འགོ་ཚུགས་ས་གསར་པར་རིག་གནས་དར་རྒྱས་སུ་གཏོང་བ་དང་། རིག་གནས་སྟོབས་ཆེན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་འཛུགས་སྐྱོང་བྱེད་པ་བཅས་ལ་མུ་མཐུད་དུ་སྐུལ་འདེད་གཏོང་རྒྱུ་ནི་དུས་རབས་གསར་པའི་རིག་གནས་ཀྱི་ལས་འགན་གསར་པ་ཞིག་རེད།
རིག་གནས་ཀྱི་ལས་འགན་གསར་པ་ཕྲག་ཏུ་འཁུར་བ་དེ་ལས། རང་རེའི་ཏང་གིས་ཀྲུང་ཧྭའི་རིག་གནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་མིའི་རིགས་ཀྱི་ཤེས་དཔལ་གྱི་རྣམ་པ་གསར་པ་གཏོད་པའི་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་སེམས་མཚོན་ཐུབ་པས། ང་ཚོས་ཞི་ཅིན་ཕིང་གི་རིག་གནས་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཞུམ་མེད་འབད་འཐབ་ཀྱིས་རིག་གནས་ཀྱི་ལས་འགན་གསར་པ་དེ་ཕྲག་ཏུ་ལེགས་པར་འཁུར་དགོས་ལ། སྤྱི་ཚོགས་རིང་ལུགས་རིག་གནས་སྟོབས་ཆེན་གྱི་རྒྱལ་ཁབ་འཛུགས་སྐྱོང་དང་ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་ཤེས་དཔལ་འཛུགས་སྐྱོང་བྱེད་པའི་ཁྲོད་རྣམ་པ་གསར་པ་དང་བྱས་རྗེས་གསར་པ་འཇོག་དགོས།
གནའ་དེང་ཀུན་ལ་འཕྲོད་པའི་རིག་གནས་ཀྱི་ལས་འགན་གསར་པ་ཕྲག་ཏུ་འཁུར་རྒྱུ་ནི་དུས་རབས་ཀྱི་འབོད་སྐུལ་བཟང་པོ་ཞིག་ཡིན།
རིག་གནས་ནི་མི་རིགས་ཤིག་འཚོ་གནས་དང་འཕེལ་རྒྱས་ཐུབ་པའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན།
“རིག་གནས་ཀྱི་ལས་འགན་གསར་པ་ཕྲག་ཏུ་འཁུར་དགོས”ཞེས་པ་དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭའི་ཤེས་དཔལ་གྱི་མཐོ་ཚད་དང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་ཐོག་ནས་ཁྱབ་བསྒྲགས་གནང་བ་ཞིག་ཡིན་ཞིང་། དེང་རབས་ཀྱི་ཀྲུང་གོ་གུང་ཁྲན་ཏང་མིའི་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་སེམས་དང་། བློ་རྩ་བརྟན་ཞིང་འགྱུར་བ་མེད་པའི་ལས་འགན་སྒྲུབ་སེམས། མི་དམངས་ལ་བཅངས་པའི་བརྩེ་སེམས་ཟབ་མོ་བཅས་མཚོན་ཡོད།
2023ལོའི་ཟླ་6ཚེས་1ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་རྒྱལ་ཁབ་པར་གཞི་ཁང་ཀྲུང་དབྱང་སྤྱི་ཁྱབ་ཁང་དུ་རྟོག་ཞིབ་གནང་སྐབས“བསྐལ་པ་བཟང་བའི་དུས་སུ་རིག་གནས་ལ་སྣང་ཆེན་བྱེད་དགོས། ང་ཚོའི་དུས་རབས་འདི་ནི་རྒྱལ་ཁབ་དར་ཞིང་རྒྱས་ལ་སྤྱི་ཚོགས་དུས་བདེ་བརྟན་ལྷིང་ཡིན་པར་མ་ཟད། ང་ཚོར་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་བྱེད་པའི་འདུན་པ་དང་ནུས་པའང་ལྡན་ཡོད། དོན་ཆེན་དེ་ལེགས་པར་སྒྲུབ་དགོས”ཞེས་གསུངས་ཡོད།
ལོ་ངོ་ལྔ་སྟོང་ལྷག་ཙམ་ལྡན་པའི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་པོའི་ནང་། ཀྲུང་ཧྭའི་བུ་ཕྲུག་གི་མི་རབས་མང་པོས་དཀའ་སྤྱད་འབད་བརྩོན་བྱས་ཏེ། འཛམ་གླིང་ཐོག་ཏུ་རྒྱུན་མི་ཆད་པའི་ཤེས་དཔལ་འབའ་ཞིག་དང་། འོད་སྟོང་འཕྲོ་བའི་ཤེས་དཔལ་ཞིག་བཏོད་ཡོད། ལོ་རྒྱུས་ཀྱི་རྒྱུན་འཛིན་ཡག་ཤོས་ནི་ལོ་རྒྱུས་གསར་པ་གཏོད་རྒྱུ་དང་། མིའི་རིགས་ཀྱི་ཤེས་དཔལ་ལ་གུས་བཀུར་བྱེད་སྟངས་ཡག་ཤོས་ནི་མིའི་རིགས་ཀྱི་ཤེས་དཔལ་གྱི་རྣམ་པ་གསར་པ་གཏོད་རྒྱུ་དེ་ཡིན།
རིག་གནས་ཀྱི་ལས་འགན་གསར་པ་ཕྲག་ཏུ་ཁུར་ཚེ། ད་གཟོད་ཤེས་རིག་གི་འཕེལ་རྒྱུན་མི་ཆད་ཅིང་། ཀྲུང་ཧྭ་མི་རིགས་ཀྱི་ཆེས་གཞི་རྩར་གྱུར་པའི་རིག་གནས་ཀྱི་གཞི་རྒྱུ་དེ་དེང་རབས་ཀྱི་རིག་གནས་དང་ཕན་ཚུན་འཚམ་མཐུན་ཡོང་བ་དང་། དེང་རབས་ཀྱི་སྤྱི་ཚོགས་དང་ཕན་ཚུན་མཐུན་སྦྱོར་ཡོང་བར་སྐུལ་འདེད་བཏང་ཚེ། ད་གཟོད་དུས་རབས་གསར་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་རིག་གནས་ཀྱི་ལེའུ་གསར་པ་ཞིག་གཏོད་ཐུབ།
ལིའོ་ཉིང་ཅིན་ཀྲོའུ་ཡི་ཏུང་ཧུའུ་རིག་གནས་ཐང་ཆེན་དུ། ངའི་མེས་རྒྱལ་དང་ང་ནི་རྒྱ་མཚོ་དང་རླབས་ཀྱི་མེ་ཏོག་ལྟ་བུ་ཞིག་ཡིན་ཞེས་པའི་སྙན་པའི་གླུ་སྒྲ་ལྷང་ལྷང་དུ་གྲགས།
2022ལོའི་ཟླ་8པར་ལེའོ་ཉིང་དུ་རྟོག་ཞིབ་གནང་བཞིན་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དེ་གར་ཕེབས་ནས“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་གཉིས་ཕན་ཚུན་མཐུན་སྦྱོར་བྱེད་པའི་དེང་རབས་ཅན་ཞིག་ཡིན”ཞེས་གསུངས་པ་རེད།
མི་དམངས་མང་ཚོགས་ལ་བསམ་པའི་དཔལ་ཡོན་ཕུན་སུམ་ཚོགས་པོ་ཞིག་མཁོ་འདོན་བྱ་རྒྱུ་དེ་ནི། བདེ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་གསར་པ་དེ་སྐོང་རྒྱུའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཡིན་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བརྗོད་བྱའི་ནང་གི་དོན་སྙིང་གལ་ཆེན་ཞིག་ཀྱང་ཡིན་པས། མི་དམངས་ལ་སྔར་བས་འཐུས་སྒོ་ཚང་བ་དང་། སྔར་བས་ཕུན་སུམ་ཚོགས་པ། སྔར་བས་སྤུས་ཀ་ལེགས་པ་བཅས་ཀྱི་བསམ་པའི་རིག་གནས་འཚོ་བ་ཞིག་མཁོ་འདོན་བྱ་རྒྱུ་དེ་དམིགས་ཚད་དུ་བཟུང་ནས་མི་དམངས་ཀྱི་བསམ་པའི་དགོས་མཁོ་སྐོང་བ་དང་། མི་དམངས་ཀྱི་བསམ་པའི་བར་སྟོང་རྒྱ་ཆེར་གཏོང་བ། མི་དམངས་ཀྱི་བསམ་པའི་སྟོབས་ཤུཊ་ཆེ་རུ་གཏོང་བ་བཅས་བྱས་ཚེ། ཀྲུང་གོའི་ལུཊ་ཀྱི་དེང་རབས་ཅན་གཞི་ནས་དེ་བས་མཛེས་སྡུག་ལྡན་པ་ཞིག་ཡོང་ཐུབ།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་རིག་གནས་ཀྱི་གདེང་ཚོད་དེ“གདེང་ཚོད་བཞིའི”ནང་བཅུག་སྟེ། (པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社