分享按钮

རང་གྲོང་གི་སྤྱི་གསོག་མ་དངུལ་ལས་སྒོ་དྲ་ཐོག་ནས་གཉེར་ཐུབ་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་1ཚེས་24ཉིན། གསར་འགོད་པར་གྲོང་ཁྱེར་སྡོད་ཁང་མ་དངུལ་དོ་དམ་ལྟེ་གནས་ནས་ཤེས་རྟོགས་བྱུང་བར། ཞབས་ཞུའི་རྣམ་པ་སྔར་བས་གསར་གཏོད་དང་སྡོད་ཁང་སྤྱི་གསོག་མ་དངུལ་ལས་སྒོ་གཉེར་བའི་གོ་ཆོད་ཡུན་ཚད་མཐོ་རུ་གཏོང་ཆེད། རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་སྤྱི་གསོག་མ་དངུལ་ལྟ་སྐུལ་དོ་དམ་ཁྲུའུ་ཡི་བླང་བྱ་གཞིར་བཟུང་། ཟླ་འདི་ནས་བཟུང་རང་གྲོང་གི་སྤྱི་གསོག་མ་དངུལ་གྱི་ལས་སྒོ་དྲ་ཐོག་ནས་གཉེར་བ་དང་དྲ་ཐོག་ནས་གོང་འབུལ་བྱས་ཏེ། སྡོད་ཁང་གི་སྤྱི་གསོག་མ་དངུལ་གྱི་ལས་སྒོ་དྲ་ཐོག་ནས་གཉེར་སྐབས་འཕྲལ་མར་རེ་ཞུ་དང་དུས་ཐོག་ཏུ་ཐག་གཅོད་ཐུབ་པའི་ཐད་བརྩོན་ལེན་བྱ་རྒྱུ་རེད།

གྲོང་ཁྱེར་སྡོད་ཁང་མ་དངུལ་དོ་དམ་ལྟེ་གནས་ཀྱི་ལས་དོན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། རང་གྲོང་གི་ཚན་པ་ཁག་དང་ལས་བཟོ་བས་སྤྱི་གསོག་མ་དངུལ་གྱི་ལས་སྒོ་གཉེར་སྐབས་བོད་ལྗོངས་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དྲ་ཐོག་ཞབས་ཞུའི་ཚོམས་ཆེན་གྱི་གཞུང་ཕྱོགས་དྲ་ཚིགས་སོགས་ཀྱི་ཐབས་ལམ་བརྒྱུད་དྲ་ཐོག་ནས་གཉེར་ཆོག་གི་ཡོད། བྱེད་སྟངས་དེས་ཚན་པ་དང་ཁེ་ལས་ཀྱིས་མཉམ་སྤྲོད་དངུལ་སྤྲོད་དང་། ལས་བཟོ་བ་མི་སྒེར་གྱི་ལས་སྒོ། མ་དངུལ་བགོ་བཤའ་སོགས་དྲ་ཕྱིའི་ལས་སྒོ་ཁག་བགོས་བྱས་ནས་ལས་སྒོ་གཉེར་བའི་དུས་ཚོད་ཐུང་དུ་གཏོང་བ་དང་། འཇལ་བཅོལ་ཚན་པ་དང་དེ་བཞིན་འཇལ་བཅོལ་ལས་བཟོ་བའི་དུས་ཚོད་དང་མི་ཤུགས་ཀྱི་མ་གནས་གྲོན་ཆུང་ཐུབ་ནས་ལས་ཀར་སྟབས་བདེ་ཆེན་པོ་བསྐྲུན་ཡོད།

(པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-01-27 6 6 拉萨日报藏文 c174589.html 1 རང་གྲོང་གི་སྤྱི་གསོག་མ་དངུལ་ལས་སྒོ་དྲ་ཐོག་ནས་གཉེར་ཐུབ་པ། /enpproperty-->