分享按钮

སྟོད་ལུང་བདེ་ཆེན་ཆུས་ཀྱིས་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་འཚོགས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཉེ་ཆར། སྟོད་ལུང་བདེ་ཆེན་ཆུས་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་2024ལོའི་གཅིག་སྡུད་སློབ་སྦྱོང་ཚོགས་འདུ(རྒྱ་ཆེ)ཐེངས་གཉིས་པ་དང་ཀྲུང་དབྱང་དང་དེ་བཞིན་ལྗོངས་དང་གྲོང་ཁྱེར་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་འཚོགས་པ་རེད། ཚོགས་འདུའི་ཐོག་བོད་ལྗོངས་སློབ་ཆེན་གྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་ཞིབ་འཇུག་ཁང་གི་དགེ་རྒན་ཆེན་མོ་བ་ཀྲའོ་ཅུན་གྱིས་གཙོ་དོན་སྒྲོག་འགྲེལ་གནང་བ་རེད།

སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུའི་ཐོག་ཀྲའོ་ཅུན་གྱིས་ཞིབ་ཅིང་ཕྲ་བའི་དཔྱད་ཡིག་དང་གསོན་ཉམས་དོད་པའི་དཔེ་མཚོན་དང་ཟུང་འབྲེལ་བྱས་ནས་སྒྲོག་འགྲེལ་བྱས་པ་རེད། སྒྲོག་འགྲེལ་སྙན་ཞུའི་གཙོ་དོན་མངོན་གསལ་དོད་པ་དང་། ནང་དོན་ཆ་ཚང་བ། རྒྱས་བཤད་གནད་ལ་འཁེལ་བཅས་དང་། རིགས་པའི་གཞུང་ལུགས་ཀྱི་མཐོ་ཚད་ཡོད་ལ་བསམ་བློའི་གཏིང་ཚད་ཀྱང་ཡོད་པས་སྟོད་ལུང་བདེ་ཆེན་ཆུས་ཀྱིས་རིམ་ཁག་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་དང་། གོ་བ་ལེན་པ། དོན་འཁྱོལ་བཅས་བྱེད་པའི་ཐད་མཛུབ་ཁྲིད་ཀྱི་ནུས་པ་ཆེན་པོ་ཐོན་ཡོད།

ཚོགས་ཞུགས་མི་སྣས་ད་ཐེངས་ཀྱི་གཅིག་སྡུད་སྒྲོག་འགྲེལ་དེ་དཔེ་སྟོན་དང་འགོ་འཛུགས་ས་གསར་པར་བརྩིས་ནས་ཚོགས་འདུའི་དགོངས་དོན་ལག་བསྟར་དང་དོན་འཁྱོལ་བྱ་རྒྱུ་དེ་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ།གཅིག་གྱུར་བཀོད་སྒྲིག་དང་སྒྲིག་འཛུགས་ཞིབ་ཚགས་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

སྟོད་ལུང་བདེ་ཆེན་ཆུས་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཞུའེ་ཧྭ་ཕིང་གིས་ད་ཐེངས་ཀྱི་སྒྲོག་འགྲེལ་ཚོགས་འདུས་ཀྲུང་དབྱང་དང་ལྗོངས་དང་གྲོང་ཁྱེར་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་བརྒྱུད་རིམ་ལྡན་པའི་ངང་འགྲེལ་བཤད་བརྒྱབ་ནས་མིག་སྔའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འཕྲད་པའི་འགྲན་སློང་དང་གོ་སྐབས་ལ་དབྱེ་ཞིབ་བྱས་ཏེ་སླད་ཕྱིན་གྱི་ལས་དོན་ལ་དམ་འཛིན་བྱ་གཞི་དང་བྱེད་ཐབས་ཁ་གསལ་བཟོས་ཡོད། 2023ལོར་སྟོད་ལུང་བདེ་ཆེན་ཆུས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་71.2ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ་10འཕར་ནས་སྒོར་དུང་ཕྱུར་70ཡི་འགག་སྒོ་ཆེན་པོ་ལས་ཐོག་མར་བརྒལ་ཡོད། ཕྱིས་འབྱུང་ང་ཚོས་ལྗོངས་དང་གྲོང་ཁྱེར་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ་དགོས་མཁོ་རྒྱ་ཆེར་གཏོང་བ་དང་། གཙོ་ཁྲིད་ཐོན་ལས་འཕེལ་རྒྱས་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གཙོ་གནད་ས་ཁོངས་སྒྱུར་བཅོས། དམངས་འཚོའི་འདུ་འགོད་སོགས་ཐད་ནུས་ཤུགས་དེ་བས་མང་བ་བཏོན་ནས་སྟོད་ལུང་བདེ་ཆེན་ཆུས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་མཁོ་འདོན་བྱ་རྒྱུ་ཡིན་ཞེས་བཤད།

(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-01-27 6 6 拉萨日报藏文 c174595.html 1 སྟོད་ལུང་བདེ་ཆེན་ཆུས་ཀྱིས་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་འཚོགས་པ། /enpproperty-->