分享按钮

ལྷ་ས་མེ་འཁོར་འབབ་ཚུགས་ཀྱིས་དཔྱིད་གསར་སྐྱེལ་འདྲེན་ལ་དམངས་ ཕན་གྱི་བྱེད་ཐབས་གསར་པ་མང་པོ་བཏོན་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། དཔྱིད་གསར་སྐྱེལ་འདྲེན་འགོ་ཚུགས་པ་དང་། གསར་འགོད་པས་ཚེས་24ཉིན་ལྷ་ས་མེ་འཁོར་འབབ་ཚུགས་ནས་ཤེས་རྟོགས་བྱས་པར་གཞིགས་ན། དཔྱིད་གསར་སྐྱེལ་འདྲེན་ཞབས་ཞུའི་སྤུས་ཚད་མཐོ་ལ་ཚད་གཞི་མཐོ་པོས་སྤེལ་ཐུབ་པར་བྱས་ནས་རང་གཤིས་ཅན་གྱི་ཞབས་ཞུའི་ལས་ཀའི་བསམ་ཕྱོགས་ལེགས་སུ་དང་ཕུན་སུམ་ཚོགས་སུ་གཏོང་ཆེད། དཔྱིད་གསར་སྐྱེལ་འདྲེན་རིང་ལྷ་ས་མེ་འཁོར་འབབ་ཚུགས་ཀྱིས་འགྲུལ་པ་འགྲོ་སྐྱོད་དང་། སྤ་སེ་ཉོ་བ། རླངས་འཁོར་སྒུག་པ། མེ་འཁོར་ལ་སྡོད་པ་སོགས་ལ་དམིགས་ནས་འགྲུལ་པར་དེ་བས་མཛེས་སྡུག་ལྡན་པའི་ཡུལ་སྐོར་གྱི་ལམ་བར་ཞིག་ཡོང་བ་བྱེད་པའི་དམངས་ཕན་གྱི་བྱེད་ཐབས་མང་པོ་ཞིག་དམིགས་སུ་འདོན་རྒྱུ་ཡིན་པ་རེད།

ལྷ་ས་མེ་འཁོར་འབབ་ཚུཊ་ཀྱི་ལས་དོན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། དེ་གོང་། “3+1”གི་སྤྲོ་སྣང་ལྡན་པའི་སློབ་ཁང་ཆུང་ངུ་གཉེར་བ་བརྒྱུད། མེ་འཁོར་འབབ་ཚུགས་ཀྱི་ལས་དོན་མི་སྣས་རྒྱུན་སྤྱོད་ཀྱི་བོད་རྒྱ་དབྱིན་གསུམ་གྱི་ཞབས་ཞུའི་ཐ་སྙད་དང་ལག་བརྡ་སློབ་སྦྱོང་བྱས་པ་དང་འབྲེལ་ཁོང་དུ་ཆུད་པར་བྱས་ཡོད། འདི་ལོའི་དཔྱིད་གསར་སྐྱེལ་འདྲེན་རིང་འབབ་ཚུཊ་དེས“མཁའ་ལམ་སྐལ་བཟང་མེ་ཏོག”གི་ཞབས་ཞུའི་སྤུས་རྟཊ་ཁྱབ་འགྱེད་ནུས་པ་མུ་མཐུད་འདོན་སྤེལ་བྱས་ནས་འཛུམ་མདངས་ཀྱི་ཞབས་ཞུ་ནས་འགོ་ཚུཊ་ཏེ་ཞབས་ཞུའི་བྱེད་ཐབས་གསར་པ་ཁག་འཐུས་ཚང་དུ་གཏོང་རྒྱུ་རེད། ལྷ་ས་མེ་འཁོར་འབབ་ཚུཊ་ཀྱིས་ཞབས་ཞུའི་སྟེཊ་བུའི་ཐོག་དམངས་ཕན་སྨན་སྒམ་དང་། ཁབ་སྐུད་སྒམ། སྟབས་བདེའི་གཅེས་སེམས་ཁུག་མ་བཅས་གསར་དུ་བསྣན་པར་མ་ཟད། ད་དུང་མེ་འཁོར་སྒུག་སར་ལག་ཐོཊ་ཁ་པར་གྱི་གློག་གསོག་ཞབས་ཞུའི་ས་ཚིཊ་གསར་དུ་བཙུཊ་ནས་ཕ་ཡུལ་དུ་ལོག་མཁན་འགྲུལ་པ་ཚོར་སྟབས་བདེ་བསྐྲུན་རྒྱུ་རེད། གཞན་ཡང་མེ་འཁོར་འབབ་ཚུཊ་ཀྱིས་ད་དུང་མེ་འཁོར་སྒུག་ས་དང་འབབ་ཚུཊ་ནས་འགྲོ་འོང་བྱེད་ས། དེ་བཞིན་སྤ་སེ་འཚོང་སའི་ཚོམས་ཆེན་བཅས་ཀྱི་ནུས་རྒྱུ་བསྲི་ཚཊ་དང་ཁོར་ཡུག་སྲུང་སྐྱོང་གི་LEDགློག་སྒྲོན་བརྗེ་རྒྱུ་དང་། མེ་འཁོར་འབབ་ཚུཊ་ཀྱི་དྲོད་རླངས་མཁོ་འདོན་དང་། གློག་སྒྲོན། དྲི་ངན་སེལ་བ། ཆུ་མཁོ་འདོན་བྱེད་པ་བཅས་རྨང་གཞིའི་ལས་དོན་ཁག་ལྔ་དོན་འཁྱོལ་ཡག་པོ་བྱས་ནས་འགྲུལ་པར་གསོ་རླུང་དང་། རས་ཁུག སྟབས་བདེའི་ཤོག་བུ། ཆར་གདུཊ། ལག་ཁྱེར་བསྐྱར་པར་སོཊ་དམངས་ཕན་ཞབས་ཞུ་མཁོ་འདོན་བྱ་རྒྱུ་ཡིན་པ་རེད།

(པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-01-27 6 6 拉萨日报藏文 c174590.html 1 ལྷ་ས་མེ་འཁོར་འབབ་ཚུགས་ཀྱིས་དཔྱིད་གསར་སྐྱེལ་འདྲེན་ལ་དམངས་ ཕན་གྱི་བྱེད་ཐབས་གསར་པ་མང་པོ་བཏོན་པ། /enpproperty-->