ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་1ཚེས་18ཉིན་གསར་འགོད་པར་གྲོང་ཁྱེར་གནམ་གཤིས་ལས་ཁུངས་ནས་ཤེས་རྟོགས་བྱུང་གསལ། ས་མཐོའི་གྲང་ངད་ཀྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་ཟླ་1ཚེས་16ནས་ཚེས་18ཉིན་གྱི་ཞོགས་པ་རང་གྲོང་གི་ས་ཆ་ཁག་ཏུ་ཁ་བ་བསྟུད་མར་བབས་པའི་གནམ་གཤིས་བསྟན་པ་དེའི་ནང་བྱང་རྒྱུད་དང་ཤར་རྒྱུད་ཀྱི་ས་བབ་མཐོ་བའི་ས་ཁུལ་དུ་ཁ་བ་བབས་ཚད་ཅུང་ཆེ་བ་དང་ཚེས་17ཉིན་གྱི་མཚན་མོ་ནས་བཟུང་ལྷ་ས་གྲོང་ཁུལ་དང་དེ་བཞིན་མཐའ་འཁོར་གྱི་རྫོང(ཆུས)དུ་ཁ་བ་འབྲིང་བབས་པ་རེད། ཚེས་18ཉིན་གྱི་ཆུ་ཚོད་11བར་རིམ་རྩིས་བྱས་ན་ཁ་བ་བབས་ཚད་ཧའོ་སྨི་9.5ཟིན་ནས་གྲོང་ཁྱེར་གྱི་འགྲོ་ལམ་དང་ཉེ་འཁོར་གྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་རེད།
ཚེས་19ཉིན།རང་གྲོང་གི་གནམ་འཐིབས་པའི་དུས་མང་ཆེ་བར་ཁ་བ་འབབ་རྒྱུ་དང་ཤར་རྒྱུད་ཀྱི་ས་བབ་མཐོ་བའི་རི་ཁུལ་དུ་ཁ་བ་འབྲིང་བ་འབབ་རྒྱུ་དང་། ཚེས་20ཉིན། ས་ཆ་ཁག་ཏུ་སྤྲིན་པ་མང་བའི་གནམ་གཤིས་བསྟན་རྒྱུ་གཙོ་བོ་ཡིན་པར་མ་ཟད། དྲོད་ཚད་ཨང་གྲངས་3ནས་6བར་ཆག་རྒྱུ་དང་། ས་བབ་མཐོ་བའི་ས་ཁུལ་ཁག་གཅིག་ཏུ་དྲོད་ཚད་ཨང་གྲངས་8ཡན་ཆག་རྒྱུ། ཚེས་21ཉིན་རང་གྲོང་གི་ས་ཆ་མང་ཆེ་བར་སྤྲིན་པ་མང་པོ་འཁོར་རྒྱུ་ཡིན་ཞིང་། ཤར་རྒྱུད་དང་བྱང་རྒྱུད་ཀྱི་ས་བབ་མཐོ་བའི་ས་ཁུལ་དུ་ཁ་བ་ཆུང་བ་འབབ་རྒྱུ་རེད།
གྲོང་ཁྱེར་གནམ་གཤིས་ལས་ཁུངས་ཀྱིས་ཉེ་དུས་རང་གྲོང་དུ་ཁ་བ་བབས་པའི་གནམ་གཤིས་ཀྱི་བརྒྱུད་རིམ་ཡང་ཡང་བསྟན་པས་གཞུང་ལམ་འགྲིམ་འགྲུལ་ལ་ཤུགས་རྐྱེན་ཆེ་ཙམ་ཐེབས་ཀྱི་ཡོད་པས་འགྲིམ་འགྲུལ་བདེ་འཇགས་ལས་དོན་ལ་ཤུགས་སྣོན་རྒྱག་དགོས། དེ་དང་ཆབས་ཅིག་ཁ་བ་བབས་རྗེས་དྲོད་ཚད་ཆག་ཚད་མངོན་གསལ་དོད་དུ་འགྲོ་བས་ནུས་རྒྱུ་མཁོ་སྤྲོད་འགན་ལེན་གྱི་ལས་དོན་དང་དེ་བཞིན་གྲོང་ཁྱེར་གྱི་མདོང་ལམ་སྒྲིག་བཀོད་ལ་འགོག་སྲུང་བྱ་ཐབས་ཡག་པོ་བསྒྲུབ་དགོས་པ་དང་། མཐོ་གྲང་འབྲོག་ཁུལ་དུ་ཕྱུགས་རིགས་གྲང་འགོག་དྲོད་སྲུང་གི་ལས་དོན་ཡག་པོ་བསྒྲུབ་དགོས་པའི་གྲོས་འགོ་བཏོན་པ་རེད།(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社