(པར་ངོས་དང་པོར་མཐུད)སྔར་བས་ཚད་ལྡན་ངང་རྫོང་རིམ་པའི་གྲོང་གསེབ་དར་རྒྱས་གཏོང་བའི་ཆ་འཕྲིན་མ་ལག་གི་དོ་དམ་མི་སྣར་ཞབས་ཞུ་དང་།ཕྱོགས་ཡོངས་ནས་མཛུབ་ཁྲིད།ཁྱབ་ཁོངས་ཧྲིལ་པོར་ཁྱབ་པ་བཅས་ཀྱི་རྨང་གཞིའི་ཐོག་ཡོངས་ཁྱབ་གསོ་སྦྱོང་དང་ཆེད་དོན་གསོ་སྦྱོང་ཟུང་འབྲེལ་གྱི་བྱ་ཐབས་སྤྱད་དེ་གྲོང་ཚོ(གྲོང་ལྷན)དར་རྒྱས་ཀྱི་ལས་བྱེད་པའི་གསོ་སྦྱོང་ཁྱབ་ཚད་བརྒྱ་ཆ་100ཟིན་པ་དང་།དབུལ་པོར་བསྐྱར་ལོག་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་གྱི་རོགས་སྐྱོར་སྲིད་ཇུས་ཀྱི་ཆུ་ཚད་སྔར་བས་བརྟན་དུ་ཕྱིན་པ་དང་།ལས་སྒོའི་ནུས་པ་སྔར་བས་ཆེ་རུ་ཕྱིན་པ།བཀོལ་སྤྱོད་བྱེད་སྟངས་སྔར་བས་ཚད་ལྡན་དུ་ཕྱིན་ཡོད།
གྲངས་གཞི་དང་དབྱེ་འབྱེད་ཟུང་འབྲེལ་བྱས་ནས་མངོན་གསལ་དོད་པོས་གནས་དང་ཁྱོན་ཟུང་འབྲེལ་དང་ཕན་འབྲས་ཐོན་རྒྱུར་དམ་འཛིན་བྱས་པ།
སྔ་ཙམ་ནས་ཤེས་རྟོགས་དང་།སྔ་ཙམ་ནས་ཉེན་ཟོན་ཉེན་བརྡ་གཏོང་བ།སྔ་ཙམ་ནས་རོགས་སྐྱོར་བྱེད་པའི་དམིགས་ཚད་མངོན་འགྱུར་བྱ་ཆེད།སྟོད་ལུང་བདེ་ཆེན་ཆུས་ཀྱིས་དྲ་ཐོག་ནས་ཟུར་བཤེར་དང་དྲ་ཕྱི་ནས་ཡོངས་ཁྱབ་ཞིབ་བཤེར་ཟུང་དུ་འབྲེལ་བའི་ཞིབ་དཔྱད་དབྱེ་འབྱེད་བྱེད་སྟངས་སྔར་བས་བརྟན་དུ་བཏང་ཡོད།གྲོང་རྡལ(ཁྲོམ་གཞུང)གྱི་འགོ་ཁྲིད་གཙོ་བོ་དང་།གྲོང་གསེབ་དར་རྒྱས་གཏོང་བའི་ལས་བྱེད་པ།གྲོང་ཚོའི་ཨུ་ལྷན་གཉིས་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་བཅས་ལས་གྲུབ་པའི་དྲ་མིག་ཅན་གྱི་དྲ་ཕྱིའི་ཞིབ་དཔྱད་རུ་ཁག་གིས《སྟོད་ལུང་བདེ་ཆེན་ཆུས་ཀྱི་དབུལ་པོར་བསྐྱར་ལོག་གི་སྔོན་འགོག་ཉེན་ཟོན་ལམ་སྲོལ་ལས་དོན་གྱི་ལག་བསྟར་བྱ་ཐབས》ཐོག་གསལ་སྟོན་བྱས་པའི་དབྱེ་འབྱེད་གོ་རིམ་དང་ཞིབ་བསྡུར་བྱས་ཏེ།གྲོང་ཚོ་གཅིག་ཀྱང་མི་ལུས་པ་དང་།དུད་ཚང་གཅིག་ཀྱང་མི་ལུས་པ།མི་གཅིག་ཀྱང་མི་ལུས་པའི་བླང་བྱ་ལྟར་དུས་རྒྱུན་ལྡན་ནས་དུད་ཚང་དུ་བསྐྱོད་དེ་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་དང་། འགན་ལེན་གསུམ།འཐུང་ཆུའི་བདེ་འཇགས་བཅས་ཀྱི་གནས་ཚུལ་ལ་ཞིབ་བསྡུར་བྱས་ཡོད།2023ལོར་གཞི་ཁྱོན་ཆེ་བའི་མཐིལ་རྟོགས་གྲལ་བཤེར་ཐེངས་གཉིས་བྱས་པར་ཁྱོན་དུད་ཚང་22383དང་མི་ཐེངས་72738ཟིན་པ་དང་། རྒྱལ་ཡོངས་ཀྱི་དབུལ་པོར་བསྐྱར་ལོག་གི་སྔོན་འགོག་ལྟ་ཞིབ་ཚད་ལེན་དང་གྲོང་གསེབ་དར་རྒྱས་གཏོང་བའི་ཆ་འཕྲིན་མ་ལག་སྤྱད་དེ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་7000མན་གྱི་མང་ཚོགས་ལ་ཁྱོན་ཡོངས་ནས་གྲལ་བཤེར་བྱས་པ་དང་འབྲེལ་གཙོ་གནད་མི་ཚོགས་ལ་དུད་ཚང་དུ་བསྐྱོད་ནས་ཞིབ་བཤེར་ཐེངས་གཉིས་བྱས་པ་རེད།རིམ་ཁག་གིས་ཞིབ་བཤེར་ཐེངས་མང་བྱས་པ་བརྒྱུད་དབུལ་པོར་བསྐྱར་ལོག་སྔོན་འགོག་དང་ལྟ་ཞིབ་ཚད་ལེན་དང་།རོགས་སྐྱོར།བྱེ་འབྱེད་བཅས་ཀྱི་ལས་དོན་ཚད་ལྡན་དང་།ནུས་ཆེ།ཁྱོན་ཡོངས་བཅས་བྱུང་ཡོད།
གྲངས་གཞི་དང་ལྟ་ཞིབ་ཚད་ལེན་ཟུང་འབྲེལ་བྱས་ནས་མངོན་གསལ་དོད་པོས་གནད་དོན་བཅོས་སྒྲིག་དང་ཚད་ལྡན་ཡོང་བར་དམ་འཛིན་བྱས་པ།
རྨང་གཞིའི་གྲངས་གཞི་འཕྱུགས་མེད་དང་།གཏན་ཚིགས་ཀྱི་འབྲེལ་བ་དམ་ཟབ།དྲ་ཐོག་དང་དྲ་ཕྱི་གཅིག་གྱུར་བཅས་ཡོང་བ་དང་།ཆ་འཕྲིན་མ་ལག་གིས་དབུལ་པོར་བསྐྱར་ལོག་སྔོན་འགོག་བྱེད་པའི་ལྟ་ཞིབ་ཚད་ལེན་ལས་དོན་ལ་འདེགས་སྐྱོར་ཐུབ་ཆེད།སྟོད་ལུང་བདེ་ཆེན་ཆུས་ཀྱི་ཆ་འཕྲིན་མ་ལག་གཙང་སེལ་ལས་དོན་དེ་ཕྱི་རོལ་ཡུལ་གྱི་ཆོས་ཉིད་དང་རང་སྟོབས་ཟུང་དུ་འབྲེལ་བའི་གཙང་བཤེར་བྱེད་སྟངས་ཤིག་ཆགས་ཡོད།རྒྱལ་ཁབ་ཆ་འཕྲིན་མ་ལག་ནས་བླངས་པའི་གྲངས་གཞིའི་གནད་དོན་གྱི་རྨང་གཞིའི་ཐོག་གྲོང་ཁྱེར་རིམ་པས་བཏོན་པའི་གནད་དོན་དང་ཟུང་འབྲེལ་བྱས་ནས་དུས་ངེས་མེད་དུ་རང་གིས་བཏོན་པའི་གནད་དོན་དེ་ལྟ་སྡོམ་ཞིབ་བཤེར་རིམ་པ་དང་གདམ་གསེས་གནད་དོན་གྱི་གྲངས་གཞི་ལྟར་ཤང་དང་དུད་ཚང་རེ་རེའི་གནད་དོན་གྱི་གྲངས་གཞིར་ཞིབ་བསྡུར་བྱས་པ་དང་།2023ལོ་ནས་བཟུང་ཚོགས་འདུ་དང་།སྐད་འཕྲིན།ཁ་པར་སོགས་ཀྱི་བྱ་ཐབས་སྤྱད་དེ་ཁྱོན་གནད་དོན་དག་ཐེར་དང་མཛུབ་ཁྲིད་ཐེངས་20ལྷག་ཙམ་བྱས་པ་མ་ཟད།རང་བཤེར་གཙང་སེལ་ལས་དོན་ཐེངས་10ལྷག་ཙམ་སྤེལ་བས།མིག་སྔར་ཆ་འཕྲིན་མ་ལག་གི་གྲངས་གཞིས་དོན་དངོས་ལས་དོན་ལ་གཞི་འཛིན་ས་རྦད་དེ་མཁོ་འདོན་བྱེད་ཐུབ་ཀྱི་ཡོད།
གྲངས་གཞི་དང་རོགས་སྐྱོར་ཟུང་འབྲེལ་བྱས་ཏེ་མངོན་གསལ་དོད་པོས་དམངས་འཚོ་ལེགས་གཏོང་དང་ཞབས་ཞུར་དམ་འཛིན་བྱས་པ།
ལྟེ་བ་གནད་ལ་འཁེལ་བ་དང་།འགག་རྩ་ནི་དོན་འཁྱོལ་ལ་རག་ལུས་པ།སྤུས་ཚད་མཐོ་པོ་ཡོང་བར་བྱེད་པ།རྒྱུན་མཐུད་འགན་ལེན་བྱེད་པ་བཅས་ཀྱི་བླང་བྱ་གཞིར་བཟུང་།ཡུལ་བབ་དང་བསྟུན་པ་དང་།རིགས་དབྱེ་ཇུས་འདོན།སྤྱི་འདོམས་མཐུན་སྦྱོར།ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བ་བཅས་ཀྱི་རྩ་དོན་དང་ཟུང་འབྲེལ་བྱས་ཏེ་དབུལ་པོར་བསྐྱར་ལོག་གི་སྔོན་འགོག་བྱེད་པའི་ལྟ་ཞིབ་ཚད་ལེན་གྱི་རོགས་སྐྱོར་ལས་དོན་ཁྲོད་ལས་རིགས་སྡེ་ཚན་གྱི་ནུས་པ་འདོན་སྤེལ་བྱ་རྒྱུར་སྣང་ཆེན་བྱས་ནས་གསར་སྤེལ་རྣམ་པའི་རོགས་སྐྱོར་དང་མཐའ་སྐྱོང་རང་བཞིན་གྱི་འགན་ལེན་ཟུང་འབྲེལ་བྱེད་སྟངས་སྤྱད་དེ་ལྟ་ཞིབ་ཚད་ལེན་དུད་ཚང་ལ་བརྒྱུད་རིམ་ཧྲིལ་པོར་རོགས་སྐྱོར་བྱས་ཡོད།དབུལ་པོར་བསྐྱར་ལོག་གི་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་ལས་དོན་དོན་ཐོག་ཏུ་འཁྱོལ་རྒྱུ་འགན་ལེན་བྱ་ཆེད།འགན་འཁྲི་དྲ་མིག་ཅན་དང་།ལྟ་ཞིབ་ཚད་ལེན་རྒྱུན་རྣམ་ཅན།རོགས་སྐྱོར་ཞིབ་ཚགས་ཅན།ལམ་སྲོལ་ཕུགས་ཕན་ཅན་བཅས་ཀྱི་བསམ་ཕྱོགས་ལྟར་དང་།དུད་ཚང་གཅིག་ཤེས་རྟོགས་ཐུབ་ཚེ།དུད་ཚང་དེར་ལྟ་ཞིབ་ཚད་ལེན་དང་།དུད་ཚང་དེར་རོགས་སྐྱོར། དུད་ཚང་དེ་དབུལ་སྒྲོལ་ཐུབ་པའི་་བླང་བྱ་ལྟར་དུད་ཚང་རེར་སྲིད་ཇུས་རེའི་རོགས་སྐྱོར་ལམ་སྲོལ་དོན་འཁྱོལ་བྱས་ཡོད། ངལ་རྩོལ་པ་ཡོད་པ་དང་། ངལ་རྩོལ་པ་ཉུང་བ།ངལ་རྩོལ་པ་མེད་པ་བཅས་ཀྱི་ངལ་རྩོལ་ནུས་ཤུགས་རིགས་གསུམ་གྱི་གནས་ཚུལ་ལ་གཞིགས་ནས་ཐོན་ལས་དང་། ལས་ཞུགས། མཐའ་སྐྱོང་སོགས་ཀྱི་རོགས་སྐྱོར་བྱ་ཐབས་སྣ་ཚོགས་སྤེལ་བ།སྡེ་ཚན་ཁག་གི་མཐུན་སྦྱོར་ནུས་ཤུགས་འོག་སྟོད་ལུང་བདེ་ཆེན་ཆུས་ཀྱི་ཆུས་ཡོངས་ཀྱི་ལྟ་ཞིབ་ཚད་ལེན་བྱེད་པའི་དུད་ཚང་བརྟན་པོའི་ངང་འཕར་བ་དང་།ཉེན་ཁ་གོ་རིམ་ལྡན་པའི་ངང་སེལ་བ།འཚོ་བ་རིམ་བཞིན་ལེགས་སུ་ཕྱིན་ཡོད།
གྲངས་གཞི་དང་ཉེན་ཁ་སེལ་རྒྱུ་ཟུང་འབྲེལ་བྱས་ཏེ་མངོན་གསལ་དོད་པོས་གྲུབ་འབྲས་སྲ་བརྟན་དང་མཐོར་གཏོང་ལ་དམ་འཛིན་བྱས་པ།
དབུལ་པོར་བསྐྱར་ལོག་གི་སྔོན་འགོག་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་རོགས་སྐྱོར་ལས་དོན་ཁྲོད།ཉེན་ཁའི་འདུ་ཤེས་ཀྱིས་དབྱེ་འབྱེད་ཐུབ་པའི་དབུལ་སྒྲོལ་བརྟན་པོ་མེད་པའི་དུད་ཚང་དང་།དབུལ་པོར་འགྱུར་སླ་བའི་དུད་ཚང་། ཐོལ་བྱུང་གི་དཀའ་ངལ་ཚབས་ཆེན་འཕྲད་པའི་དུད་ཚང་བཅས་ཀྱི་ཉེན་ཁ་སེལ་རིང་ཁྱོན་ཡོངས་ནས་མེད་པར་བཟོ་བ་དང་གྱོད་དོན་རེ་སོར་འཇོག་གི་བྱ་ཐབས་སྤྱད་དེ་མང་ཚོགས་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས་བསྐྱར་ལོག་གི་ཉེན་ཁ་སྔོན་དཔག་བྱས་པ།ཉེན་ཁ་སེལ་བའི་ལྷུ་ཚིགས་ནང་མང་ཚོགས་ཀྱི་འགན་ལེན་གསུམ་དང་། འཐུང་ཆུའི་བདེ་འཇགས།མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སོགས་དམིགས་ཚད་གཙོ་བོ་ཚད་ལོན་རྗེས་ལྟ་ཞིབ་ཚད་ལེན་བྱེད་མཁན་དུད་ཚང་ལ་དུས་ཚིགས་རེར་ཞིབ་འཇུག་བརྡར་གཅོད་དང་ལོ་མཇུག་གི་དཔྱད་ཞིབ་ཆེན་མོ་ལག་ལེན་བསྟར་ནས་ལྟ་ཞིབ་ཚད་ལེན་བྱེད་མཁན་དུད་ཚང་གི་ཡོང་འབབ་ཚད་གཞིར་སླེབས་པར་མ་ཟད།བསྐྱར་ལོག་གི་ཉེན་ཁ་སེལ་རྒྱུ་འགན་ལེན་བྱེད་པའི་གནས་ཚུལ་འོག་བསྒྲུབ་རྒྱུར་ཁས་ལེན་དང་། དུད་ཚང་དུ་བསྐྱོད་ནས་ཞིབ་བཤེར། གྲོང་ཚོ་རིམ་པའི་དཔྱད་མོལ།གྲོང་རྡལ་རིམ་པའི་ཞིབ་བཤེར།རྫོང་རིམ་པའི་ཞིབ་བཤེར་ཆོག་མཆན་བཅས་ཀྱི་གོ་རིམ་ལྟར་ཉེན་ཁ་བརྟན་པོའི་ངང་བསལ་ཡོད།2023ལོར་སྟོད་ལུང་བདེ་ཆེན་ཆུས་ཀྱིས་དུད་ཚང་129ཡི་མི་432ལ་དབྱེ་འབྱེད་ཚད་ལེན་བྱས་པ་དང་དམིགས་བསལ་ཚོགས་སྤྱི་ཕུད། མིག་སྔར་ལྟ་ཞིབ་ཚད་ལེན་བྱས་པའི་དུད་ཚང་100ཡི་མི་3400ཡི་ཉེན་ཁ་བསལ་ནས་དབུར་པོར་བསྐྱར་ལོག་གི་ལྟ་ཞིབ་ཚད་ལེན་བྱེད་པའི་རོགས་སྐྱོར་ལས་དོན་ཐད་མི་རེའི་ཆ་སྙོམས་འཕར་ཚད་བརྟན་པོ་དང་།མི་སྣའི་འགྱུར་ལོག་བརྟན་པོ། ཕྱུག་འགྱུར་ཡོང་ཁུངས་བརྟན་པོ་བཅས་བྱུང་སྟེ་གཞི་ཁྱོན་ལྡན་པའི་དབུལ་པོར་བསྐྱར་ལོག་མི་ཐོན་པར་བྱས་ཡོད།
(བུ་ཆུང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社