分享按钮

སྟག་རྩེ་ཆུས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོཊ་ཀྱིས་སྒོ་རྩར་བསྐྱོད་ནས་ལག་ཁྱེར་གཉེར་རྒྱུའི་ཞིབ་དཔྱད་གཏན་འཁེལ་ལས་དོན་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཉེ་ཆར། སྟག་རྩེ་ཆུས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྒོ་རྩར་བསྐྱོད་ནས་ལག་ཁྱེར་གཉེར་རྒྱུའི་ཞིབ་དཔྱད་གཏན་འཁེལ་ལས་དོན་སྤེལ་ཏེ་དབང་པོ་སྐྱོན་ཅན་ལ་སེམས་ཁུར་དང་གཅེས་སྐྱོང་བྱེད་པའི་ལས་དོན་དོན་ཐོག་ཏུ་འཁྱོལ་བར་བྱས་པ་རེད།

ཉིན་དེར།སྟག་རྩེ་ཆུས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཚབས་ཆེ་བའི་དབང་པོ་སྐྱོན་ཅན་གྱི་ལག་ཁྱེར་གཉེར་དཀའ་བའི་གནད་དོན་ཐག་གཅོད་བྱ་རྒྱུར་དམིགས་ཏེ་ལྷ་ས་ཧུའེ་ཀེ་མིན་ཁང་སྨྱོ་ནད་སྨན་ཁང་དང་མཉམ་འབྲེལ་བྱས་ནས་སྒོ་རྩར་བསྐྱོད་དེ་ལག་ཁྱེར་གཉེར་རྒྱུའི་ཞིབ་དཔྱད་གཏན་འཁེལ་ལས་དོན་སྤེལ་བ་རེད།དབང་པོ་སྐྱོན་ཅན་ལ་དཔྱད་བསྡུར་བྱེད་མཁན་རིགས་གཅིག་མཁས་ཅན་གྱིས་ཡུལ་དངོས་སུ་དབང་པོ་སྐྱོན་ཅན་གྱི་ནད་ཐོའི་དཔྱད་ཡིག་ལ་ལྟ་ཞིབ་དང་།ནད་རྒྱུས་དང་དབང་པོ་སྐྱོན་ཅན་དུ་གྱུར་པའི་རྒྱུ་རྐྱེན་འདྲི་རྩད་བྱས་ཏེ་དབང་པོ་སྐྱོན་ཅན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་དབང་པོ་སྐྱོན་ཅན་གྱི་ཞིབ་དཔྱད་གཏན་འཁེལ་བྱས་པ་དང་འབྲེལ་ཆེད་ལས་ཀྱི་ལུས་གསོའི་གྲོས་འགོ་དང་མཛུབ་ཁྲིད་ཀྱང་བྱས་ཡོད། ཞིབ་དཔྱད་གཏན་འཁེལ་བྱེད་པའི་བརྒྱུད་རིམ་ནང་སྟག་རྩེ་ཆུས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་མི་སྣས་ད་དུང་དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང་ལ་ཐོ་འགོད་ཞིབ་ཕྲ་བྱས་ནས་ཁོང་ཚོའི་འཚོ་བའི་གནས་ཚུལ་དང་སྨན་བཅོས་འགན་ལེན་སོགས་ཀྱི་གནས་ཚུལ་འདྲི་རྩད་བྱས་པར་མ་ཟད། དབང་པོ་སྐྱོན་ཅན་དང་དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང་གི་རེ་ཞུ་ཐོ་འགོད་ནན་ཏན་བྱས་ཏེ་དེ་བས་གནད་སྨིན་གྱི་རྗེས་མཐུད་ཞབས་ཞུ་བསྒྲུབ་རྒྱུར་སྟབས་བདེ་བསྐྲུན་ཡོད་པ་རེད།

ད་ཐེངས་ཀྱི་སྒོ་རྩར་ཞབས་འདེགས་ཞུ་བར་བསྐྱོད་པ་བརྒྱུད།དབང་པོ་སྐྱོན་ཅན་དང་ཁོང་ཚོའི་ནང་མི་ཕར་འགྲོ་ཚུར་འོང་བྱེད་པའི་དཀའ་ངལ་ཆུང་དུ་ནུས་ལྡན་ཕྱིན་ནས་དབང་པོ་སྐྱོན་ཅན་མང་ཚོགས་ལ་བྱ་བ་དངོས་དང་བྱ་བ་བཟང་པོ་བསྒྲུབས་པར་གདེང་འཇོག་བཟང་པོ་མཐའ་གཅིག་ཏུ་ཐོབ་ཡོད་པ་རེད།

སླད་ཕྱིན།སྟག་རྩེ་ཆུས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་དུས་སྐབས་གསར་པའི་དབང་པོ་སྐྱོན་ཅན་གྱི་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་བཏང་ནས་དབང་པོ་སྐྱོན་ཅན་མང་ཚོགས་ཀྱི་འཕྲལ་མཁོ་དང་།དཀའ་ངལ།སེམས་ཁྲལ།རེ་སྒུག་བཅས་བྱེད་པའི་གནད་དོན་ལ་དམིགས་ཏེ་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་བྱ་ཐབས་མུ་མཐུད་དོན་འཁྱོལ་ཧུར་ཐག་བྱས་ནས་གཅེས་སེམས་དང་།ངང་རྒྱུད་རིང་པོ།ཞིབ་ཚགས་བཅས་ཀྱི་སྒོ་ནས་དབང་པོ་སྐྱོན་ཅན་མང་ཚོགས་ལ་གཅེས་སྐྱོང་བྱས་ཏེ་སྤྱི་ཚོགས་ཡོངས་ཀྱིས་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་དང་རོགས་རེས།ཞི་མཐུན་བཅས་ཀྱི་དར་སྲོལ་གསར་པ་ཞིག་གཏོད་རྒྱུ་རེད།(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-01-20 6 6 拉萨日报藏文 c174280.html 1 སྟག་རྩེ་ཆུས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོཊ་ཀྱིས་སྒོ་རྩར་བསྐྱོད་ནས་ལག་ཁྱེར་གཉེར་རྒྱུའི་ཞིབ་དཔྱད་གཏན་འཁེལ་ལས་དོན་སྤེལ་བ། /enpproperty-->