ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། འབར་རླངས་ཀྱི་བདེ་འཇགས་ནི་ཁྱིམ་ཚང་ཁྲི་སྟོང་མང་པོ་དང་འབྲེལ་བ་ཡོད་པར་མ་ཟད་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་ཡང་འབྲེལ་བ་དམ་ཟབ་ཡོད། ཉེ་ཆར། གསར་འགོད་པས་ལྷ་ས་གྲོང་ཁྱེར་སེམས་དྲོ་འབར་རླངས་ཚ་ཤུགས་ཚད་ཡོད་འགན་འཁྲི་ཀུང་སི(གཤམ་དུ་གྲོང་ཁྱེར་སེམས་དྲོ་ཀུང་སི་ཞེས་བསྡུ་རྒྱུ)ནས་ཤེས་རྟོགས་བྱས་པར་གཞིགས་ན། གྲོང་མིའི་སོལ་རླངས་ཀྱི་བདེ་འཇགས་ལ་འགན་ལེན་དང་འབར་རླངས་ལས་འཛོལ་ཐོན་རྒྱུར་དོགས་ཟོན་བྱ་ཆེད། ཀུང་སི་དེས་བདེ་འཇགས་ཐོན་སྐྱེད་ལས་དོན་དེ་གནས་བབ་གལ་ཆེན་ཐོག་བཞག་ནས་བདེ་འཇགས་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁོངས་གཏོགས་ཁུལ་གྱི་གཙོ་གནད་ས་ཚིགས་ལ་ཁྱོན་ཡོངས་ནས་མི་མངོན་པའི་རྐྱེན་ངན་གྲལ་བཤེར་དང་དེ་བཞིན་སྒྲིག་བཀོད་དང་སྒྲིག་ཆས་ལ་སྲུང་སྐྱོང་དང་ཞིབ་བཤེར་བྱས་ཏེ་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་དུས་ཐོག་ཏུ་བསལ་ཡོད་པ་རེད།
དགུན་དུས་ཀྱི་ལྷ་སའི་ཞོགས་པའི་གནམ་གཤིས་ནི་ཧ་ཅང་གྲང་ངར་ཆེ་བ་ཞིག་ཡོད། སྐུ་འབུམ་ཐང་ལམ་དུ་གནས་པའི་གྲོང་ཁྱེར་སེམས་དྲོ་ཀུང་སིའི་ཐོན་སྐྱེད་གཉེར་སྐྱོང་པུའི་གྲོང་ཤར་ཉེན་སེལ་ལྟེ་གནས་ཀྱི་སྐོར་ཞིབ་པ་ཚོས་ལས་གོས་གྱོན་ཞིང་། སྐུལ་འོད་འཚོལ་ཞིབ་ཡོ་བྱད་འཁྱེར་ཏེ་ལམ་རྒྱུད་ཀྱི་མདོང་ལམ་དང་དེ་བཞིན་ཞོར་གཏོགས་སྒྲིག་བཀོད་ལ་སྐོར་ཞིབ་དང་། ཉམས་གསོ། བདག་སྐྱོང་བཅས་བྱེད་འགོ་ཚུགས་ཡོད།
ལྟེ་གནས་དེར་ཁྱོན་སྐོར་ཞིབ་པ་8ཡོད། གཙོ་བོ“མི་དང་རླངས་འཁོར་མཉམ་དུ་སྐོར་ཞིབ་བྱེད་པའི”བྱ་ཐབས་སྤྱད་དེ་ཡུག་ཁུལ་དེའི་ལམ་དུམ་40དང་། དེ་བཞིན་ལམ་རྒྱུད་ཀྱི་སྒོ་རའི་མདོང་ལམ་དང་། འབར་རླངས་ཀྱི་སྟེམ་སྒོ། འབར་རླངས་ཀྱི་གནོན་སྒམ་བཅས་དང་།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社