ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར་སྟོད་ལུང་བདེ་ཆེན་ཆུས་གྲོང་གསེབ་དར་རྒྱས་ཅུས་ཀྱིས་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ཏེ་ཞིང་འབྲོག་མང་ཚོགས་དང་། སྤྱི་ཕན་རང་བཞིན་གྱི་ལས་གནས་མི་སྣ། དྲ་མིག་ཅན་གྱི་དོ་དམ་མི་སྣ་བཅས་སྐུལ་སློང་རྒྱ་ཁྱབ་བྱས་ཏེ་རྒུ་རུམ་གྲོང་རྡལ་དགའ་གྲོང་གྲོང་ཚོར་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་ཁྱོན་ཡོངས་ནས་བྱས་པ་མ་ཟད། ཞིང་འབྲོག་མང་ཚོགས་ཀྱི་ཉམས་འགྱུར་དང་བྱ་སྤྱོད་གསར་པ་སྤེལ་ཤུགས་ཆེ་རུ་བཏང་ནས་གྲོང་ཚོའི་ནང་གི་འགྲོ་ལམ་དང་། ཆུ་ལམ། སྡོད་ཁང་གི་རྒྱབ་མདུན་དང་དེ་བཞིན་རྩྭ་སྙིགས་གང་བྱུང་དུ་འཇོག་པ་དང་། གད་སྙིགས་གང་བྱུང་དུ་འཇོག་པ་སོགས་ལ་ལེབ་བཤེར་རྣམ་པའི་གཙང་སྦྲ་བྱས་ནས་གྲོང་ཚོའི་རྣམ་པ་དངོས་གནས་ཇེ་ལེགས་སུ་གཏོང་བ་དང་། གཙང་ཞིང་གོ་རིམ་ལྡན་པ། བདེ་ཐང་དང་གནས་སྡོད་ལ་འཚམ་པའི་འཚོ་བའི་ཁོར་ཡུག་བསྐྲུན་ཡོད།
རྒུ་རུམ་གྲོང་རྡལ་དགའ་གྲོང་གྲོང་ཚོའི་ཡུལ་མི་ནོར་བུ་ཡིས་འཕྲོད་བསྟེན་བཅོས་སྒྲིག་ཆེན་པོ་བྱས་རྗེས། ཁང་པའི་རྒྱབ་མདུན་གཙང་དུ་ཕྱིན་པས་སྒོ་ཕྱིར་དོན་སྐབས་ཀྱང་སྣང་བ་སྐྱིད་པོ་ཞིག་འདུག ངས་སླད་ཕྱིན་རང་འགུལ་ངང་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་གི་བྱ་སྤྱོད་ནང་ཞུགས་རྒྱུ་མ་ཟད། མིའི་འཚོ་སྡོད་ཁོར་ཡུག་ལེགས་སུ་གཏོང་བའི་ནང་ཞུགས་མཁན་གཙོ་བོ་ཞིག་ཏུ་གྱུར་བ་བྱ་རྒྱུ་ཡིན་ཞེས་བཤད།
སྟོད་ལུང་བདེ་ཆེན་ཆུས་གྲོང་གསེབ་དར་རྒྱས་ཅུས་ཀྱི་ཅུས་ཀྲང་ཝང་ཡ་ཅོན་གྱིས་སླད་ཕྱིན་ང་ཚོས་ལས་ཀའི་བྱེད་ཐབས་ཟམ་མི་ཆད་པར་ལེགས་སུ་བཏང་ནས་གྲོང་གསེབ་དར་རྒྱས་དང་གྲོང་གསེབ་ཀྱི་མིའི་འཚོ་སྡོད་ཁོར་ཡུག་ལེགས་གཏོང་གི་ལས་དོན་དེ་མང་ཚོགས་ཀྱི་དོ་ཁུར་ལ་ལན་སློག་པ་དང་། འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བ། དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་བ་བཅས་ཀྱི་གཙོ་གནད་ལས་དོན་ལ་བརྩིས་ནས་ཞིང་འབྲོག་མང་ཚོགས་ཀྱི་ཉམས་འགྱུར་གསར་པ་གཏོད་པའི་བྱ་སྤྱོད་ལ་མུ་མཐུད་སྐུལ་འདེད་བཏང་སྟེ་གཙང་ལ་སྐྱིད་སྣང་དོད་པ་དང་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་ཡུལ་ཞིག་ཧུར་ཐག་གཏོད་རྒྱུ་ཡིན་ཞེས་བཤད།
(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社