱེད་དུ་བཅུག་པ་དང་། སློབ་དཔྱོད་པའི་ཞན་ཆ་གསབ་ནས་སློབ་དཔྱོད་པའི“བླ་སྲོག”དང“བློ་གྲོས”བརྟན་པོར་བཙུགས་ཡོད། ཆེད་དོན་ཏང་གི་ཤེས་བྱའི་སློབ་ཁྲིད་ཐད་སློབ་གྲྭའི་འགོ་ཁྲིད་ཀྱིས་དཔེ་སྟོན་སློབ་ཁྲིད་བྱེད་པ་དང་། ཏང་ཀྲི་པུའུ་ཧྲུའུ་ཅིས་རང་འགུལ་ངང་ཁྲིད་པ། ཏང་ཡོན་དགེ་རྒན་གྱིས་ཆེད་དོན་ཟུར་ཁྲིད་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད་བསམ་བློ་ངན་པ་བཀག་འགོག་དང་། དངོས་ཡོད་ཀྱི་འགྱུར་ལྡོག་གསལ་པོར་ཤོད་པ། གསར་བརྗེའི་རིག་གནས་ཀྱི་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བཅས་བྱས་ནས་ཆེད་དོན་ཏང་གི་སློབ་ཚན་གཏིང་ཟབ་ངང་ཁྲིད་རྒྱུ་རེད། མིག་སྔའི་བར་ཆེད་དོན་ཟུར་ཁྲིད་ཐེངས་2བྱས་པ་དང་ཧྲུའུ་ཅིས་ཏང་གི་སློབ་ཚན་ཐེངས་6ཁྲིད་ཅིང་། གཞན་ཡང་གྲོང་ཨུད་ཏང་གི་སློབ་གྲྭས“ང་ཡི་ལས་སྒོ་ང་ཡིས་བརྗོད”ཅེས་པའི་བྱེད་སྒོ་མུ་མཐུད་གཏིང་ཟབ་ཏུ་བཏང་སྟེ།སློབ་དཔྱོད་མི་སྣ་30ཡིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དང་། ཞི་ཅིན་ཕིང་གི་རིག་གནས་དགོངས་པ། ལྷ་ས་གྲོང་ཁྱེར་གྱི“ལྟེ་བ་སྟོབས་ཆེར་གཏོང་བའི”འཐབ་ཇུས་སོགས་ཀྱི་ཆེད་དོན་ནང་དོན་ལ་དམིགས་ནས་སྤེལ་རེས་དང་བགྲོ་གླེང་ཧུར་ཐག་བྱས་ཏེ“འགྲེལ་བཤད”དང“ཀློག་པ”ཟུང་འབྲེལ་དང་།“སྦྱོང་བ”དང“རྟོགས་པ”ཕན་ཚུན་གཅིག་གྱུར་ཡོང་བར་བྱས་ཡོད།

གཙོ་བོའི་འགན་འཁྲིར་དམིགས་ཏེ་སློབ་ཁྲིད་གསོ་སྦྱོང་གི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་རྒྱུར་སྐུལ་འདེད་བཏང་བ་སྟེ། གྲོང་ཨུད་ཏང་གི་སློབ་གྲྭས་ཏང་གཤིས་ཀྱི་སློབ་གསོ་དང་། ཏང་གི་རིགས་པའི་གཞུང་ལུགས་ཀྱི་སློབ་གསོ། འགན་འཁྲི་སྒྲུབ་ནུས་གསོ་སྦྱོང་བཅས་གཙོ་གནད་དུ་བྱས་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལྷ་སར་གསོན་ཉམས་དོད་པའི་ལག་ལེན་བྱ་རྒྱུ་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་འཛིན་གྲྭ་བཀོད་སྒྲིག་སྔར་བས་ལེགས་སུ་གཏོང་བ་དང་། སློབ་ཚན་གསར་སྤེལ་ལ་ཤུགས་སྣོན་རྒྱག་པ། གསོ་སྦྱོང་གི་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ཡོད། མིག་སྔའི་བར་གསོ་སྦྱོང་འཛིན་གྲྭ་སྣ་ཚོགས་གཉེར་ཐེངས་56དང་མི་ཐེངས་4222ཟིན་པ་དང་།ལྷག་པར་དུ་གཙོ་དོན་སློབ་གསོར་དམིགས་ནས་རྫོང་དང་ཁྲུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པའི་དཔེ་ཀློག་འཛིན་གྲྭ་དང་། རྒྱལ་ཁབ་ཀྱི་ཀུན་སྤྱོད་སྐད་ཡིག་གསོ་སྦྱོང་འཛིན་གྲྭ་སོགས་ཁྱད་ལྡན་འཛིན་གྲྭ་དུས་ཐེངས་10གཉེར་བ། སློབ་མ་800ལྷག་ཙམ་ལ་གསོ་སྦྱོང་བྱས་པས་སློབ་མའི་བསམ་བློའི་གནད་དོན་ཐག་གཅོད་ཐུབ་ནས་སློབ་མ་ཚོའི་གདེང་འཇོག་རྒྱ་ཁྱབ་ངང་ཐོབ་ཡོད་པ་རེད། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལ་དམིགས་པ་དང་། གྲོང་ཨུད་ཏང་གི་སློབ་གྲྭས་སློབ་དཔྱོད་མི་སྣ་སྒྲིག་འཛུགས་བྱས་ཏེ།ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དང་། ཀྲུང་དབྱང་གི་དགོངས་དོན། ལྗོངས་དང་གྲོང་ཁྱེར་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལ་ཞིབ་འཇུག་འཆད་འགྲེལ་བྱས་ནས་སློབ་ཁྲིད་དང་ཚན་ཞིབ་སྲིད་འདྲི་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད། གཙོ་དོན་སློབ་གསོའི་རིང་། གྲོང་ཨུད་ཏང་གི་སློབ་གྲྭས་ཁྱོན་དགེ་རྒན་10ལྷུན་གྲུབ་རྫོང་དང་མལ་གྲོ་གུང་དཀར་རྫོང་སོགས་ཀྱི་ཚན་པ་15རུ་སྒྲོག་འགྲེལ་བྱེད་པར་མངགས་ནས་སྒྲོག་འགྲེལ་ཐེངས་18བྱས་པ་དང་མི་ཐེངས་400ལྷག་ཙམ་ལ་ཕན་པ་ཐོབ་ཡོད་པ་རེད།

སློབ་སྦྱོང་ལ་བརྟེན་ནས་ལས་ཀར་སྐུལ་འདེད་གཏོང་བ་དང་། རིག་གནས་སློབ་ཁྲིད་བྱས་ནས་ཐེ་ཚོམ་སེལ་རྒྱུའི་ལས་འགན་ཡག་པོ་བསྒྲུབ་རྒྱུ་མཐའ་འཁྱོངས་བྱེད་དགོས། གྲོང་ཨུད་ཏང་གི་སློབ་གྲྭས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་སློབ་མས་ངེས་པར་དུ་སྦྱོང་དགོས་པའི་སློབ་ཚན་དུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་གཙོ་དོན་སློབ་གསོ་དེ་སློབ་མའི་རྒྱུན་གཏན་གྱི་སློབ་གསོའི་ཁྲོད་བཅུག་སྟེ་གཙོ་དོན་སློབ་གསོའི་གཙོ་གནད་བྱ་ཐབས་དང་། ཞིབ་ཕྲའི་བླང་བྱ། ལས་འགན་བཅས་སློབ་མའི་སློབ་སྦྱོང་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་པ་དང་།བྱ་ཐབས་སྣ་ཚོགས་སྤྱད་དེ་སློབ་སྦྱོང་གི་ཕན་འབྲས་ཆེ་རུ་བཏང་བ་དང་འབྲེལ་ངེས་པར་དུ་སྦྱོང་དགོས་པའི་ནང་དོན་དང་ཟུང་འབྲེལ་གྱིས་མར་ལེ་ཡིས་གསུང་རབ་ཀློག་པ་དང་ཁྲིད་སྟོན་གྱི་བྱེད་སྒོ་སྤེལ་ཞིང་། སློབ་མའི་ཆེད་དོན་འཆད་སྟེགས་དང་། “ཀོག་ཧྥེ་གླེང་སྟེགས”སོགས་ཀྱི་བྱེད་སྒོ་སྤེལ་བ།

(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-01-27 6 6 拉萨日报藏文 c174598.html 1 གྲོང་ཨུད་ཏང་གི་སློབ་གྲྭས་ཐུན་མོང་མ་ཡིན་པའི་ལེགས་ཆ་འདོན་སྤེལ་བྱས་ནས་གཙོ་དོན་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་རྒྱུར་སྐུལ་འདེད་བཏང་བ། /enpproperty-->