分享按钮

ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཧྥ་རན་སིའི་དབར་ཕྱི་འབྲེལ་བཙུཊ་ནས་ལོ་60འཁོར་བའི་སྣེ་ལེན་ཚོཊ་འདུར་བརྙན་ལམ་ཐོག་ནས་ཤིས་ཚིག་གསུངས་པ།

ཟླ་1ཚེས་25ཉིན། ཀྲུང་གོ་དང་ཧྥ་རན་སིའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་60འཁོར་བའི་སྣེ་ལེན་ཚོགས་འདུ་པེ་ཅིང་རྒྱལ་ཁབ་ཟློས་གར་ཁང་ཆེ་མོར་འཚོགས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྙན་ལམ་ཐོག་ནས་ཤིས་ཚིག་གསུངས་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་25ཉིན། ཀྲུང་གོ་དང་ཧྥ་རན་སིའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་60འཁོར་བའི་སྣེ་ལེན་ཚོགས་འདུ་རྒྱལ་ཁབ་ཟློས་གར་ཁང་ཆེ་མོར་འཚོགས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྙན་ལམ་ཐོག་ནས་ཤིས་ཚིག་གསུངས་པ་རེད།

ཞི་ཅིན་ཕིང་གིས་ལོ་ངོ་60ཡི་གོང་ཀྲུང་གོ་དང་ཧྥ་རན་སིའི་དབར་ཕྱི་འབྲེལ་བཙུགས་པ་དེ་ནི་རྒྱལ་སྤྱིའི་འབྲེལ་བའི་ལོ་རྒྱུས་ཐོག་གི་དོན་ཆེན་ཞིག་རེད། ཀྲུའུ་ཞི་མའོ་ཙེ་ཏུང་དང་དམག་དཔོན་ཏའེ་ཀའོ་ལེ་རྣམ་གཉིས་ཀྱིས་ཁྱད་དུ་འཕགས་པའི་རྣམ་དཔྱོད་དང་བློ་སྟོབས་ལ་བརྟེན་ནས་ཀྲུང་གོ་དང་ནུབ་ཕྱོགས་ཀྱི་འགྲོ་འོང་མཉམ་ལས་ཀྱི་སྒོ་མོ་ཕྱེ་ནས་འཇམ་འཐབ་ཁྲོད་གནས་པའི་འཛམ་གླིང་ལ་རེ་བ་སྦྱིན་ཡོད། ལོ་ངོ་60ཡི་རིང་། ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བ་དེ་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་དང་ནུབ་ཕྱོགས་རྒྱལ་ཁབ་ཀྱི་འབྲེལ་བའི་མདུན་གྲལ་དུ་བསྐྱོད་དེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་། འཛམ་གླིང་གི་ཞི་བདེ་དང་། བརྟན་ལྷིང་། འཕེལ་རྒྱས་བཅས་ཀྱི་ཆེད་ལེགས་སྐྱེས་འབུལ་བཞིན་ཡོད་ཅེས་གསུངས་པ་རེད།

ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བའི་དམིགས་བསལ་ལོ་རྒྱུས་ཀྱིས་རང་བཙན་རང་བདག་དང་། ཕན་ཚུན་བསམ་ཤེས། མཐོང་རྒྱ་ཆེ་ཞིང་མིག་རྒྱང་རིང་བ། གཉིས་ཕན་མཉམ་རྒྱལ་བཅས་ཀྱི་ཀྲུང་གོ་དང་ཧྥ་རན་སིའི་སྙིང་སྟོབས་བཏོད་ཡོད། དུས་རབས་གསར་པའི་འཕོ་འགྱུར་ཆེན་པོའི་མདུན་དུ། ཀྲུང་གོ་དང་ཧྥ་རན་སི་རྒྱལ་ཁབ་གཉིས་པོས་ཕྱི་འབྲེལ་བཙུགས་པའི་ཐོག་མའི་བསམ་འདུན་མཐའ་འཁྱོངས་དང་། འབྱུང་འགྱུར་ལ་ཧུར་བརྩོན་ཆེན་པོས་ཁ་ཕྱོགས་པ། བྱས་རྗེས་འཇོག་ཕོད་པ་བཅས་བྱེད་དགོས། ཕྱོགས་གཉིས་པོས་བློ་བརྟན་འགྱུར་མེད་ངང་ཕྱོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་བཏང་སྟེ། ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བའི་བརྟན་ལྷིང་རང་བཞིན་ལ་བརྟེན་ནས་འཛམ་གླིང་གི་གཏན་འཁེལ་མེད་པའི་རང་བཞིན་ལ་ཁ་གཏད་གཅོག་དགོས་པ་དང་། ཀྲུང་གོ་དང་ཧྥ་རན་སིའི་རིག་གནས་ཡུལ་སྐོར་ལོ་དང་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་གོ་སྐབས་སུ་བྱས་ནས། མི་ཆོས་རིག་གནས་སྤེལ་རེས་རྒྱ་ཆེར་གཏོང་བ་དང་དམངས་སེམས་གཅིག་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་ཁོང་ཡངས་ཀྱི་དཔལ་འབྱོར་འཛམ་གླིང་ཧྲིལ་པོ་ཅན་དུ་འགྱུར་རྒྱུ་ཐུན་མོང་ཐོག་དར་སྤེལ་བཏང་སྟེ།

(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-01-27 6 6 拉萨日报藏文 c174591.html 1 ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཧྥ་རན་སིའི་དབར་ཕྱི་འབྲེལ་བཙུཊ་ནས་ལོ་60འཁོར་བའི་སྣེ་ལེན་ཚོཊ་འདུར་བརྙན་ལམ་ཐོག་ནས་ཤིས་ཚིག་གསུངས་པ། /enpproperty-->