分享按钮

(པར་ངོས་དང་པོར་མཐུད)དེས་སྤྱི་གསོག་མ་དངུལ་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་རྒྱུར་སྐུལ་འདེད་བཏང་ཡོད།

མིག་སྔར། རང་གྲོང་གི་དྲ་ཐོག་ནས་སྒྲུབ་ཆོག་པའི་སྤྱི་གསོག་མ་དངུལ་ཕྱོགས་བསྡུས་ལས་སྒོའི་ནང་དུ། ལས་ཁུངས་ཀྱི་ལས་བཟོ་བ་གསར་སྣོན་དང་། བཀག་སྡོམ་ཉར་ཚགས། སྤོ་སྒྱུར་བཅས་དང་། ལས་ཁུངས་ཀྱི་ཟླ་རེའི་དངུལ་སྤྲོད་འཛིན་ཡིག་དང་དངུལ་ལེན་འཛིན་ཡིག་དཔར་འདེབས་བྱེད་པ། མི་སྒེར་གྱི་གཞི་རྩའི་གནས་ཚུལ་དང་། ཞིབ་ཕྲའི་འདྲི་རྩད། འཇལ་བཅོལ་གྱི་ཞིབ་ཕྲའི་འདྲི་རྩད། ཞིབ་ཕྲའི་འདྲི་རྩད་ལེན་པ། དངུལ་བུན་ཆ་འཕྲིན་འདྲི་རྩད། དངུལ་བུན་འཇལ་བའི་ཞིབ་ཕྲའི་འདྲི་རྩད་བཅས་ཚུད་ཡོད། དྲ་ཐོག་ནས་ལེན་ཆོག་པའི་ལས་སྒོའི་ནང་དུ། དྲ་ཐོག་གི་རེ་ཞུ་དང་། ལྟེ་བའི་ཞིབ་བཤེར་རིགས་ཀྱི་ལས་སྒོ། ལས་བཟོ་མི་སྒེར་གྱིས་རང་ཉིད་སྡོད་སའི་ཁང་པ(ཚོང་ལས་ཁང་པ་དང་ལག་བརྒྱུད་ཁང་པ)ཉོ་བའི་ཐད་ལེན་པ་དང་། གསར་སྐྲུན(བསྐྱར་སྐྲུན)དང་དེ་བཞིན་སྡོད་ཁང་ཉམས་གསོ་ཆེན་པོ་བྱེད་པའི་ཐད་ལེན་པ། སྡོད་ཁང་བོགས་མར་གཏོང་ལེན་བྱེད་པའི་ཐད་ལེན་པ། ཚོང་ལས་ཁང་པ་ཉོ་བའི་དངུལ་བུན་གྱི་མ་སྐྱེད་འཇལ་སྤྲོད་བྱེད་པའི་ཐད་ལེན་པ། དྲ་ཐོག་གི་རེ་ཞུ་དང་དྲ་ཐོག་གི་མཇུག་སྒྲིལ་ལས་སྒོ་གཉེར་བ་བཅས་ཚུད་ཡོད། གཞན་དེ་བཞིན། རྒན་ཡོལ་ཞུས་ནས་ལེན་པ་དང་། ངལ་རྩོལ་གྱི་འབྲེལ་བ(ལས་གནས་ལས་བྲལ་བ)མེད་པར་བཟོས་ནས་ལེན་པ། སྤྱི་གསོག་མ་དངུལ་གྱི་དངུལ་བུན་གྱི་མ་སྐྱེད་འཇལ་སྤྲོད་བྱེད་པའི་ཐད་ལེན་པ་བཅས་ཡོད།

དྲ་ཐོག་ནས་སྒྲུབ་ཆོག་པའི་སྤྱི་གསོག་མ་དངུལ་གྱི་དངུལ་བུན་ལས་སྒོའི་ཁོངས་སུ་དངུལ་བུན་མ་གཡར་གོང་གི་རང་ཉིད་སྡོད་སའི་ཁང་པ(ཚོང་སྒྱུར་ཁང་པ་དང་ལག་བརྒྱུད་ཁང་པ)ཉོ་བའི་དངུལ་བུན་དང་། ཚོང་ལས་དངུལ་བུན་དེ་སྤྱི་གསོག་མ་དངུལ་དུ་བསྒྱུར་བའི་དངུལ་བུན། གསར་སྐྲུན(བསྐྱར་སྐྲུན)དང་བཟོ་བཅོས་ཆེན་པོ་རྒྱག་པའི་སྡོད་ཁང་གི་དངུལ་བུན་བཅས་ཚུད་ཡོད་པ་དང་། དངུལ་བུན་བཏང་རྗེས་མི་སྒེར་གྱིས་དངུལ་བུན་འཇལ་བའི(ཐད་ཀར་མ་སྐྱེད་འཇལ་བ)གན་རྒྱ་འཇོག་པའི་ལས་སྒོ་དང་། ཚོང་ལས་སྡོད་ཁང་གི་དངུལ་བུན་དེ་ཟླ་རེ་བཞིན་ལེན་པའི་གན་རྒྱ་འཇོག་པའི་ལས་སྒོ། སྤྱི་གསོག་མ་དངུལ་གྱི་དངུལ་བུན་འཇལ་བ་བཅས་ཚུད་ཡོད། གཞན་དེ་བཞིན་ཞིང་ཆེན་བརྒལ་ནས་གཉེར་བའི་མི་སྒེར་གྱི་འཇལ་བཅོལ་དངུལ་བུན་སོགས་ཀྱི་ཆ་འཕྲིན་འདྲི་རྩད་དང་། མི་སྒེར་གྱི་འཇལ་བཅོལ་ཆ་འཕྲིན་གྱི་བསྒྱུར་བཅོས། སྔོན་ནས་དངུལ་བུན་གཙང་འཇལ་བྱེད་པ། དངུལ་བུན་གཏོང་ཡུལ་གྱི་ལས་བཟོ་བར་འཇལ་བཅོལ་བེད་སྤྱོད་ཀྱིི་དཔང་ཡིག་སྤྲོད་པ། སྤྱི་གསོག་མ་དངུལ་གྱི་དངུལ་བུན་ཚང་མ་གཙང་མར་འཇལ་བའི་དཔང་ཡིག་སྤྲོད་པ། སྔོན་ནས་དངུལ་བུན་གྱི་ཆ་ཤས་འཇལ་བ། ཁང་པའི་ཉོ་བའི་ཐད་ལེན་པ། རྒྱུན་ལྡན་གྱི་རྒན་ཡོལ་ཞུས་ནས་ལེན་པའི་ལས་སྒོ་སོཊ་ཀྱང་དྲ་ཐོག་ནས་སྒྲུབ་ཆོག་གི་ཡོད། (བྱམས་ཚེས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-01-27 6 6 拉萨日报藏文 c174594.html 1 /enpproperty-->