(པར་ངོས་དང་པོར་མཐུད)འདི་ལོ་ལྷ་ས་མེ་འཁོར་འབབ་ཚུགས་སུ་ད་དུང་ཕྱིར་སྐྱོད་ལས་མི་དང་སློབ་ཕྲུག་གི་སྤ་སེ་འཚོང་ས་དང་འབབ་ཚུགས་སུ་ཤར་གཏོང་འགྲོ་འོང་བྱེད་སའི་ཐོགས་མེད་བགྲོད་ལམ་མང་དུ་བཏང་བ་དང་། བོད་ཀྱི་ས་གནས་ཚན་པ་དང་མཐུན་སྦྱོར་བྱས་པ་བརྒྱུད་མེ་འཁོར་འབབ་ཚུགས་ཀྱི་འཛུལ་སྒོའི་ཉེ་འགྲམ་དུ་སྤྱི་སྤྱོད་རླངས་འཁོར་འབབ་ཚུགས་ཁ་བཀག་སའི་ས་ཚིགས་དང་མི་སྐྱོད་ལམ་གྱི་མཚོན་རྟགས་གསར་པ་བསྒར་ཡོད་པ་དེས་འགྲུལ་པ་འབབ་ཚུགས་སུ་ཡོང་དུས་དང་ཐོན་དུས་ཤར་གཏོང་མི་ཐུབ་པའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་པ་རེད། “ཏང་ཡོན་གྱི་དཔེ་སྟོན”སྐར་ཁུང་དང“གཞོན་ནུའི་ཤེས་དཔལ་ལས་གནས”ཀྱི་ནུས་པ་མུ་མཐུད་འདོན་སྤེལ་ཡག་པོ་བྱ་ཆེད། ད་ལོ་ལྷ་ས་མེ་འཁོར་འབབ་ཚུགས་ཀྱི་དང་བླངས་པ་ཆུང་ཆུང་གི་ཞབས་ཞུའི་རུ་ཁག་གིས་དུས་ཐོག་ཏུ་འགྲུལ་པར་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བྱས་ནས་སྤུས་ལེགས་སྟབས་བདེའི་ཞབས་ཞུ་མཁོ་འདོན་བྱ་རྒྱུ་རེད། ལྷ་ས་མེ་འཁོར་འབབ་ཚུགས་འགྲུལ་སྐྱེལ་འཁོར་སྐྱོད་འཁོར་ཁང་གི་ཀྲུའུ་རེན་གཞོན་པ་དབྱངས་ཅན་ལྷ་མོས་གཞན་ཡང་ང་ཚོས་ད་དུང་ལམ་བར་དུ་མེ་འཁོར་བརྗེ་བའི་ཞབས་ཞུ་ཟམ་མི་ཆད་པར་ལེགས་སུ་དང་འཐུས་ཚང་དུ་གཏོང་རྒྱུ་དང་།མེ་འཁོར་བརྗེ་བའི་འགྲུལ་པ་དག་འགྲུལ་སྐྱེལ་མི་སྣས་མེ་འཁོར་སྒུག་སར་ཁྲིད་སྟོན་བྱས་ནས་འབབ་ཚུགས་ནས་དོན་མི་དགོས་པར་སྟབས་བདེའི་ངང་མེ་འཁོར་བརྗེ་ཐུབ་པར་བྱེད་ཀྱི་ཡོད་ཅེས་བཤད།
འགྲུལ་པས་སྤ་སེ་ཉོ་བ་དང་ཕྱིར་སློག་བྱེད་པ། སྤ་སེའི་དུས་ཚོད་སྒྱུར་བཟོ་བྱེད་པ་བཅས་ཡག་པོ་ཡོང་ཆེད། སླད་ཕྱིན་འགྲུལ་པས་ཉོས་པའི་མེ་འཁོར་སྤ་སེ་དེ་མེ་འཁོར་མ་ཐོན་གོང་གི་ཆུ་ཚོད་48ཡན་གྱི་དུས་ཚོད་ནང་གང་འདོད་དུ་སྒྱུར་ཆོག་གི་ཡོད་པ་དང་། མེ་འཁོར་མ་བཏང་གོང་གི་ཆུ་ཚོད་48དང་དེ་བཞིན་མེ་འཁོར་བཏང་རྗེས་ཀྱི་ཆུ་ཚོད་24གོང་དུ་མེ་འཁོར་སྤ་སེ་བརྗེ་ཆོག་གི་ཡོད་པ་རེད། ལྕགས་ལམ་གྱི་འགན་འཁྲི་དང་ཡང་ན་འགོག་ཐབས་མེད་པའི་རྐྱེན་ངན་གྱིས་རྐྱེན་པས་འགྲུལ་པར་སྤ་སེ་ཕྱིར་སློག་བྱེད་པ་སོགས་ཀྱི་གནས་ཚུལ་ཐོན་སྐབས་འགྲུལ་པས་སྤ་སེ་ཕྱིར་སློག་བྱེད་ཆོག་པ་དང་སྤ་སེ་ཕྱིར་སློག་བྱེད་གྲོན་རྩ་ཆག་གཏོང་རྒྱུ་རེད། ལྷ་ས་མེ་འཁོར་འབབ་ཚུགས་ཀྱི་ལས་དོན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། ལྕགས་ལམ་སྡེ་ཚན་གྱིས་མེ་འཁོར་སྤ་སེ་སྒྱུར་བཟོའི་སྒྲིག་སྲོལ་གསར་པ་གཞིར་བཟུང་།རང་གྲོང་གི་འགྲུལ་པས་རླངས་འཁོར་མ་བཏང་གོང་དང་བཏང་རྗེས་ཀྱི་ཉིན་དེར་སྤ་སེ་སྔོན་ཚོང་དུས་ཚོད་ནང་སྤ་སེ་བརྗེ་ཆོག་པ་དང་།མེ་འཁོར་མ་བཏང་གོང་ནས་ཆུ་ཚོད་48ཡན་འགོར་ཚེ་སྤ་སེ་བརྗེ་དངུལ་མི་བསྡུ་བ་དང་། མེ་འཁོར་མ་བཏང་གོང་གི་ཆུ་ཚོད་48ནང་མ་ཐོན་པ་དང་ཡང་ན་མེ་འཁོར་བཏང་རྗེས་དུས་ཚོད་སྒྱུར་བཟོ་བྱེད་དགོས་ཚེ(ཉིན་དེ་ཚུད་པ)སྤ་སེ་བརྗེ་དངུལ་བསྡུ་ཡི་མེད། ཞིབ་ཕྲའི་སྤ་སེའི་དུས་ཚོད་སྒྱུར་བཟོ་བྱེད་སྟངས་དེ་འགྲུལ་པས་ལྕགས་ལམ་གྱི་12306གི་དྲ་ཚིགས་ཀྱིས་སྤྱི་བསྒྲགས་བརྒྱུད་འདྲི་རྩད་བྱེད་ཆོག་གི་ཡོད་པ་རེད།
(པ་ཚེས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社